དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཝང་ཝུའེ་ཏུང་གིས་རང་སྐྱོང་ལྗོངས་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་རིགས་པའི་གཞུང་ལུགས་ལྟེ་བའི་ཚོགས་ཆུང་གི་2023ལོའི་སློབ་སྦྱོང་ཚོགས་འདུ་ཐེངས་18པ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-11-01

    ཟླ་10ཚེས་30ཉིན། རང་སྐྱོང་ལྗོངས་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་2023ལོའི་སློབ་སྦྱོང་ཚོགས་འདུ་ཐེངས་18པ་འཚོགས་ནས། ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཝང་ཝུའེ་ཏུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཚོགས་འདུའི་ཐོག ཏང་འཛུགས་སྐྱོང་ལ་དམིགས་ནས་ཆབ་སྲིད་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་དང་། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཏང་གི་ཆབ་སྲིད་འཛུགས་སྐྱོང་གཅིག་འདོམས་སུ་བྱེད་པར་ལྟ་སྐུལ་དང་། ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། རང་ངོས་གསར་བརྗེའི་གཞི་རྩའི་ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་པོར་བསྲུང་དགོས། བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དུ་བཏང་ནས། བསམ་བློ་འཛུགས་སྐྱོང་དེ་ཏང་གི་རྨང་གཞིའི་རང་བཞིན་འཛུགས་སྐྱོང་ལ་བརྩིས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བློ་སྒྲིལ་སེམས་སྐྱེད་དང་རང་ངོས་གསར་བརྗེར་ཞུན་བརྡར་གྱིས་བསམ་བློར་དྲག་ཆས་སྤྲོས་དགོས། ཏང་གཤིས་དང་། ཏང་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་ལ་མཉམ་དུ་དམ་འཛིན་མཐའ་འཁྱོངས་དང་། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་ཟབ་ཏུ་གཏོང་བ། “སྤྱོད་ཚུལ་བཞི”རྒྱུན་བསྲིང་ལྷོད་མེད་ངང་ཡོ་བསྲང་དང་བཅོས་སྒྲིག་བཅས་བྱས་ནས། རང་ངོས་གསར་བརྗེའི་ནུས་ལྡན་ཐབས་ལམ་ཕུན་སུམ་ཚོགས་སུ་གཏོང་དགོས། “རུལ་སུངས་ཐད་ཀྱི་བྱེད་མི་ཆོག་པ་གསུམ”ལ་སྡེབ་གཅིག་ཏུ་སྐུལ་འདེད་མཐའ་འཁྱོངས་གཏོང་བ། གཙོ་གནད་ཁྱབ་ཁོངས་དང་གཙོ་གནད་ཁ་གཏད་ཕྱོགས་ལ་དམ་པོར་དམིགས་པ། “སྟག་སྦྲང་མཉམ་རྡུང”ཐད་དོན་སྤྱི་སