དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • ཝང་ཅུན་ཀྲེང་གིས་དུས་རབས་གསར་པའི་བོད་ཀྱི་གཞུང་དོན་ཐིང(ཁང)གི་ལས་དོན་ལ་མཆན་བཀོད་མཛུབ་སྟོན་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-18

    དུས་རབས་གསར་པའི“ཞབས་འདེགས་གསུམ”གྱི་ལས་དོན་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་དུས་རབས་གསར་པའི་བོད་ཀྱི་གཞུང་དོན་ཐིང(ཁང)གི་ལས་དོན་ལ་མཆན་བཀོད་མཛུབ་སྟོན་གནང་བ་རེད།

    ཝང་ཅུན་ཀྲེང་གིས་བསྟན་དོན། གཞུང་དོན་ཐིང(ཁང)གི་ལས་དོན་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན་པ་དང་གཞུང་དོན་ཐིང(ཁང)གི་ནུས་པ་འདོན་སྤེལ་བྱེད་རྒྱུ་དེ་ཏང་ཨུད་དང་སྲིད་གཞུང་གི་སྲིད་སྐྱོང་ནུས་པའི་ཆུ་ཚད་དང་སྤྱི་ཡོངས་ཀྱི་གཟུགས་བརྙན་དང་འབྲེལ་བ་ཡོད། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གཞུང་དོན་ཐིང(ཁང)གིས་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ལྟེ་བར་དམིགས་པ་དང་། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ། ལས་དོན་ཧུར་ཐག་སྒྲུབ་པ་བཅས་བྱས་པས་ཆབ་སྲིད་ཀྱི་ཚུགས་གནས་ཟམ་མི་ཆད་པར་མཐོ་རུ་ཕྱིན་པ་དང་། སྤྱི་ཡོངས་ཀྱི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་པ། ལས་ཀའི་འཇོན་ཐང་ཟམ་མི་ཆད་པར་ཆེ་རུ་ཕྱིན་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། དུས་བབ་གསར་པ་དང་ལས་འགན་གསར་པར་དམིགས་ནས་གཞུང་དོན་ཐིང(ཁང)གིས་ལས་ཀའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་སྔར་བས་ཆེ་རུ་གཏོང་དགོས་ཤིང་། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ལས་ཀའི་སྤྱི་ཡོངས་ལ་གཅིག་འདོམས་མཐའ་འཁྱོངས་དང་། ལྷག་བསམ་རྣམ་པར་དག་པའི་ཆབ་སྲིད་ཀྱི་གཤིས་སྤྱོད་མཐའ་འཁྱོངས། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས། གཞུང་དོན་ཐིང་གི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ། རྒྱལ་ཡོངས་ཀྱི་ཏང་ཨུད་དང་སྲིད་གཞུང་གི་དྲུང་ཆེའི་ཚོགས་འདུའི་བཀོད་སྒྲིག་བླང་བྱ་ལྟར་དུས་རབས་གསར་པའི“ཞབས་འདེགས་གསུམ”གྱི་ལས་དོན་གྱི་ཁ་ཕྱོགས་ཡང་དག་སྟངས་འཛིན་བྱས་ནས། རིམ་ཁག་ཏང་སྲིད་ལས་ཁུངས་ཁྲོད་མདུན་གྲལ་དུ་སྐྱོད་པ་དང་མིག་དཔེ་སྟོན་དགོས། ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་དང་། སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། ལས་ཀའི་འཇོན་ཐང་ཆེ་རུ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་སྣོན་རྒྱག་པ་བཅས་བྱས་ནས། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གངས་ལྗོངས་ས་མཐོར་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། ཆབ་སྲིད་ཀྱི་ནུས་པ་ཆེ་རུ་བཏང་ནས་ཧ་ཅང་འགན་འཁུར་བའི་ལས་ཀའི་སྤྱོད་ཚུལ་དང་གནོང་འགྱོད་མེད་པར་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་མཐའ་འཁྱོངས་དང་། རང་འགན་ནན་སྒྲུབ་དང་བྱས་རྗེས་འཇོག་པ། རང་འགུལ་ངང་གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག ཚན་རིག་དང་མཐུན་ལ་ཕན་འབྲས་ལྡན་པའི་ལས་ཀའི་ལམ་སྲོལ་འཚོལ་ཞིབ་དང་འཐུས་སྒོ་ཚང་དུ་ཧུར་ཐག་གཏོང་བ། ལས་ཀའི་ལམ་ལུགས་དང་སྒྲིག་ཁྲིམས་ཁག་ལག་བསྟར་ནན་པོ། ལས་ཕྱོད་ཆེ་རུ་གཏོང་བ་བཅས་བྱས་ནས། གཞུང་དོན་ཐིང(ཁང)གི་འགན་ནུས་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱེད་དགོས། ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་བྱས་ཏེ“མཐུན་སྒྲིལ་དང་། ཛ་དྲག གཟབ་ནན། འཁྲུག་པོ”བཅས་ཀྱི་ལས་ཀའི་རྣམ་པ་བཟང་པོ་ཧུར་ཐག་བཏོད་དེ། དོ་དམ་ནན་པོ་དང་བརྩེ་སེམས་ཟབ་མོ་ཟུང་དུ་འབྲེལ་བ་དང་འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱས་ཏེ། ཆབ་སྲིད་བརྟན་པོ་དང་། ལས་སྒོ་བྱང་ཆུབ་པ། སྤྱོད་ཚུལ་བཟང་བ། སྤྱོད་གཙང་གཞུང་དྲང་བཅས་ཀྱི་བྱང་ཚད་ལེགས་པའི་གཞུང་དོན་ཐིང(ཁང)གི་ལས་བྱེད་པའི་དཔུང་ཁག་ཅིག་ཧུར་ཐག་བཏོད་ནས། ཏང་ཨུད་ཐུགས་བློ་བདེ་པོ་ཡོང་བ་དང་མི་དམངས་བློ་ཡིད་ཚིམ་པའི་དཔེ་བཟང་ལས་ཁུངས་ཤིག་འཛུགས་གཏོད་ཧུར་ཐག་བྱས་ཏེ་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་པར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།

