དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན(རྒྱ་ཆེ)གྱི་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-04

    ཚེས་2ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན(རྒྱ་ཆེ)གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་ནན་ཏན་དང་ལྗོངས་ཡོངས་ཀྱི་ལག་བསྟར་དོན་འཁྱོལ་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད།

    ཚོགས་འདུའི་ཐོག ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་དང་། ཅང་ཤིས་སུ་རྟོག་ཞིབ། འབྲི་ཆུའི་དཔལ་འབྱོར་དར་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ། སྐབས་གསུམ་པའི“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་བཅས་ཐོག་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་སོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། རྒྱལ་ནང་དང་རྒྱལ་སྤྱིའི་རྒྱུན་འཁོར་གཉིས་ནང་ཧུར་ཐག་ཞུགས་པ། རང་ལྗོངས་འདི་ཉིད“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ནང་ཞུགས་པའི་ལས་དོན་ཁག་ལ་སྤུས་ཚད་མཐོ་པོས་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོང་གི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ། ལས་ཀའི་འདུ་ཤེས་གསར་གཏོད་དང་ལས་ཀའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་མགྱོགས་སུ་གཏོང་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་སྲིད་སྐྱོང་བྱས་འབྲས་ཀྱི་ལྟ་བ་ཡང་དག་འཛུགས་པ་དང་ལག་ལེན་བསྟར་ནས་སྤྱོད་ཚུལ་མུ་མཐུད་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ཤུགས་ཆེན་བྱས་ཏེ་ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་གྲུབ་འབྲས་དངོས་གཏོད་གང་ཐུབ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་དགུ་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་ཏང་གི་མི་རིགས་ལས་དོན་གྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་གསར་པ་སྟངས་འཛིན་ཡང་དག་བྱས་ནས་རིགས་པའི་གཞུང་ལུགས་དང་ལག་ལེན་དང་། ཐུན་མོང་རང་བཞིན་དང་ཁྱད་པར་རང་བཞིན། “སྣ་མང”དང“གཞི་གཅིག” ཀྲུང་ཧྭའི་རིག་གནས་དང་མི་རིགས་ཁག་གི་རིག་གནས། དངོས་པོ་དང་བསམ་པ། མིག་སྔ་དང་སླད་ཕྱིན་བཅས་ཀྱི་འབྲེལ་བ་སྟངས་འཛིན་ཡག་པོ་བྱས་ཏེ་ཏང་གི་མི་རིགས་ལས་དོན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་དང་ལེགས་སུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ། ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་ཧུར་ཐག་བསྐྲུན་པར་སྐུལ་འདེད་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་དེ་བས་ལེགས་པའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མི་རིགས་ཁག་གོང་བུ་གཅིག་ཏུ་སྒྲིལ་བ་དང་། དེ་བས་མི་རིགས་ཁག་འཕེལ་རྒྱས་གཏོང་བ། མི་རིགས་ཁག་དར་རྒྱས་ཡོང་བ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་དང་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་གསར་པའི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་མཉམ་དུ་གླེང་མོལ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཀྲུང་ཧྭ་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་བཙུགས་ནས་ལོ་ངོ་70འཁོར་བར་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་གལ་ཆེན་བརྒྱུད་བསྒྲགས་བྱས་པ་དང་། ལྗོངས་ཡོངས་ཀྱི་མང་ཚོགས་ཚོགས་པའི་ལས་དོན་གྱི་སྙན་སེང་གསན་པ་རེད། ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་དང་ལྷག་པར་དུ་རིམ་ཁག་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མང་ཚོགས་ཚོགས་པའི་འཕེལ་རྒྱས་ཀྱི་ལམ་བུར་བློ་བརྟན་འགྱུར་མེད་ངང་ཡག་པོ་བསྐྱོད་དེ་ཐོག་མཐའ་བར་གསུམ་དུ་ཏང་དང་སེམས་པ་གཅིག་མཐུན་དང་། དུས་རབས་དང་གོམ་པ་གཅིག་མཚུངས། འབྲེལ་བ་བྱ་ཡུལ་མང་ཚོགས་དང་སྐྱིད་སྡུག་མཉམ་མྱོང་བཅས་མཐའ་འཁྱོངས་བྱས་ནས་བཟོ་ཚོགས་དང་། བུད་མེད་མཉམ་འབྲེལ་ལྷན་ཚོགས། བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱི་ལས་དོན་ལ་མུ་མཐུད་ཤུགས་སྣོན་དང་ལེགས་སུ་གཏོང་བ་དང་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་མང་ཚོགས་སྒྲིག་འཛུགས་དང་། སྐུལ་སློང་། མཐུན་སྒྲིལ་བཅས་རྒྱ་ཁྱབ་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པའི་ལས་དོན་སྤེལ་ཚུལ་གྱི་སྙན་སེང་གསན་ཞིང་། ཝང་ཅུན་ཀྲེང་གིས་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་གཏིང་ཟབ་སྤེལ་བ་དང་། “གཤམ་སྤེལ་བཞིའི”སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ། གཞི་རིམ་དང་མང་ཚོགས་ཀྱི་ཁྲོད་དུ་རྩ་བ་ཚུགས་ནས་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་པ་དང་། རིགས་དབྱེ་མཛུབ་ཁྲིད། རྨང་རྩ་གཉིས་བརྟན། སྤྱི་འདོམས་མཐུན་སྦྱོར། འགོ་ཁྲིད་ཀྱི་མཛུབ་སྟོན་བཅས་ལ་དེ་བས་སྣང་ཆེན་བྱས་ཏེ་ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། བྱེད་ཕྱོགས། སྲིད་ཇུས་བཅས་དྲིལ་བསྒྲགས་བྱ་རྒྱུ་ལས་འགན་གལ་ཆེན་དུ་བརྩི་བ་དང་། བརྟག་དཔྱད་ཞིབ་འཇུག་བྱ་རྒྱུ་ཐབས་ལམ་གལ་ཆེན་དུ་བརྩི་བ། གནད་དོན་ཐག་གཅོད་བྱ་རྒྱུ་འགག་རྩའི་ཁྲིད་སྟོན་དུ་བརྩི་བ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དོན་ལ་བབས་སར་བརྩི་བ། ལམ་ལུགས་འཛུགས་སྐྱོང་བྱ་རྒྱུ་རྩ་བཅོས་ཀྱི་བྱེད་ཐབས་སུ་བརྩི་བ་བཅས་མཐའ་འཁྱོངས་བྱས་ཏེ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་རང་རྟོགས་ངང་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་ལག་བསྟར་དང་དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སུ་ཡག་པོ་བསྐྱོད་དེ་བརྗོད་དོན་གཙོ་བོའི་སློབ་གསོར་ཕན་འབྲས་དངོས་ཐོན་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་ཏང་གི་ལོ་རྒྱུས་ལས་དོན་སྤེལ་ཚུལ་གྱི་སྙན་སེང་གསན་པ་དང་། 《རང་སྐྱོང་ལྗོངས་ཏང་གི་ལོ་རྒྱུས་ལས་དོན་གྱི་འཆར་འགོད(2023ལོ་ནས་2027ལོའི་བར)》ལ་ཞིབ་འཇུག་བྱས་པ་རེད། ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་དང་ལྷག་པར་དུ་ལོ་རྒྱུས་ཆོས་འབྱུང་ལས་དོན་སྡེ་ཚན་གྱིས“ཏང་གི་ལོ་རྒྱུས་ཀྱིས་ཏང་དང་། མི་དམངས། སྤྱི་ཚོགས་རིང་ལུགས་བཅས་ལ་ཞབས་འདེགས་ཞུ་བའི”རྩ་བའི་དམིགས་ཡུལ་མཐའ་འཁྱོངས་བྱས་ཏེ“ལོ་རྒྱུས་དེང་གི་དཔྱད་གཞིར་འཛིན་པ་དང་སྲིད་སྐྱོང་ལ་བརྟེན་ནས་མི་སྣ་སྐྱོང་བའི”རྩ་བའི་ལས་འགན་ལ་སྟངས་འཛིན་ནན་པོ་བྱེད་པ་དང་། གཡུལ་སའི་འདུ་ཤེས་ཟབ་ཏུ་གཏོང་བ། འགན་ནུས་འདོན་སྤེལ་བྱེད་པ། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་། སློབ་གསོ། དྲིལ་བསྒྲགས་བཅས་གཏིང་ཟབ་བྱེད་པ། བོད་ཀྱི་ཐུན་མོང་མ་ཡིན་པའི་ཏང་གི་ལོ་རྒྱུས་ཀྱི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱེད་པ་དང་། ལོ་རྒྱུས་ཆོས་འབྱུང་སྡེ་ཚན་གྱི་བསམ་བློ་ཆབ་སྲིད་དང་ལས་སྒོའི་འཇོན་ཐང་ཆེ་རུ་གཏོང་བར་ཤུགས་སྣོན་རྒྱག་པ། དུས་རབས་གསར་པའི་ཏང་གི་ལོ་རྒྱུས་དང་ས་གནས་ཆོས་འབྱུང་ལས་དོན་གྱི་རྣམ་པ་གསར་པ་གཏོད་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།