དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ལིའུ་ཅང་གིས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ལྕགས་རོང་སྡེ་ཁུལ་དུ་རྗེས་ལུས་ཏང་ཀྲི་པུའི་དག་ཐེར་ལས་དོན་ལ་མཛུབ་ཁྲིད་གནང་བར་ཕེབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-17

    ཚེས་14ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ལྕགས་རོང་སྡེ་ཁུལ་དུ་རྗེས་ལུས་ཏང་ཀྲི་པུའི་དག་ཐེར་ལས་དོན་ལ་མཛུབ་ཁྲིད་གནང་བར་ཕེབས་པ་རེད།

    “ཁྱེད་ཀྱིས་སྡེ་ཁུལ་གྱི་དྲ་མིག་དཔོན་སུ་ཡིན་པ་ཤེས་སམ” “ཁོང་ཚོ་དེ་གར་སླེབས་མྱོང་ངམ”ཞེས་ལྕགས་རོང་སྡེ་ཁུལ་གྱི་ཞིང་ཟོག་ཁྲོམ་རར་ལིའུ་ཅང་གིས་ཁྲོམ་གཞུང་རྒྱུད་ཀྱི་ཚོང་ཁང་ལ་གཟིགས་པར་ཕེབས་པ་དང་ཚོང་དུད་དང་བྱམས་བརྩེའི་བཀའ་མོལ་གནང་གིན་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་གཞི་རིམ་བཅོས་སྐྱོང་ཟབ་ཏུ་གཏོང་བ་ནི་གཞི་རིམ་ཏང་རྩ་འཛུགས་ཀྱི་འགན་འཁྲི་གལ་ཆེན་ཞིག་ཡིན་པས། སྡེ་ཁུལ་གྱི་ལས་དོན་པས་རྟག་ཏུ་གཞི་རིམ་དང་མང་ཚོགས་ཁྲོད་བསྐྱོད་ནས་མང་ཚོགས་དང་རྡོག་རྩ་གཅིག་སྒྲིལ་གྱིས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱིས་ཁྱིམ་གྱི་སྒོ་འགྲམ་ནས་སྤུས་ལེགས་ཀྱི་ཞབས་ཞུ་ལོངས་སྤྱོད་ཐུབ་པར་བྱེད་དགོས་ཞེས་གསུངས་པ་རེད།

    ལྕགས་རོང་སྡེ་ཁུལ་གྱི་ཉེན་རྟོག་ལས་དོན་ཞབས་ཞུ་ཁང་དུ་ལིའུ་ཅང་གིས་ལས་ཀ་བྱེད་བཞིན་པའི་སྡེ་ཁུལ་གྱི་མི་དམངས་ཉེན་རྟོག་པར་བྱམས་བརྩེའི་ངང་གཟིགས་ནས་སྡེ་ཁུལ་དང་སྤྱི་ཚོགས་ཀྱི་བདེ་འཇགས་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས། སྡེ་ཁུལ་གྱི་མི་དམངས་ཉེན་རྟོག་པ་ནི་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྣང་གི་སྲུང་སྐྱོང་བ་ཞིག་ཡིན་པས་སྡེ་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་འོག་དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”ལག་ལེན་གཏིང་ཟབ་བསྟར་ཏེ་ཉེན་དོན་ཐག་གཅོད་དང་གྱོད་སྒྲུབ་དང་། འགལ་ཟླ་སེལ་བ། མང་ཚོགས་ཀྱི་ལས་དོན་སྒྲུབ་པ་བཅས་ཀྱི་འཇོན་ཐང་ཆེ་རུ་ཧུར་ཐག་བཏང་ནས་མི་རིགས་ཁག་གི་མང་ཚོགས་ལ་ཞི་མཐུན་དང་གོ་རིམ་ལྡན་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་གཏོད་དགོས་ཞེས་གསུངས་པ་རེད།

    དེ་རྗེས་ལིའུ་ཅང་གིས་ལྕགས་རོང་སྡེ་ཁུལ་གྱི་ཏང་ཀྲི་པུའུ་དང་བཞུགས་མོལ་གནང་ནས་ཏང་ཀྲི་པུའི་སྙན་ཞུ་གསན་ཏེ། ལྕགས་རོང་སྡེ་ཁུལ་ཏང་ཀྲི་པུའི་དག་ཐེར་ལས་དོན་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས། སྡེ་ཁུལ་གྱི་ཏང་ཀྲི་པུས་ཏང་འཛུགས་སྐྱོང་གི་ལམ་ལུགས་ཁག་འཐུས་སྒོ་ཚང་དུ་གཏོང་བ་དང་། “ཚོགས་འདུ་གསུམ་དང་སློབ་ཚན་གཅིག”གི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ། ཏང་ཡོན་འཕེལ་རྒྱས་སོགས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཏང་ཀྲི་པུའི་ཚད་གཞི་ཅན་དང་ཚད་ལྡན་ཅན་གྱི་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས་པ་དང་། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་སྡེ་ཁུལ་ཏང་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ། བསམ་བློའི་འཁྱེར་སོ་ཡག་པོ་དགོས་པ་དང་། ཞབས་འདེགས་ཡག་པོ་ཞུ་བ་དང་ཆབས་ཅིག་སྡེ་ཁུལ་གྱི་སྤྱི་ཆིངས་ལེགས་སུ་དང་། ཞིབ་ཚགས། དངོས་ཡོད་བཅས་སུ་འགྱུར་བར་བྱས་ནས་མཉམ་སྐྲུན་དང་། མཉམ་བཅོས། མཉམ་སྤྱོད་བཅས་ལ་སྐུལ་འདེད་གཏོང་དགོས་པ། སྤྱོད་ཚུལ་ལེགས་སུ་ཧུར་ཐག་བཏང་སྟེ་རྟག་ཏུ་མང་ཚོགས་སེམས་ལ་འཇོག་པ་དང་། མང་ཚོགས་ཀྱི་ཁྱིམ་དུ་མང་ཙམ་སྐྱོད་པ། “ལས་ཁུངས་ཅན”གྱི་རྣམ་པ་མེད་པར་བཟོ་བ་བཅས་བྱས་ནས་ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་རུས་ལྟ་བུའི་འབྲེལ་བ་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་དགོས་པ། གཅིག་ཤེས་ཀུན་གྲོལ་གྱིས་དག་ཐེར་ལ་དམ་འཛིན་ཡག་པོ་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པའི་འཚོལ་བཤེར་ལས་ཤེས་རྟོགས་བྱུང་བའི་གནད་དོན་དང་ཟུང་འབྲེལ་བྱས་ཏེ། ཕྱོགས་ཡོངས་ནས་དག་ཐེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འགོ་ཡོད་མཇུག་མེད་མི་བྱེད་པ། རྒྱལ་ཁ་ལེན་ཐུབ་ངེས་ཀྱི་དམག་འཐབ་ཡག་པོ་རྒྱག་པ་བཅས་བྱས་ནས་སྔོན་ཐོན་བརྩོན་ལེན་དང་གནས་འཕར་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།