དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཡན་ཅིན་ཧའེ།
  • ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-08

    ཚེས་6ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་སྟེ། འབྲུ་རིགས་བདེ་འཇགས་དང་། བཟའ་བཅའི་བདེ་འཇགས། དུག་འགོག ནག་སེལ་གཤེད་བཅོམ་བཅས་ཀྱི་ལས་དོན་སྙན་སེང་གསན་པ་དང་། གློག་རིན་ལེགས་སྒྲིག་དང་སྨན་བཅོས་ཞབས་འདེགས་ཀྱི་རྣམ་གྲངས་ཁག་གཅིག་གི་རིན་གོང་སྟབས་བསྟུན་ལེགས་སྒྲིག་སོགས་ཀྱི་དོན་གནད་ལ་ཞིབ་འཇུག་གནང་བ་རེད།

    ཚོགས་འདུར་བསྟན་དོན། འབྲུ་རིགས་ཀྱི་བདེ་འཇགས་ནི་རྒྱལ་ཁབ་བདེ་འཇགས་ཀྱི་རྨང་གཞི་གལ་ཆེན་ཞིག་དང“རྒྱལ་ཁབ་ཀྱི་དོན་ཆེན”ངོ་མ་རེད། ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་གཙོ་གནད་ལས་འགན་ལ་དམ་འཛིན་ལྷོད་མེད་བྱས་ནས། རྨོ་ཞིང་སྲུང་སྐྱོང་ལམ་ལུགས་ནན་ཤོས་མཐའ་འཁྱོངས་ཀྱིས་རྨོ་ཞིང་གི་དམར་ཐིག་ཡག་པོ་སྲུང་བ་དང་། ཡུན་རིང་གཞི་རྩའི་ཞིང་ཁ་སྲུང་སྐྱོང་ཡག་པོ། རྨོ་ཞིང་བཟུང་གསབ་དོ་སྙོམས་དང་ཕྱིར་གཏོང་ནང་འདྲེན་དོ་སྙོམས་དོན་འཁྱོལ་ཡག་པོ་བཅས་བྱས་ཏེ་རྨོ་ཞིང“ཞིང་ལས་མིན་པ”དང“འབྲུ་རིགས་མིན་པར”སྤྱོད་རིགས་མཐའ་གཅིག་ཏུ་འགོག་དགོས་པ་དང་། “ཞིང་བརྟེན་འབྲུ་གསོག་དང་རྩལ་བརྟེན་འབྲུ་གསོག”གི་འཐབ་ཇུས་མཐའ་གཅིག་ཏུ་དོན་འཁྱོལ་བྱས་ཏེ་ཞིང་ས་གཤིན་པོར་རྨང་གཞི་འདིང་བ་དང་། སོན་བཟང་གི་རྗེས་སུ་སྙེག་པ། གོ་སྐབས་བཟང་པོས་ནུས་པ་མཐོ་རུ་གཏོང་བ། བྱ་ཐབས་བཟང་པོས་ལམ་སྟོན་བྱེད་པ། ལམ་ལུགས་བཟང་པོས་འགན་ལེན་བྱེད་པ་བཅས་ཀྱི་ཐད་ཤུགས་སྣོན་དང་། མུའུ་རེའི་ཐོན་ཚད་མཐོ་རུ་གཏོང་བ་དང་སྤྱིའི་ཐོན་ཚད་མང་དུ་གཏོང་བར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ་རྫས་ལུད་དང་ཞིང་སྨན་སྤྱོད་ཚད་མི་འཕར་བའི་འགན་ལེན་བྱེད་དགོས།

    འབྲུ་རིགས་བདེ་འཇགས་ངང་གྲབས་གསོག་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་ས་གནས་ཀྱི་གསོག་འབྲུའི་དོ་དམ་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས།

    ཚོགས་འདུའི་ཐོག་བསྟན་དོན། བཟའ་བཅའི་བདེ་འཇགས་ནི་ཐོན་སྐྱེད་བྱས་པ་ཞིག་དང་ལྟ་སྐུལ་དོ་དམ་བྱས་ནས་བྱུང་བ་ཞིག་རེད་ལ། བཅོས་སྐྱོང་བྱས་ནས་བྱུང་བ་ཞིག་དེ་བས་རེད། “དོ་དམ་ནན་པོ”བྱེད་པའི་ཐད་ཤུགས་སྣོན་བརྒྱབ་ནས། འབྱུང་རྩ་ནས་ནན་འགོག་དང་། བརྒྱུད་རིམ་ལ་དོ་དམ་ནན་པོ། ཉེན་ཁ་ཚོད་འཛིན་ནན་པོ་བཅས་མཐའ་འཁྱོངས་ཀྱིས་ཞིང་ཁ་ནས་གསོལ་ཅོག་བར་བརྒྱུད་རིམ་ཚང་མར་སྲུང་སྐྱོང་ཡག་པོ་བྱེད་དགོས།

