དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ལའེ་ཅའོ།
  • ལའེ་ཅའོ་ལྗོངས་ཏང་ཨུད་རྩ་འཛུགས་པུའི་ཆེད་དོན་སློབ་སྦྱོང་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-04

    ཟླ་11ཚེས་2ཉིན། ལྗོངས་ཏང་ཨུད་རྩ་འཛུགས་པུས་ཆེད་དོན་སློབ་སྦྱོང་ཚོགས་འདུ་འཚོགས་ནས། རྒྱལ་ཡོངས་ཀྱི་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་ལས་དོན་ཚོགས་འདུ་དང་རྒྱལ་ཡོངས་ཀྱི་གཞུང་ལས་པའི་ལས་དོན་བཞུགས་མོལ་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད། ལག་བསྟར་དོན་འཁྱོལ་བྱེད་ཐབས་ལ་ཞིབ་འཇུག་ཀྱང་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ་རེད།

    ལའེ་ཅའོ་ཡིས། རྒྱལ་ཡོངས་ཀྱི་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་ལས་དོན་ཚོགས་འདུའི་ཐོག་ནས་ཏང་ཀྲུང་དབྱང་གིས་དུས་རབས་གསར་པའི་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་ལས་དོན་ལ་བཏོན་པའི་དགོངས་དོན་གསར་པ་དང་བླང་བྱ་གསར་པ་མངོན་ཡོད་པས། རྩ་འཛུགས་སྡེ་ཚན་གྱིས་ལས་འགན་ཨང་དང་པོར་དམ་འཛིན་ཡག་པོ་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པ་ལས་བྱེད་པར་སློབ་གསོ་གསོ་སྦྱོང་བྱེད་པའི་བརྗོད་དོན་གཙོ་བོ་དང་གཙོ་རྐང་དུ་འཛིན་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་སློབ་གསོ་གསོ་སྦྱོང་ལ་རྒྱུན་མཐུད་ཤུགས་སྣོན་རྒྱག་དགོས་ཞེས་གསུངས་པ་རེད།

    ལའེ་ཅའོ་ཡིས། རྒྱལ་ཡོངས་ཀྱི་གཞུང་ལས་པའི་ལས་དོན་གྱི་བཞུགས་མོལ་ཚོགས་འདུར་དུས་རབས་གསར་པའི་གཞུང་ལས་པའི་ལས་དོན་གྱི་གནས་བབ་ཀྱི་ནུས་པ་དང་། དམིགས་ཚད་ལས་འགན། འགན་འཁྲི་དང་ལས་འགན། ལག་ལེན་གྱི་བླང་བྱ་བཅས་ཁ་གསལ་བཏོན་ཡོད་ཅིང་། རྩ་འཛུགས་སྡེ་ཚན་གྱིས་ཆབ་སྲིད་ཀྱི་ཚད་གཞིར་བརྟེན་ནས་ཁ་ཕྱོགས་གཏན་འཁེལ་མཐའ་འཁྱོངས་ཀྱིས་གཞུང་ལས་པ་རྒྱུགས་སྤྲོད་བསྡུ་ལེན་དང་། ཧྲག་སྒྲུག འགན་གསར་འཁུར་བ། གདན་ཞུ་ལས་བསྐོས། དཔྱད་ཞིབ་སོགས་ཀྱི་ལས་དོན་སྤེལ་རིང་ཆབ་སྲིད་ཀྱི་དད་སེམས་དང་ཆབ་སྲིད་ཀྱི་ལངས་ཕྱོགས་སོགས་ལ་རྟོག་ཞིབ་དང་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་ཆབ་སྲིད་ཀྱི་ཐད་ཚད་མི་ལོན་པ་མཐའ་དག“སྤ་སེ་གཅིག་གིས་ཕྲུ་སློག”དགོས། བྱང་ཚད་མཐོ་བའི་གཞུང་ལས་པའི་དཔུང་ཁག་འཛུགས་སྐྱོང་བྱས་ཏེ་གཞུང་ལས་པ་རྒྱུགས་སྤྲོད་ཧྲག་སྒྲུག་དང་ཕྱོགས་གཉིས་ནས་ཆེད་དོན་བསྡུ་ལེན་སོགས་ཀྱི་ལས་དོན་ཡག་པོ་ནན་ཏན་བསྒྲུབས་ནས། ལས་གནས་སུ་ཐོག་མར་འབྱོར་བའི་གསོ་སྦྱོང་དང་། ལས་འགན་འཁུར་རིང་གི་གསོ་སྦྱོང་། ལས་ཐོག་གསོ་སྦྱོང་བཅས་ཏན་ཏིག་སྤེལ་དགོས། དོ་དམ་ནན་པོ་དང་གཅེས་སྐྱོང་ཟུང་འབྲེལ་མཐའ་འཁྱོངས་ཀྱིས་རྒྱུན་གཏན་གྱི་དོ་དམ་ལྟ་སྐུལ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། དཔྱད་ཞིབ་དང་བྱ་དགའ་སྤྲོད་པའི་ལམ་སྲོལ་ལེགས་སུ་གཏོང་བ། རྒྱ་ཆེའི་གཞུང་ལས་པས་རང་འགུལ་ངང་འགན་འཁྲི་འཁུར་བ་དང་བྱས་རྗེས་འཇོག་པར་སྐུལ་མ་གཏོང་བ་བཅས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་ཧུར་ཐག་རྩོམ་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།