དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ལིའུ་ཅང་གིས་རང་སྐྱོང་ལྗོངས་འཐབ་ཕྱོགས་གཅིག་གྱུར་ཁོངས་གཏོགས་སུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-11-15

    ཚེས་13ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་རང་སྐྱོང་ལྗོངས་འཐབ་ཕྱོགས་གཅིག་གྱུར་ཁོངས་གཏོགས་སུ་བརྟག་ཞིབ་གནང་བར་ཕེབས་ནས། ལས་བྱེད་ལས་བཟོར་འཚམས་འདྲི་གནང་བ་མ་ཟད། འཐབ་ཕྱོགས་གཅིག་གྱུར་དང་། མི་རིགས། ཆོས་ལུགས། བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱི་ལས་དོན་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ཁོང་གིས་རྒྱལ་གཅེས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས་མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོའི་བརྗོད་དོན་གཙོ་བོ་ཁོང་དུ་ཆུད་པར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་གསར་པ་རྩོམ་ཆེད་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་པའི་ནན་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀརྨ་ཚེ་བརྟན་དང་། ཞུས་ཀྲི་ཐའོ། རྡོ་རྗེ་ཚེ་སྒྲུབ་བཅས་བརྟག་ཞིབ་གནང་སྐབས་ལྷན་དུ་ཕེབས་པ་རེད།

    ལིའུ་ཅང་དང་ཐོག་རང་སྐྱོང་ལྗོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་སུ་ཕེབས་ནས་དམངས་གཉེར་དཔལ་འབྱོར་མི་སྣའི་ཁྱིམ་གཞིས་དང་། སྤྱི་ཚོགས་བཅའ་ཁྲིམས་ཞབས་ཞུ་ཁྲུའུ། རྩ་འཛུགས་འཛུགས་སྐྱོང་ཁྲུའུ་སོགས་ལ་འཚམས་འདྲི་གནང་ནས། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གྱི་ཏང་རྩ་འཛུགས་འཛུགས་སྐྱོང་དང་། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བ་དང་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་ཞབས་འདེགས་ཞུ་བ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས“གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”མཐའ་འཁྱོངས་ཀྱིས་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་ཧུར་ཐག་རྒྱག་པ་དང་། “བདེ་ཐང་གཉིས”འགན་ལེན་ལ་ཞབས་འདེགས་ཧུར་ཐག་ཞུ་བ། བློ་གཅིག་སེམས་གཅིག་གིས་དམངས་གཉེར་ཁེ་ལས་ཀྱི་དཀའ་གནད་སེལ་བ་བཅས་བྱས་ནས“འཛུགས་གཏོད་བཞིར”ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

    ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་སྒོ་རའི་ནང་ལིའུ་ཅང་གིས་འཐབ་ཕྱོགས་གཅིག་གྱུར་པུའི་མི་རིགས་ལས་དོན་ཁྲུའུ་དང་། མི་རིགས་ལས་དོན་ཨུ་ལྷན་དྲིལ་བསྒྲགས་སློབ་གསོ་སྲོལ་གཏོད་ཁྲུའུ། ཆོས་ལུགས་ཅུས་ཀྱི་བོད་བརྒྱུད་ནང་བསྟན་ལས་དོན་ཁྲུའུ་སོགས་ཁྲུའུ་དང་ཁང་6ལ་ཕེབས་ནས། ལས་བྱེད་ལས་བཟོ་དང་བྱམས་བརྩེའི་ངང་གླེང་མོལ་གནང་ནས་འཐབ་ཕྱོགས་གཅིག་གྱུར་དང་། མི་རིགས། ཆོས་ལུགས་སོགས་ཀྱི་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཁྲིད་སྟོན་དུ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་དང“འདུ་ཤེས་གསུམ”གྱི་སློབ་གསོ་སྤེལ་ཏེ། རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པའི་ལས་དོན་ཏན་ཏིག་བསྒྲུབས་ནས་ལྗོངས་ཡོངས་ཀྱི་ལྟེ་བའི་ལས་དོན་ལ་མཐུན་སྒྲིལ་ཡར་ཐོན་དང་ཞི་མཐུན་བརྟན་ལྷིང་གི་མཐུན་རྐྱེན་བཟང་པོ་གང་མང་སྐྲུན་དགོས་ཞེས་གསུངས་པ་རེད།

