དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཝང་ཝུའེ་ཏུང་གིས་རང་སྐྱོང་ལྗོངས་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པའི་དཔུང་ཁག་གི་སློབ་གསོ་དག་ཐེར་འགོ་ཁྲིད་ཚོཌ་ཆུང་གི་ཚོགས་འདུ་ཐེངས་18པ(རྒྱ་ཆེ)གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-09

    ཟླ་11ཚེས་7ཉིན། རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པའི་དཔུང་ཁག་གི་སློབ་གསོ་དག་ཐེར་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་18པ(རྒྱ་ཆེ)འཚོགས་ནས་རྒྱལ་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པའི་དཔུང་ཁག་གི་སློབ་གསོ་དག་ཐེར་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་4པའི(རྒྱ་ཆེ)དགོངས་དོན་དང་ལྷག་པར་དུ་ཧྲུའུ་ཅི་ལི་ཞིའི་གསུང་བཤད་ཀྱི་བླང་བྱ་བརྒྱུད་བསྒྲགས་བྱས་པ་དང་ཆབས་ཅིག སློབ་སྦྱོང་དང་ལག་བསྟར་བྱ་ཐབས་ལ་ཞིབ་འཇུག་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཝང་ཝུའེ་ཏུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། སྒྲིག་བཤེར་ལྟ་ཞིབ་ཀྱི་ལས་དོན་མཐའ་དག་ལ་སྤྱི་འདོམས་བྱེད་པ་བཅས་རྒྱུན་འཁྱོངས་ལྷོད་མེད་བྱས་ཏེ་ཐོས་བསམ་མྱོང་རྟོགས་ཁྲོད་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་ཆབ་སྲིད་ཐད་བློ་དཀར་སེམས་དཀར་ཡོང་བར་བྱེད་དགོས། དག་ཐེར་བཅོས་སྒྲིག་ལ་དམ་འཛིན་ཡག་པོ་བྱས་ནས་གནད་དོན་གྱི་འབྱུང་རྩ་གསལ་རྟོགས་བྱེད་པ་དང་། དག་ཐེར་གྱི་ལས་འགན་དང་། ཞིབ་ཕྲའི་བྱ་ཐབས། འགན་འཁྲིའི་བྱེད་པོ། ལེགས་སྒྲུབ་ཀྱི་དུས་བཀག་བཅས་ཁ་གསལ་བཟོས་ནས་དམ་འཛིན་མཐར་ཕྱིན་དང་། དག་ཐེར་གནད་འཁེལ། བཅོས་སྒྲིག་ནན་པོ་བཅས་བྱེད་པར་སྐུལ་འདེད་གཏོང་དགོས། ཕུང་འདྲེ་རྩ་མེད་བཟོ་བ་དང་། གནད་དོན་གྱི་ཁུངས་སྣེ་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ། གྱོད་གཞི་ཞིབ་བཤེར་ཐག་གཅོད་བརྟན་པོ་བཅས་བྱས་ནས་རྒྱུན་སྲིང་ལྷོད་མེད་ངང་བསམ་བློ་ལྷད་མེད་དང་རྩ་འཛུགས་དྭངས་གཙང་ཡོང་བར་བྱེད་དགོས། སྒྲིག་སྲོལ་དང་ལམ་ལུགས་འཛུགས་པར་སྐུལ་འདེད་བཏང་ནས་ལྟ་སྐུལ་ཞིབ་བཤེར་དང་ཞིབ་བཤེར་བརྟག་དཔྱད་སོགས་ཀྱི་དབང་ཆ་འཁོར་སྐྱོད་ཀྱི་འགག་རྩའི་ལྷུ་ཚིགས་ལ་དམིགས་ཏེ་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ་དང་།“འཛུགས་བཅོས་འདོར་གསུམ”ལ་སྤྱི་འདོམས་ཡག་པོ་བྱེད་པ། ནང་ཁུལ་ཚོད་འཛིན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ལམ་ལུགས་ལག་བསྟར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ལས་བྱེད་པས་སྒྲིག་བཀུར་ཁྲིམས་སྲུང་བྱེད་པ་དེ་ནང་སེམས་སུ་འཇགས་པ་དང་ཕྱི་ལག་ལེན་ལ་འཁྱོལ་བར་སྐུལ་འདེད་གཏོང་དགོས། སློབ་གསོ་དག་ཐེར་གྱི་གྲུབ་འབྲས་དངོས་སྒྲིག་བཤེར་ལྟ་ཞིབ་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་སུ་བསྒྱུར་ནས་ལོ་ཧྲིལ་པོའི་ལས་འགན་ཁག་ལེགས་འགྲུབ་ཡོང་བའི་འགན་ལེན་ཏན་ཏིག་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།