དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>བློ་བཟང་རྒྱལ་མཚན།
  • རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའུ(རྒྱ་ཆེ)ཡི་ཚོགས་འདུ་དང་ཀྲུའུ་རེན་གྱི་ཚོགས་འདུ་ཐེངས་བཅུ་དྲུག་པ་ཚོགས་པ།

    བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་དང་གསུང་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-16

    ཚེས་13ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའུ(རྒྱ་ཆེ)ཡི་ཚོགས་འདུ་དང་ཀྲུའུ་རེན་གྱི་ཚོགས་འདུ་ཐེངས་བཅུ་དྲུག་པ་བརྙན་ལམ་ཚོགས་འདུར་བརྟེན་ནས་འཚོགས་པ་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་དང་གསུང་བཤད་གནང་བ་རེད།

    ཚོགས་འདུར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་འདི་ལོའི་ལས་འགན་ལེགས་སྒྲུབ་དང་ཉེ་དུས་ཀྱི་གཙོ་གནད་ལས་དོན་ལ་སྐུལ་འདེད་བཏང་བའི་སྙན་སེང་གསན་པ་རེད།

    བློ་བཟང་རྒྱལ་མཚན་གྱིས། མིག་སྔའི་ལས་དོན་མཇུག་བསྡུའི་དུས་མཚམས་སུ་སླེབས་ནས་ལས་འགན་ལྕི་ལ་དཀའ་ཚེགས་ཆེན་པོ་ཡོད་པས། མུ་མཐུད་གྲུབ་འབྲས་དར་སྤེལ་དང་། དཔའ་སེམས་མཐའ་འཁྱོངས། ངར་ཤུགས་གཅིག་སྒྲིམ། ཡང་འབད་བསྐྱར་འབད་བཅས་བྱས་ནས་ལས་དོན་ཁག་སྤུས་འབོར་གཉིས་ལྡན་ངང་དུས་ཐོག་ཏུ་ལེགས་འགྲུབ་ཡོང་བའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་གསུངས་དོན། མི་རིང་བའི་གོང་ཁྱབ་བསྒྲགས་བྱས་པའི《དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ལག་ལེན་དང་དེའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས》ཀྱི་རྒྱབ་ཤ་དཀར་པོའི་དེབ་ཁྱབ་བསྒྲགས་བྱས་པ་ལས། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་རྒྱང་ལམ་གསར་པར་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པའི་གསོན་ཉམས་དོད་པའི་རྣམ་པ་གང་ལེགས་མངོན་ཡོད། དུས་རབས་གསར་པའི་བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན་ལས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ནི་རྦད་དེ་ཡང་དག་པ་ཞིག་ཡིན་པ་ར་སྤྲོད་གང་ལེགས་བྱུང་ཡོད། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་རྐང་དུ་བྱས་ཏེ“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”དམིགས་ནས་ཁྲིམས་ལྟར་མི་དམངས་འཐུས་ཚོགས་ཀྱི་འགན་འཁྲི་ལག་བསྟར་བྱས་ཏེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་སྐྱེས་སུ་འབུལ་དགོས།

    བློ་བཟང་རྒྱལ་མཚན་གྱིས་ནན་བཤད་གནང་དོན། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་དང་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་ཤུགས་ཆེ་རུ་བཏང་སྟེ། ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ལ་མུ་མཐུད་དམ་འཛིན་ཡག་པོ་བྱེད་པ་དང་། 《དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ལག་ལེན་དང་དེའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས》ཀྱི་རྒྱབ་ཤ་དཀར་པོའི་དེབ་ཀྱི་ནང་དོན་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་པ་དང་ཟུང་འབྲེལ་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་རྒྱུའི་གཙོ་རྐང་ལ་དམིགས་ཏེ་བགྲོ་གླེང་དང་སྤེལ་རེས་གཏིང་ཟབ་བྱེད་དགོས། འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་དང་ལས་དོན་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པར་གྲ་སྒྲིག་ནན་ཏན་བྱེད་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་དྲུག་པ་ཏན་ཏིག་ངང་སྐོང་ཚོགས་བྱེད་དགོས། ལྗོངས་ཡོངས་ཀྱི་ཁྲིམས་འཛུགས་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ་སེམས་ནུས་ཡོད་རྒུ་བཏོན་ནས་འཐུས་མིའི་ལས་དོན་ཡག་པོ་སྒྲུབ་དགོས། བརྗོད་དོན་གཙོ་བོའི་སློབ་གསོའི་གནད་དོན་འཚོལ་བཤེར་གྱི་དག་ཐེར་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ནས་རང་འགུལ་ངང“ཕྱིར་མིག་ལྟ་བའི”ལས་དོན་སྤེལ་དགོས། ལས་ཁུངས་འཛུགས་སྐྱོང་ལ་རྒྱུན་སྲིང་ལྷོད་མེད་ངང་ཤུགས་སྣོན་བརྒྱབ་ནས“ལས་ཁུངས་བཞི”འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། རྒྱུན་ལས་ཨུ་ལྷན་གཞུང་དོན་ཐིང་གིས་འགན་ནུས་གང་ལེགས་བཏོན་ཏེ། ཆེད་དོན་ཨུ་ལྷན་ཁག་དང་མཉམ་དུ་ལོ་གཅིག་རིང་གི་གཙོ་གནད་ལས་འགན་ལེགས་སྒྲུབ་བྱས་ཚུལ་ལ་ཕྱོགས་སྡོམ་ནན་ཏན་དང་ཕྱོགས་ཡོངས་ནས་གསེད་བཀྲོལ་བྱེད་པ་དང་། ཁྱད་ཆོས་དང་བཀྲག་མདངས་འཚེར་ས་དང་ཉམས་མྱོང་བཟང་པོ་དང་ལས་ཀ་བྱེད་སྟངས་ཡག་པོ་ཁུ་བསྡུ་བྱས་ཏེ། སང་ལོའི་ལས་ཀའི་ལས་འགན་ལ་ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་འགོད་ལུགས་མཐུན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།