དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཡན་ཅིན་ཧའེ།
  • ཡན་ཅིན་ཧའེ་ཡིས་ལྷ་སར་ཁེ་ལས་ཀྱི་ཐོན་སྐྱེད་དང་གཉེར་སྐྱོང་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-10

    ཚེས་7ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་ལྷ་སར་ཁེ་ལས་ཀྱི་ཐོན་སྐྱེད་དང་གཉེར་སྐྱོང་ལ་བརྟག་ཞིབ་གནང་བ་རེད།

    རེན་ཝེ་དང་ཤའོ་ཡིའུ་ཚའེ་བརྟག་ཞིབ་ལ་ཞུགས་ཡོད་པ་རེད།

    ན་ནིང་གི་ཟླ་10པའི་ཟླ་མཇུག་ཏུ་དངོས་སུ་སྒོ་བྱང་བཀལ་ནས་གཉེར་སྐྱོང་བྱས་པའི་རང་སྐྱོང་ལྗོངས་ཀྱི་གྲངས་གཞི་ཆེན་པོའི་ལྟེ་གནས་ཀྱིས་རང་ལྗོངས་ཀྱི་ཞིང་ཆེན་རིམ་པའི་གྲངས་གཞི་ཆེན་པོའི་ལྟེ་གནས་མེད་པའི་སྟོང་ཆ་གསབ་ཡོད། མིག་སྔར་རིག་ལྡན་ཕྱོགས་བསྡུས་བཅོས་སྐྱོང་དང་། རིག་ལྡན་ཡུལ་སྐོར། དྲ་གཅིག་ཀུན་སྒྲུབ་སོགས་ཀྱི་ལས་སྒོའི་མ་ལག་34མཉམ་དུ་བསྡུས་ནས་བརྙན་གཅིག་གིས་སྤྱི་ཡོངས་ལ་སྤྱི་འདོམས་བྱེད་ཐུབ་ཡོད། ཡན་ཅིན་ཧའེ་ཡིས་དྲིལ་བསྒྲགས་གློག་བརྙན་ལ་གཟིགས་ནས། གྲངས་གཞི་ཆེན་པོའི་ལྟེ་གནས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། གྲངས་འཛིན་ཅན་གྱི་ཉེར་སྤྱོད། གྲངས་འཛིན་ཕན་ནུས་ཀྱི་དཔལ་འབྱོར་འཕེལ་རྒྱས་སོགས་ལ་མཁྱེན་རྟོགས་གཏིང་ཟབ་གནང་བ་དང་། ཁོང་གིས་བོད་ཀྱི་འཕེལ་རྒྱས་ཀྱི་གྲངས་འཛིན་དཔལ་འབྱོར་ལ་ཐུན་མོང་མ་ཡིན་པའི་ལེགས་ཆ་ལྡན་པས། གདེང་ཚོད་བརྟན་དུ་གཏོང་བ་དང་རྗེས་ཐོན་ཁྱད་ཡོན་གང་ལེགས་བཏོན་ནས་འཕེལ་རྒྱས་ཀྱི་མགྱོགས་ལམ་དུ་སྐྱོད་ཐུབ་པར་བྱེད་དགོས། རྨང་གཞི་བརྟན་དུ་གཏོང་བ་དང་ལས་སྟེགས་འཐུས་སྒོ་ཚང་དུ་བཏང་ནས། རྨང་གཞིའི་ལས་དོན་ཡག་པོ་ཏན་ཏིག་སྒྲུབ་པ་དང་གྲངས་གཞིའི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ལེ་ལག་ཚང་བའི་ཞབས་འདེགས་འཐུས་སྒོ་ཚང་དུ་བཏང་སྟེ་དེ་བས་མང་བའི་ཕུལ་བྱུང་མི་སྣའི་ཡིད་དབང་འགུག་དགོས་ཞེས་གསུངས་པ་རེད།

    གྲངས་འཛིན་གྱི་ཕན་ནུས་ཆེ་རུ་བཏང་ནས་གྲངས་གཞི་སྔོག་འདོན་དང་། དབྱེ་ཞིབ། ཉེར་སྤྱོད་བཅས་ལ་ཤུགས་སྣོན་བརྒྱབ་སྟེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་སྣོན་དགོས།

    བོད་ལྗོངས་བོད་སྐྲུན་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སི་ནི་མཐོ་གསར་ལག་རྩལ་གྱི་ནུས་གྲོན་འཛུགས་སྐྲུན་རྒྱུ་ཆ་ཞིབ་སྤེལ་དང་ཐོན་ལས་ཅན་ཉེར་སྤྱོད་ཀྱི་ཚན་རྩལ་ཕྱོགས་བསྡུས་རྣམ་པའི་ཁེ་ལས་ཤིག་རེད། ཡན་ཅིན་ཧའེ་ཡིས་འཁོར་ཁང་དུ་ཕེབས་པ་དང་། སྙན་སེང་གསན་པ། ཐོན་རྫས་ལ་གཟིགས་ནས། ས་གནས་ས་ཐོག་ཏུ་ཁེ་ལས་ཀྱི་ལག་རྩལ་གྱི་ཁེ་བེད་བདག་ཐོབ་དང་། ཐོན་སྐྱེད་གཉེར་སྐྱོང་། ཁྲོམ་ར་ཉེར་སྤྱོད་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་ཞིང་། ཁོང་གིས་ནུས་གྲོན་ཐཱན་ཉུང་དང་ཁོར་ཡུག་སྲུང་སྐྱོང་གི་སྟོན་ཕྱོགས་མཐའ་འཁྱོངས་ཀྱིས། ཐོན་ཁུངས་དང་ནུས་རྒྱུ་གྲོན་ཆུང་དང་། ཨར་སྐྲུན་སྦགས་བཙོག་ཉུང་གཏོང་། ངལ་རྩོལ་གྱི་ཐོན་སྐྱེད་ཕན་ནུས་ཆེར་གཏོང་སོགས་ཀྱི་སྒྲིག་སྦྱོར་རྣམ་པའི་ཨར་སྐྲུན་གྱི་གཏིང་ཤུགས་གང་ལེགས་བཏོན་ནས། ཨར་སྐྲུན་ལས་རིགས་ལྗང་མདོག་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་རྒྱུན་མཐུད་སྐུལ་འདེད་གཏོང་དགོས། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་བ་དང་། ཁེ་ལས་ཀྱི་དགོས་མཁོ་དུས་ཐོག་ཏུ་ཤེས་རྟོགས་བྱེད་པ། ཁེ་ལས་ཀྱི་འཕྲལ་མཁོ་དང་། སེམས་ཁྲལ། དཀའ་ངལ། རེ་སྒུག་བཅས་ཀྱི་གནད་དོན་གསེད་བཀྲོལ་ཞིབ་ཚགས་དང་དུས་ཐོག་ཏུ་རྗེས་འདེད་གཏོང་བ། སེམས་ནུས་ཡོད་རྒུས་དཀའ་གནད་ཐག་གཅོད་བཅས་བྱས་ནས། ཁེ་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་ཞབས་འདེགས་ཡག་པོ་ཞུ་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།