དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ལིའུ་ཅང་།
  • རང་སྐྱོང་ལྗོངས་ཀྱི་ཡིག་འབུལ་ཞུ་བཅར་ལས་དོན་མཉམ་འབྲེལ་ཚོགས་འདུའི་2023ལོའི་ཚང་འཛོམས་ཚོགས་འདུ་ཐེངས་གསུམ་པ་དང་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པའི་ཡིག་འབུལ་ཞུ་བཅར་ཁྱབ་ཁོངས་ཀྱི་ཆེད་དོན་བཅོས་སྒྲིག་གི་སྐུལ་འདེད་ཚོགས་འདུ་འཚོགས་པ།

    ལིའུ་ཅང་གིས་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-04

    ཚེས་1ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་གིས་རང་སྐྱོང་ལྗོངས་ཀྱི་ཡིག་འབུལ་ཞུ་བཅར་ལས་དོན་མཉམ་འབྲེལ་ཚོགས་འདུའི་2023ལོའི་ཚང་འཛོམས་ཚོགས་འདུ་ཐེངས་གསུམ་པ་དང་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པའི་ཡིག་འབུལ་ཞུ་བཅར་ཁྱབ་ཁོངས་ཀྱི་ཆེད་དོན་བཅོས་སྒྲིག་གི་སྐུལ་འདེད་ཚོགས་འདུ་གཙོ་སྐྱོང་གནང་སྐབས། མི་དམངས་ཀྱི་ཡིག་འབུལ་ཞུ་བཅར་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་དོན་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཡིག་འབུལ་ཞུ་བཅར་ལས་དོན་ཁྲིམས་སྐྱོང་ཅན་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཧུང་པོ་ཚོགས་འདུར་ཞུགས་པ་དང་འབྲེལ། བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པའི་ཡིག་འབུལ་ཞུ་བཅར་ཁྱབ་ཁོངས་ཀྱི་ཆེད་དོན་བཅོས་སྒྲིག་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད།

    ཚོགས་འདུར་མི་དམངས་ཀྱི་ཡིག་འབུལ་ཞུ་བཅར་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་དོན་གལ་ཆེན་སློབ་སྦྱོང་ནན་ཏན་དང་། ཀྲུང་དབྱང་གི་ཡིག་འབུལ་ཞུ་བཅར་ལས་དོན་མཉམ་འབྲེལ་ཚོགས་འདུའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་དགོངས་དོན་སློབ་སྦྱོང་། འདི་ལོ་ཚུན་གྱི་ལྗོངས་ཡོངས་ཀྱི་ཡིག་འབུལ་ཞུ་བཅར་ལས་དོན་ལ་ཕྱོགས་སྡོམ་བྱས་པ་དང་འབྲེལ། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ལྗོངས་ཡོངས་ཀྱི་ཡིག་འབུལ་ཞུ་བཅར་ལས་དོན་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་རེད།

