དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བདེ་འཇགས་ཐོན་སྐྱེད་དང་མེ་ཟོན་ལས་དོན་ལ་དཔྱད་ཞིབ་དང་སྐོར་ཞིབ་བྱེད་པའི་བོད་ཀྱི་ངོ་འཕྲད་ཚོགས་འདུ་འཚོགས་པ།

    ཧྥུའུ་ཤུས་དབྱིན་ཚོགས་འདུར་ཞུགས་ནས་གཏམ་བཤད་གནང་བ་དང་། ལིའུ་ཅང་གིས་རྣམ་འགྱུར་མཚོན་པའི་གཏམ་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-13

    རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་2023ལོའི་ལོ་འཁོར་གྱི་ཞིང་ཆེན་རིམ་པའི་སྲིད་གཞུང་གི་བདེ་འཇགས་ཐོན་སྐྱེད་དང་མེ་ཟོན་ལས་དོན་གྱི་དཔྱད་ཞིབ་སྐོར་ཞིབ་ཚོགས་ཆུང་དྲུག་པས་བོད་རང་སྐྱོང་ལྗོངས་ལ་དཔྱད་ཞིབ་དང་སྐོར་ཞིབ་བྱེད་པའི་ལས་དོན་སྤེལ་འགོ་ཚུགས་ཤིང་། ཟླ་11ཚེས་10ཉིན་ལྷ་སར་ངོ་འཕྲད་ཚོགས་འདུ་འཚོགས་པ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དཔྱད་ཞིབ་སྐོར་ཞིབ་ཚོགས་ཆུང་དྲུག་པའི་ཙུའུ་ཀྲང་དང་འགྲིམ་འགྲུལ་སྐྱེལ་འདྲེན་པུའི་པུའུ་ཀྲང་གཞོན་པ་ཧྥུའུ་ཤུས་དབྱིན་ཚོགས་འདུར་ཞུགས་ནས་གཏམ་བཤད་གནང་བ་རེད། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་རྣམ་འགྱུར་མཚོན་པའི་གཏམ་བཤད་ཀྱང་གནང་བ་དང་། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝེ་ཡིས་ལས་དོན་གནས་ཚུལ་སྙན་སེང་ཞུས་པ་རེད།

    ཧྥུའུ་ཤུས་དབྱིན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་དཔྱད་ཞིབ་དང་སྐོར་ཞིབ་ལས་དོན་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་དགོས། ད་ཐེངས་ཀྱི་དཔྱད་ཞིབ་དང་སྐོར་ཞིབ་ལས་དོན་དེ་གོ་སྐབས་སུ་བྱས་ཏེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་གནས་ཚུལ་ལ་དམིགས་པ་དང་དཔྱད་ཞིབ་དང་སྐོར་ཞིབ་གཏིང་ཟབ་བྱས་ནས་བོད་རང་སྐྱོང་ལྗོངས་ཀྱིས་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་དེ་བས་ཡག་པོ་བྱེད་པར་སྐུལ་འདེད་གཏོང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཆུ་ཚད་མཐོ་ཞིང་བདེ་འཇགས་ལྡན་པའི་ཞབས་འདེགས་ཡག་པོ་ཞུ་བ། བདེ་འཇགས་ཀྱི་རྣམ་པ་གསར་པར་བརྟེན་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འགན་ལེན་བཅས་བྱེད་དགོས་ཞེས་གསུངས་པ་རེད།

    ཧྥུའུ་ཤུས་དབྱིན་གྱིས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་གཙོ་གནད་ལྷུ་ཚིགས་མངོན་གསལ་དོད་པོ་ཡོང་བར་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱས་ཚུལ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དོན་འཁྱོལ་བྱས་ཚུལ། ཆེད་དོན་བྱ་སྤྱོད་གལ་ཆེན་སྒྲིག་འཛུགས་དང་ལག་བསྟར་བྱས་ཚུལ། གཞི་རིམ་དུ་ལས་ཀ་དོན་འཁྱོལ་བྱས་ཚུལ་བཅས་ལ་དམིགས་ཏེ་ཕྱོགས་ཡོངས་དང་དོན་དངོས་དང་མཐུན་པའི་སྒོ་ནས་བདེ་འཇགས་ཐོན་སྐྱེད་དང་མེ་ཟོན་ལས་ཀའི་ཕན་འབྲས་ལ་ཞིབ་བཤེར་བྱེད་དགོས། རྩ་དོན་ནན་པོ་མཐའ་འཁྱོངས་དང་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ནས་གནད་སྨིན་དང་། ནུས་ཆེ། དམ་པ་དོན་གཉེར་བཅས་ཀྱི་སྒོ་ནས་དཔྱད་ཞིབ་དང་སྐོར་ཞིབ་ཀྱི་ལས་དོན་ལེགས་པར་སྒྲུབ་དགོས་པའི་ནན་བཤད་བྱས་པ་རེད།

    ལིའུ་ཅང་གིས། ད་ཐེངས་ཀྱི་ལོ་འཁོར་གྱི་དཔྱད་ཞིབ་དང་སྐོར་ཞིབ་ནི་བོད་ཀྱི་བདེ་འཇགས་ཐོན་སྐྱེད་དང་མེ་ཟོན་ལས་དོན་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་པ་ཞིག་ཡིན་པས། བོད་ཀྱིས་བདེ་འཇགས་ཐོན་སྐྱེད་དང་མེ་ཟོན་ལས་དོན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་སྟེ། སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་འགྲོ་བར་སྐུལ་མ་ནུས་ལྡན་ཐེབས་རྒྱུ་རེད་ཅེས་བརྗོད་པ། ཁོང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ངེས་པར་དུ་བདེ་འཇགས་ཐོན་སྐྱེད་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་ཀྱིས་མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་ཀྱིས་བདེ་འཇགས་ཐོན་སྐྱེད་དང་མེ་ཟོན་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་ལེན་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།

    ལིའུ་ཅང་གིས། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་བསམ་བློའི་ངོས་འཛིན་གཅིག་གྱུར་བྱས་ནས་ད་ཐེངས་ཀྱི་དཔྱད་ཞིབ་དང་སྐོར་ཞིབ་དེ་བདེ་འཇགས་འཕེལ་རྒྱས་ཀྱི་འདུ་ཤེས་དང་བྱ་སྤྱོད་དངོས་ལ་ཏན་ཏིག་འགྱུར་བ་བྱེད་དགོས། ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་དང་གཞོགས་འདེགས་ཀྱིས་ཞབས་ཞུ་འགན་ལེན་ཡག་པོ་བྱས་ཏེ་དཔྱད་ཞིབ་དང་སྐོར་ཞིབ་ཀྱི་ལས་དོན་བདེ་བླག་ངང་སྤེལ་ཐུབ་པར་འགན་ལེན་བྱེད་དགོས། དག་ཐེར་ལ་དམ་འཛིན་ཡག་པོ་བྱས་ནས་གནད་དོན་ཚང་མ་ཐོ་འགོད་བཞིན་བསྡུ་ལེན་དང་། རྩིས་ཁྲ་བཟོ་བ། རེ་རེ་བཞིན་དག་ཐེར་བཅས་བྱས་ནས་ཞན་ཆ་ཏན་ཏིག་སེལ་དགོས། ཕུགས་ཕན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཉེན་ཁའི་མངོན་མེད་རྐྱེན་ངན་སྣ་ཚོགས་གྲལ་བཤེར་དང་མེད་པ་བཟོ་བ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།