    དེ་རྗེས་ལིའུ་ཅང་གིས་རང་སྐྱོང་ལྗོངས་འཐབ་ཕྱོགས་གཅིག་གྱུར་ཁོངས་གཏོགས་ཀྱི་ལས་བྱེད་ལས་བཟོ་དང་བཞུགས་མོལ་གནང་ནས། འཐབ་ཕྱོགས་གཅིག་གྱུར་ཁོངས་གཏོགས་ཀྱི་ལས་དོན་གནས་ཚུལ་སྐོར་གྱི་སྙན་སེང་གསན་པ་རེད། ཁོང་གིས་ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་པོ་འཛུགས་པ་དང་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་ནས་འཐབ་ཕྱོགས་གཅིག་གྱུར་གྱི་མི་རིགས་ཆོས་ལུགས་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ལ་གཡོ་འགུལ་མི་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་འཐབ་ཕྱོགས་གཅིག་གྱུར་ཁོངས་གཏོགས་ཀྱི་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས། འཐབ་ཕྱོགས་གཅིག་གྱུར་ཁོངས་གཏོགས་ཀྱིས“གཏན་འཁེལ་གཉིས”ལ་སྲུང་སྐྱོབ་དང“སྲུང་སྐྱོང་གཉིས”ཀྱི་རྩ་བ་དེར་ཐོག་མཐའ་བར་གསུམ་དུ་སྲུང་སྐྱོང་ཐུབ་པར་བྱེད་དགོས། རྒྱལ་གཅེས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆར་གཡོ་འགུལ་མི་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་ཚད་གཞི་ཆེ་ཤོས་ཀྱི་སྒོ་ནས་མི་སེམས་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་སྒྲིལ་བྱས་ཏེ་ཐུན་མོང་གི་བསམ་བློ་དང་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས། མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོའི་བརྗོད་དོན་གཙོ་བོར་གཡོ་འགུལ་མི་གཏོང་རྒྱུ་མཐའ་འཁྱོངས་དང་། མཐའ་ཚད་ཀྱི་བསམ་བློ་མཐའ་འཁྱོངས། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་བྱས་ཏེ་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་གྱི་འཐབ་ས་སྲ་བརྟན་དང་འཕེལ་རྒྱས་གཏོང་བར་ཤུགས་རྒྱག་དགོས། “ཕན་འདོགས་པ་ལྔ”ལ་གཡོ་འགུལ་མི་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་མཐའ་འཁྱོངས་བྱས་ནས། སྣེ་ཁྲིད་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས། མི་རིགས་ལས་དོན་ལ་ཤུགས་སྣོན་དང་དེ་ལེགས་སུ་གཏོང་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལ་གཡོ་འགུལ་མི་གཏོང་རྒྱུ་མཐའ་འཁྱོངས་ཀྱིས“མོས་སེམས་ལྔ”ཟབ་ཏུ་གཏོང་བའི་ཐད་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ནུས་ཤུགས་ཡོད་རྒུས་ཟབ་ཏུ་གཏོང་དགོས། ཏང་འཛུགས་སྐྱོང་གི་ཁྲིད་སྟོན་ལ་གཡོ་འགུལ་མི་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་འཐབ་ཕྱོགས་གཅིག་གྱུར་ཁོངས་གཏོགས་ཀྱི་ལས་བྱེད་པའི་དཔུང་ཁག་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་འཐབ་ཕྱོགས་ཆེན་པོའི་རྣམ་པ་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།