    ཚེས་15ཉིན་ལྗོངས་ཡོངས་ཀྱི་ཏང་ཨུད་དང་སྲིད་གཞུང་གཞུང་དོན་ཐིང(ཁང)གི་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲུང་ཆེ་ཟླ་བ་ཚེ་རིང་གིས་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་མཆན་བཀོད་མཛུབ་སྟོན་བརྒྱུད་བསྒྲགས་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དྲུང་ཆེ་ཝང་ཀང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། དུས་རབས་གསར་པའི་གཞུང་དོན་ཐིང་གི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། རྒྱལ་ཡོངས་ཀྱི་ཏང་ཨུད་དང་སྲིད་གཞུང་གི་དྲུང་ཆེའི་ཚོགས་འདུའི་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ཧྲུའུ་ཅི་ཝང་ཅུན་ཀྲེང་གི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ནས“སྲུང་སྐྱོང་གཉིས”ཆེས་མཐོའི་ཆབ་སྲིད་ཀྱི་རྩ་དོན་དང་རྩ་བའི་ཆབ་སྲིད་ཀྱི་སྒྲིག་ལམ་ལ་བརྩིས་ཏེ། ཏང་ལ་ལྷག་བསམ་རྣམ་དག་བྱེད་པའི་ཆབ་སྲིད་ཀྱི་རང་མདངས་ཐོག་མཐའ་བར་གསུམ་དུ་བསྲུངས་ནས“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་རྒྱུར་མིག་དཔེ་བཟང་པོ་སྟོན་དགོས། དུས་རབས་གསར་པའི“ཞབས་འདེགས་གསུམ”གྱི་ལས་དོན་གྱི་ཁ་ཕྱོགས་ཡང་དག་སྟངས་འཛིན་འཕྱུགས་མེད་བྱས་ནས“མྱུར་བ་དང་། བརྟན་པོ། ནན་པོ། གནད་འཁེལ། ཞིབ་ཕྲ ཏན་ཏིག”བཅས་ཀྱི་སྤྱིའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་གཞི་རྩའི་འགན་ནུས་འདོན་སྤེལ་ཡག་པོ་བྱས་ནས་ཕྱོགས་བསྡུས་མཐུན་སྦྱོར་དང་སྤྱི་འདོམས་བཀོད་གཏོང་ལ་ཤུགས་སྣོན་བརྒྱབ་སྟེ། ཁྱབ་ཁོངས་ཁག་དང་རིམ་པ་ཁག་ཏུ“འཛུགས་གཏོད་བཞིའི”གཙོ་གནད་ལས་འགན་དོན་འཁྱོལ་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མངོན་གསལ་དོད་པོ་ཡོང་བར་བྱས་ནས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། རྒྱུན་ཆད་མེད་པར་གནས་ཚུལ་གསར་པར་ཞིབ་འཇུག་དང་། གནད་དོན་གསར་པ་ཐག་གཅོད། ལམ་སྲོལ་གསར་པ་འཛུགས་པ་བཅས་བྱེད་པ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་འགན་འཁྲི་འཁུར་བའི་སྙིང་སྟོབས་དང་། སྤྱོད་ཚུལ་བརྟན་པོ། འཐབ་རྩོད་ཀྱི་འདུ་ཤེས་བཅས་ལ་བརྟེན་ནས་གཞུང་དོན་ཐིང(ཁང)གི“ཞབས་འདེགས་གསུམ”གྱི་སྤུས་ཚད་ལེགས་གཏོང་དང་ཕན་འབྲས་ཆེར་གཏོང་ལ་སྐུལ་འདེད་གཏོང་བར་ཁྲིད་སྟོན་བྱེད་དགོས། “རྒྱུན་འཁྱོངས་ལྔ”ལག་བསྟར་ལ་མིག་དཔེ་སྟོན་པ་དང་། “དཔེ་བཟང་ལས་ཁུངས་དྲུག”བསྐྲུན་པར་རྒྱུན་མཐུད་སྐུལ་འདེད་གཏོང་བ། ཚད་གཞི་དེ་བས་མཐོ་བ་དང་། བླང་བྱ་དེ་བས་ནན་པ། བྱེད་ཐབས་དེ་བས་ཏན་ཏིག་བཅས་ཀྱི་སྒོ་ནས་གཞུང་དོན་ཐིང(ཁང)གི་རང་ངོས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། རིམ་ཁག་ཏང་སྲིད་ལས་ཁུངས་ཁྲོད་མདུན་གྲལ་དུ་སྐྱོད་པ་དང“གདོང་དམག”ཡག་པོ་བཅས་བྱས་ནས། ཏང་ཐུགས་བློ་བདེ་པོ་དང་མི་དམངས་བློ་ཡིད་ཚིམ་པའི་དཔེ་བཟང་ལས་ཁུངས་འཛུགས་སྐྱོང་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།