དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཁྲེན་ཡུང་ཆི།
  • ཁྲེན་ཡུང་ཆིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-10

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆིས་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཚོགས་འདུར་ཉིང་ཁྲི་གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏོང་བའི་སྔོན་སྤེལ་ལས་དོན་ལ་བཀོད་གཏོང་དང་གནས་པའི་གནད་དོན་ལ་ཞིབ་འཇུག་དང་ཐག་གཅོད་བྱས་པ་མ་ཟད། གོམ་སྟབས་རྗེས་མའི་ལས་དོན་ལ་བཀོད་སྒྲིག་ཀྱང་བྱས་པ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཝེ་ཤིའུ་ཁྲང་ཚོགས་འདུར་ཞུགས་པ་རེད།

    ཁྲེན་ཡུང་ཆིས། རང་སྐྱོང་ལྗོངས་ཀྱིས་ཉིང་ཁྲིའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏོང་བའི་སྔོན་སྤེལ་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་དང་། ལྗོངས་ཡོངས་ཀྱི་བསམ་ཇུས་གཅིག་གི་བསམ་བློ་འཛུགས་པ།

    “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་སྣོན་རྒྱག་པ། བསམ་བློ་སྔར་བས་བཅིངས་འགྲོལ་དང་གསར་གཏོད་བྱེད་ཕོད་པ། སྒྱུར་བཅོས་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྒོ་དབྱེར་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རྣམ་གྲངས་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ལྗོངས་ཡོངས་ཀྱི་སྒྱུར་བཅོས་ཟབ་གཏོང་དང་སྒོ་དབྱེར་དཔེ་སྟོན་སྣེ་ཁྲིད་བྱེད་དགོས། རང་སྐྱོང་ལྗོངས་ཀྱི་སྲིད་ཇུས་བྱེད་ཐབས་སྦབ་ཆ་གཅིག་གང་ལེགས་དང་འདང་ངེས་སྤྱོད་པ་དང་། ཉིང་ཁྲིའི་ལག་བསྟར་ཇུས་གཞི་དོན་འཁྱོལ་ཡག་པོ་བྱེད་པ། ཐོན་ཁུངས་ཀྱི་ལེགས་ཆ་དང་ས་བབ་ཀྱི་ལེགས་ཆ་གང་ལེགས་འདོན་པ། ནུས་རྒྱུ་གཙང་མའི་ཐོན་ལས་དང་། རིག་གནས་ཡུལ་སྐོར་ལས་རིགས། ཁྱད་ལྡན་ཞིང་འབྲོག་ལས་སོགས་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། རྣམ་གྲངས་གལ་ཆེན་ལ་དམིགས་པ། འཁོར་འབྲེལ་སྣུར་སྲིང་དང་། ཁ་གསབ། སྟོབས་ཆེར་གཏོང་བ་བཅས་བྱས་ནས་ཐོན་ཁུངས་ཀྱི་ལེགས་ཆ་དཔལ་འབྱོར་གྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆར་ཏན་ཏིག་འགྱུར་བར་བྱེད་དགོས། གཉེར་སྐྱོང་ཁོར་ཡུག་མུ་མཐུད་ལེགས་སུ་གཏོང་བ་དང་། རང་སྐྱོང་ལྗོངས་ཀྱི་ཚད་གཞི་དང་ཡང་ཡང་བསྡུར་བའི་སྔོན་ཐོན་བྱ་སྤྱོད་དང“ཆེས་བཞིའི”བླང་བྱ་དོན་འཁྱོལ་བྱེད་པ། རྨང་གཞིའི་སྒྲིག་བཀོད་དང་། གཙོ་རྒྱུའི་ཐོན་ཁུངས། ཚན་རྩལ་ཤེས་ལྡན་མི་སྣ། སྒྲིག་སྲོལ་ལམ་སྲོལ་སོགས་ཀྱི་འདེགས་སྐྱོར་ལ་ཤུགས་སྣོན་རྒྱག་པ། གཙོ་ཁྲིད་ཐོན་ལས་དང་འཕེལ་རྒྱས་ཀྱི་དགོས་མཁོར་དམིགས་ཏེ་ཚོང་འགུགས་མ་འདྲེན་གནད་སྨིན་བཅས་བྱས་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གསོན་ཤུགས་དང་སྒུལ་ཤུགས་སྣོན་དགོས། ཧི་མ་ལ་ཡའི་མཐའ་འཁོར་གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སོགས་བྱེད་སྒོ་གལ་ཆེན་གྱི་གྲུབ་འབྲས་ཕྱོགས་སྒྱུར་གྱི་ལས་དོན་ཡག་པོ་སྒྲུབ་པ་དང་ཉིང་ཁྲི་གྲོང་ཁྱེར་གྱི་གསར་གཏོད་ནུས་པ་དང་ཤུགས་རྐྱེན་ཐེབས་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་ཉིང་ཁྲིའི་མིང་གྲགས་དེ་བས་ཆེ་རུ་གཏོང་དགོས། ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་ཟླ་རེའི་བཀོད་གཏོང་གི་ལམ་ལུགས་ལག་ལེན་བསྟར་ནས་ལས་དོན་ཁག་ཆད་ལུས་མེད་པར་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།