    ལིའུ་ཅང་གིས་མི་དམངས་ཀྱི་ཡིག་འབུལ་ཞུ་བཅར་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་དོན་གལ་ཆེན་ནི་དུས་རབས་གསར་པའི་མི་དམངས་ཀྱི་ཡིག་འབུལ་ཞུ་བཅར་ལས་དོན་ལེགས་པར་སྒྲུབ་པའི་རྩ་འཛིན་དང་བླ་སྲོག་རེད། རིམ་ཁག་སྡེ་ཚན་ཁག་དང་ལྷག་པར་དུ་ཡིག་འབུལ་ཞུ་བཅར་སྡེ་ཚན་གྱིས་སློབ་སྦྱོང་དང་། ལག་བསྟར། དོན་འཁྱོལ་བཅས་ལ་དམ་འཛིན་ཏན་ཏིག་བྱས་ཏེ། དུས་རབས་གསར་པའི་ཡིག་འབུལ་ཞུ་བཅར་ལས་དོན་གྱི་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་སྟངས་འཛིན་བྱེད་དགོས། ཏང་གིས་ཡིག་འབུལ་ཞུ་བཅར་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་མཐའ་འཁྱོངས་བྱས་ནས། ཆབ་སྲིད་ཀྱི་འཇོན་ཐང་ཆེ་རུ་གཏོང་བར་ཤུགས་སྣོན་བརྒྱབ་སྟེ། “གཏན་འཁེལ་གཉིས”སྲུང་སྐྱོང་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས། ཡིག་འབུལ་ཞུ་བཅར་ལས་དོན་གྱི་སྲོལ་ཡིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཏང་གི་འགོ་ཁྲིད་ཡིག་འབུལ་ཞུ་བཅར་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ལ་ཁྱབ་པར་བྱེད་དགོས། ཡིག་འབུལ་ཞུ་བཅར་ལས་ཁུངས་སྒྱུར་བཅོས་ལ་སྐུལ་འདེད་བརྟན་པོ་བཏང་ནས་དམངས་ཀྱི་དཀའ་གནད་སེལ་བ་དང་ཏང་ལ་དཀའ་ངལ་སེལ་རོགས་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཡག་པོ་སྒྲུབ་དགོས་པའི་ནན་བཤད་གནང་བ་རེད།

    ལིའུ་ཅང་གིས“འཕར་བ་གཅིག་དང་། ཆག་པ་གཅིག ཉུང་གཏོང་གཅིག”བཅས་ཀྱི་དམིགས་ཚད་ལ་གཞིགས་ཏེ་ཡིག་འབུལ་ཞུ་བཅར་གྱི་ཐོན་ཁུངས་བཅོས་སྐྱོང་དང་། ཡིག་འབུལ་ཞུ་བཅར་བསྐྱར་ཟློས། ནར་ལུས་གྱོད་དོན་སེལ་བ་སོགས་ཀྱི་ལས་དོན་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། ཡིག་འབུལ་ཞུ་བཅར་གྱི་ཐབས་ལམ་ཤར་བགྲོད་དང་ཚད་ལྡན་དུ་བཏང་ནས་མང་ཚོགས་ལ་དཀའ་ངལ་འཕྲད་སྐབས་སྐད་ཆ་ཤོད་ས་དང་། གནས་ལུགས་ཤོད་ས། རེ་བ་ཞུ་ས། གནད་དོན་ཐག་གཅོད་བྱེད་ས་བཅས་ཡོད་པར་བྱེད་དགོས། ཡིག་འབུལ་ཞུ་བཅར་གྱི་ཐོག་མའི་ལས་དོན་ལེགས་པར་སྒྲུབ་པ་དང་། སེལ་ཐབས་ལམ་སྲོལ་སྣ་མང་ཅན་འཐུས་སྒོ་ཚང་དུ་བཏང་ནས་ཐེངས་གཅིག་ལ་སེལ་ཚད་དང་མང་ཚོགས་བློ་ཡིད་ཚིམ་ཚད་མཐོ་རུ་ཧུར་ཐག་གཏོང་དགོས། ཡིག་འབུལ་ཞུ་བཅར་བསྐྱར་ཟློས་དང་ནར་ལུས་ཀྱི་གྱོད་དོན་སེལ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ནས་གསལ་ཐོ་རྣམ་པའི་དོ་དམ་ལག་བསྟར་དང་། འགོ་ཁྲིད་ཀྱིས་གྱོད་དོན་འགན་གཙང་བླངས་ནས་སེལ་བའི་འགན་འཁྲི་དོན་འཁྱོལ་བྱས་ཏེ། གྱོད་དོན་ཐག་གཅོད་དང་སེམས་ནད་སེལ་ཐུབ་པར་བྱེད་དགོས། ཡིག་འབུལ་ཞུ་བཅར་ཁྱབ་ཁོངས་ཀྱི་ཆེད་དོན་བཅོས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་གནད་དོན་ཡོད་ཚད་ཐག་གཅོད་གང་ལེགས་ཐུབ་པའི་འགན་ལེན་ཏན་ཏིག་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པའི་ཕན་འབྲས་གང་ལེགས་མངོན་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།