    ཚོགས་འདུའི་ཐོག་བསྟན་དོན། ནག་ཚོགས་དང་དུག་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་ལ་ངེས་པར་དུ་ཁྲིམས་ལྟར་རྡུང་རྡེག་མཐའ་གཅིག་ཏུ་ནན་པོ་གཏོང་དགོས། ཟིལ་ཤུགས་མངོན་པར་བྱས་ཏེ་ཆེད་ལས་མི་སྣ་དང་མང་ཚོགས་ཟུང་འབྲེལ་དང་མཉམ་འགོག་མཉམ་བཅོས་མཐའ་འཁྱོངས་ཀྱིས་མང་ཚོགས་ནག་སེལ་གཤེད་བཅོམ་དང་དུག་འགོག་གི་ལས་དོན་ལ་རྒྱ་ཁྱབ་ཞུགས་རྒྱུར་སྐུལ་སློང་བྱེད་དགོས། ཕན་འབྲས་དངོས་ཐོན་པར་བྱས་ཏེ་ཕྱོགས་བསྡུས་བཅོས་སྒྲིག་དང་རྩ་ལག་མཉམ་བཅོས་མཐའ་འཁྱོངས་ཀྱིས་དུག་འགོག་དང་། ནག་སེལ་གཤེད་བཅོམ། གཞི་རིམ་རྩ་འཛུགས་འཛུགས་སྐྱོང་། རུལ་རྒོལ་འཐབ་རྩོད་སོགས་དང་ཟུང་འབྲེལ་བྱས་ནས་མི་དམངས་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་དགོས།

    ཚོགས་འདུའི་ཐོག་བསྟན་དོན། གློག་རིན་ལེགས་སྒྲིག་བྱེད་པ་ནི་ནུས་རྒྱུའི་གྲུབ་ཆ་ལེགས་སུ་དང་ནུས་རྒྱུའི་ལས་ཕྱོད་ཆེ་རུ་གཏོང་བའི་ཞིབ་ཕྲའི་བྱ་ཐབས་ཤིག་རེད། ད་ཐེངས་གློག་རིན་ལེགས་སྒྲིག་བྱས་རྗེས་བཟོ་ལས་ཆེན་པོའི་སྤྱོད་དུད་དང་སྤྱིར་བཏང་བཟོ་ཚོང་ལས་རིགས་སྤྱོད་དུད་ཀྱི་གློག་སྤྱོད་མ་གནས་དམའ་རུ་ནུས་ལྡན་དང་ནུས་རྒྱུ་གསར་པའི་གློག་གཏོང་ཁེ་ལས་ཀྱི་གཉེར་སྐྱོང་ཡོང་འབབ་མང་དུ་ནུས་ལྡན་འགྲོ་རྒྱུ་རེད། དྲིལ་བསྒྲགས་ལས་དོན་ཡག་པོ་བསྒྲུབས་ནས་གློག་སྤྱོད་ཚོགས་སྤྱི་དང་ལྷག་པར་དུ་མང་ཚོགས་དཀྱུས་མས་སྲིད་ཇུས་ཤེས་རྟོགས་དང་སྲིད་ཇུས་ཡག་པོ་སྤྱོད་ཐུབ་པར་བྱས་ཏེ་མཐའ་མཚམས་མང་ཚོགས་ལ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་ཚོར་བ་བྱེད་དགོས།

    ཚོགས་འདུའི་ཐོག་བསྟན་དོན། དུས་འགོའི་རིན་གོང་ལེགས་སྒྲིག་གི་ཚོད་སྐོར་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་མཆན་འགོད་བཀའ་ལན་ལ་གཞིགས་ནས་ད་ཐེངས་རང་ལྗོངས་ཀྱིས་སྨན་བཅོས་ཞབས་ཞུའི་རྣམ་གྲངས་465ཡི་རིན་གོང་ལེགས་སྒྲིག་བྱས་པ་དང་། གོམ་སྟབས་རྗེས་མར་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་སྤྱི་འདོམས་ཡག་པོ་བྱས་ཏེ་རིན་གོང་ལེགས་སྒྲིག་གི་སྲིད་ཇུས་ལག་བསྟར་འགན་ལེན་དང་། དྲིལ་བསྒྲགས་ལ་ཤུགས་སྣོན་དང་ཉེན་ཁ་འགོག་ཟོན་བྱས་ཏེ་རང་འགུལ་ངང་མང་ཚོགས་ལ་འབྲེལ་གཏུག་དང་འགྲེལ་བཤད་ཡག་པོ་རྒྱག་པ་དང་། ལག་བསྟར་དང་འགུལ་རྣམ་ལེགས་སྒྲིག་ལ་ཤུགས་སྣོན་བརྒྱབ་ནས་ཡོངས་བསྒྲགས་ལམ་ལུགས་ལག་བསྟར་ནན་པོ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།