དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཀརྨ་ཚེ་བརྟན་གྱིས་ལྷ་སའི་འཐབ་ཕྱོགས་གཅིག་གྱུར་ཁྱབ་ཁོངས་སུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-11-14

    ཟླ་11ཚེས་6ཉིན་ནས་ཚེས་9ཉིན་བར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ཀརྨ་ཚེ་བརྟན་གྱིས་ལྷ་ས་གྲོང་ཁྱེར་གྱི་འཐབ་ཕྱོགས་གཅིག་གྱུར་ཁྱབ་ཁོངས་སུ་བརྟག་ཞིབ་གཏིང་ཟབ་གནང་ནས“གཏན་འཁེལ་གཉིས”ལ་ལྷག་བསམ་རྣམ་དག་ངང་སྲུང་སྐྱོང་དང“སྲུང་སྐྱོང་གཉིས”ལག་ལེན་བསྟར་ནས་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་མཛུབ་སྟོན་བླང་བྱ་གཞིར་བཟུང་། “དོན་ཆེན་བཞི”ལ་དམ་པོར་དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་སྣོན་བརྒྱབ་སྟེ། འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་སྔར་བས་ཆེ་རུ་གཏོང་བ་དང་། འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་དང་ལས་ཀའི་ཆོས་ཉིད་ཁོང་དུ་ཆུད་པར་བྱེད་པ། འཐབ་ཕྱོགས་གཅིག་གྱུར་གྱི་རྩ་ཆེའི་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ནས། བརྟན་ལྷིང་ཞི་མཐུན་ལ་སྐུལ་འདེད་གཏོང་བའི་ཐད་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་དང་ལྟེ་བ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཐད་བྱས་རྗེས་འཇོག་པ་བཅས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    ཀརྨ་ཚེ་བརྟན་གྱིས་སྔ་རྗེས་སུ་འབྲས་སྤུངས་དང་། ར་མོ་ཆེ་གཙུག་ལག་ཁང་། དགའ་ལྡན། རྭ་སྒྲེང་། ཤུག་གསེབ་དགོན་སོགས་དགོན་སྡེ་13དང་། ཁྲེང་ཀོན་ཆུས་དང་། སྟག་རྩེ་ཆུས། མལ་གྲོ་གུང་དཀར་རྫོང་། ལྷུན་གྲུབ་རྫོང་། ཆུ་ཤུར་རྫོང་། ལྷ་སའི་མཐོ་གསར་ཁུལ་བཅས་རྫོང(ཆུས)6གི་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་སྡེ་ཚན་དུ་ཕེབས་ནས། ལས་དོན་ལ་ཞིབ་བཤེར་མཛུབ་ཁྲིད་དང་བཞུགས་མོལ་གནང་ནས་གནས་ཚུལ་མཁྱེན་རྟོགས་གནང་སྟེ། གཞི་རིམ་གྱི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་བྱེད་ལས་བཟོ་དང་དགོན་སྡེའི་གྲྭ་བཙུན་ལ་བྱམས་བརྩེའི་ངང་གཟིགས་པ་རེད། ཁོང་གིས་ལྷ་ས་གྲོང་ཁྱེར་གྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་སྡེ་ཚན་གྱིས་ལྟེ་བའི་གྲོང་ཁྱེར་གྱི་ཚུགས་གནས་མཐའ་འཁྱོངས་བྱས་ཏེ། ལྟེ་བའི་གྲོང་ཁྱེར་གྱི་འགན་ཁུར་ནས་ལས་དོན་ལ་ཇུས་འགོད་དང་སྐུལ་འདེད་གཏོང་བ་དང་། དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་པར་ཤུགས་སྣོན་རྒྱག་པ། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་པས་ལས་དོན་ཁག་ལ་ཕན་འབྲས་ཆེན་པོ་ཐོན་ཡོད་ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།