དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་སྒྲིག་གཞི་སྒྲིག་ཁོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

    ཡན་ཅིན་ཧའེ་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-10

    ● སྤྱི་ཡོངས་ལ་ཞབས་འདེགས་མཐའ་འཁྱོངས་ཞུ་བ་དང་འགན་ནུས་བཏོན་ཏེ་སྒྲིག་གཞི་སྒྲིག་ཁོངས་ཀྱི་ལས་དོན་ཁག་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་ནུས་ལྡན་གཏོང་དགོས།

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་རང་སྐྱོང་ལྗོངས་ཏང་ཨུད་སྒྲིག་གཞི་སྒྲིག་ཁོངས་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་སྒྲིག་གཞི་སྒྲིག་ཁོངས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས། ལྗོངས་ཡོངས་ཀྱི་སྒྲིག་གཞི་སྒྱུར་བཅོས་ཀྱི་སྙན་སེང་གསན་པ་དང་། འབྲེལ་ཡོད་ཡིག་ཆ་དང་སྒྲིག་གཞི་སྒྲིག་ཁོངས་ཀྱི་དོན་ཚན་ལ་གྲོས་ཞིབ་གནང་བ། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་གནང་བ་རེད། ཁོང་གིས་སྒྲིག་གཞི་སྒྲིག་ཁོངས་ཀྱི་ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། སྤྱི་ཡོངས་ལ་ཞབས་འདེགས་མཐའ་འཁྱོངས་ཞུ་བ་དང་འགན་ནུས་བཏོན་ནས། སྒྲིག་གཞི་སྒྲིག་ཁོངས་ཀྱི་ལས་དོན་ཁག་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་ནུས་ལྡན་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ཡན་ཅིན་ཧའེ་དང་། ལའེ་ཅའོ། ཟླ་བ་ཚེ་རིང་བཅས་ཚོགས་འདུར་ཞུགས་པ་རེད།

