དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རེན་ཝེ་ཡིས་རང་སྐྱོང་ལྗོངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-17

    ཚེས་14ཉིན་གྱི་ཕྱི་དྲོར་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝེ་ཡིས་རང་སྐྱོང་ལྗོངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག《བོད་རང་སྐྱོང་ལྗོངས་ཀྱི་མེ་ཟོན་སྒྲིག་བཀོད་དོ་དམ་བྱ་ཐབས》ལ་ཞིབ་འཇུག་དང་གྲོས་ཞིབ་བྱས་པ་མ་ཟད། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་ཀྱང་བྱས་པ་རེད།

    རེན་ཝེ་ཡིས། ས་གནས་ཁག་དང་སྡེ་ཚན་ཁག་གིས་མེ་ཟོན་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ནས་མེ་ཟོན་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་བསྒྲུབས་ཏེ་སྤྱི་པའི་བདེ་འཇགས་དོ་དམ་བྱེད་སྟངས་དེ་སྔོན་ཚུད་ནས་སྔོན་འགོག་ཕྱོགས་སུ་བསྒྱུར་རྒྱུར་སྐུལ་འདེད་གཏོང་དགོས། ཉེན་ཁ་ཆེ་བའི་བྱེད་སྒོ་སྤེལ་ཡུལ་དང“ཆུང་གྲས་དགུའི”བྱེད་སྒོ་སྤེལ་ཡུལ་སོགས་ལྷུ་ཚིགས་ཞན་པའི་མེ་ཟོན་སྒྲིག་བཀོད་སྲུང་སྐྱོང་དང་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ལོ་རྒྱུས་ཀྱི་ཞན་ཆ་བསལ་ཏེ་མེ་ཟོན་སྒྲིག་བཀོད་དེ་དག་ཚད་གཞི་དང་མཐུན་པའི་ཞབས་ཞུའི་རྣམ་པར་གནས་པའི་འགན་ལེན་བྱེད་པ་དང་དུས་དང་རྣམ་པ་ཀུན་ཏུ་མེ་ཟོན་གྱི་ནུས་པ་རྒྱུན་འཁྱོངས་བྱེད་དགོས། མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་བྱ་ཐབས་སྤྱད་དེ་མེ་ཟོན་ཁྲིམས་སྐྱོང་དྲིལ་བསྒྲགས་དང་། ཚན་རིག་ཁྱབ་གདལ་དྲིལ་བསྒྲགས། ཉེན་ཟོན་སློབ་གསོ་གཏོང་བ་བཅས་རྒྱ་ཁྱབ་ངང་སྤེལ་ནས། རྒྱ་ཆེའི་མང་ཚོགས་ལ《མེ་ཟོན་སྒྲིག་བཀོད་དོ་དམ་བྱ་ཐབས》ཁྱོན་ཡོངས་ནས་ཤེས་རྟོགས་དང་རང་རྟོགས་ངང་བརྩི་སྲུང་ཞུ་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ཏེ་སྤྱི་ཚོགས་ཡོངས་ཀྱིས་མེ་ཟོན་ལ་དོ་ཁུར་དང་། མེ་ཟོན་ལ་སློབ་སྦྱོང་། མེ་ཟོན་ལ་ཞུགས་པ་བཅས་བྱེད་པར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།