    ཝང་ཅུན་ཀྲེང་གིས་གསུངས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྒྲིག་གཞི་སྒྲིག་ཁོངས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་ནས། དུས་རབས་གསར་པར་སྒྲིག་གཞི་སྒྲིག་ཁོངས་ཀྱི་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་གཞི་སྒྲིག་ཁོངས་སྡེ་ཚན་གྱིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། རྒྱུན་འཁྱོངས་ལྷོད་མེད་ངང་སྒྲིག་གཞི་སྒྲིག་ཁོངས་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་གྱིས་གཅིག་འདོམས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན། ཉམས་མྱོང་ལ་ཕྱོགས་སྡོམ་དང་ཡང་འབད་བསྐྱར་འབད་བཅས་བྱས་ཏེ། བོད་ཀྱི་སྒྲིག་གཞི་སྒྲིག་ཁོངས་ཀྱི་ལས་དོན་ཁག་ལ་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་འཐོབ་པར་སྐུལ་འདེད་གཏོང་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རང་རྟོགས་ངང་སྒྲིག་གཞི་སྒྲིག་ཁོངས་ཀྱི་ལས་དོན་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་བཞག་ནས་ཇུས་འགོད་དང་སྐུལ་འདེད་གཏོང་བ་དང་། འགན་ནུས་ལེགས་གཏོང་དང་ལས་ཕྱོད་ཆེ་རུ་གཏོང་བ། ལས་ཀའི་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་དང་སྒྲིག་ཁོངས་ཀྱི་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་གཏོང་བ་བཅས་བྱས་ནས་སྒྲིག་གཞི་སྒྲིག་ཁོངས་ལས་དོན་གྱི་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་དགོས། ལས་ཀའི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་དང་། བརྒྱུད་རིམ་ལྡན་པའི་འདུ་ཤེས་མཐའ་འཁྱོངས། འཐབ་ཇུས་ཀྱི་བསམ་གཞིག་མཐོར་གཏོང་། སྒྱུར་བཅོས་ཀྱི་ནུས་པ་ཆེར་གཏོང་། རྩེ་རིམ་ཇུས་འགོད་དང་སྤྱི་ཡོངས་ཀྱི་ཇུས་འགོད་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་ལས་ཀའི་བསམ་ཕྱོགས་དང་། ལས་དོན་བཀོད་སྒྲིག སྲིད་ཇུས་དང་བྱ་ཐབས་བཅས་གཏན་འཁེལ་བྱེད་དགོས། མཐུན་སྦྱོར་ནུས་ཆེ་ལེགས་གཏོང་མཐའ་འཁྱོངས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལག་བསྟར་བྱེད་པ་དང་། སྒྱུར་བཅོས་གལ་ཆེན་ལ་སྐུལ་འདེད་གཏོང་བ། ལས་འགན་གལ་ཆེན་དོན་འཁྱོལ་བཅས་ལ་དམ་པོར་དམིགས་ནས། བརྒྱུད་རིམ་ཆ་ཚང་བ་དང་། ཚན་རིག་དང་མཐུན་ལ་ཚད་དང་ལྡན་པ། འཁོར་སྐྱོད་ནུས་ཆེ་བཅས་ཀྱི་སྒྲིག་གཞིའི་འགན་ནུས་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི“དོན་ཆེན་བཞིར”ནུས་ཤུགས་གང་ཡོད་ཀྱིས་ཞབས་འདེགས་ཞུ་བ་དང་འགན་ལེན་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་སྒྲིག་གཞི་སྒྲིག་ཁོངས་ལས་དོན་གྱི་གཞི་རིམ་གྱི་སྟོན་ཕྱོགས་གསལ་པོ་བརྟན་པོ་འཛུགས་པ་དང་། མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་དུ་བརྩིས་ནས་དམ་འཛིན་བྱེད་པ། ལེགས་བསྡུས་ཞིབ་གཉེར་དང་ཕན་འབྲས་ཆེ་བའི་གཞི་རིམ་གྱི་དོ་དམ་སྒྲིག་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། ཐོན་ཁུངས་དང་། ཞབས་ཞུ། དོ་དམ་བཅས་གཞི་རིམ་ལ་ཕྱོགས་རྒྱུར་སྐུལ་འདེད་གཏོང་དགོས། ཚན་རིག་དང་མཐུན་ཞིང་ཚད་ལྡན་ངང་དོ་དམ་ནན་པོ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཐོན་ཁུངས་ཀྱི་གྲུབ་ཆའི་བཀོད་པ་ལེགས་སུ་གཏོང་བ་དང་། སྒྲིག་གཞི་སྒྲིག་ཁོངས་ཀྱི་སྒྲིག་ཁྲིམས་ནན་དུ་གཏོང་བ། ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། སྒྲིག་གཞི་སྒྲིག་ཁོངས་ཀྱི་ལས་དོན་ཁྲིམས་བཀོད་ཅན་དང་ཚད་ལྡན་ཅན་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གིས་སྒྲིག་གཞི་སྒྲིག་ཁོངས་ཀྱི་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་དུས་རབས་གསར་པའི་ལས་བྱེད་པ་ཡག་པོའི་ཚད་གཞི་དང་མི་རིགས་ས་ཁུལ་གྱི་ལས་བྱེད་པའི“དམིགས་བསལ་བཞིའི”ཆབ་སྲིད་ཀྱི་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱེད་པ། ཆབ་སྲིད་ཀྱི་བྱང་ཚད་མཐོ་བ་དང་། ལས་སྒོ་བྱང་ཆུབ་པ། སྤྱོད་ཚུལ་ལེགས་པ་བཅས་ཀྱི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་སྒྲིག་གཞི་སྒྲིག་ཁོངས་ཀྱི་དཔུང་ཁག་ཅིག་གསོ་སྐྱོང་དང་ཞུན་བརྡར་ཤུགས་ཆེན་བྱས་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།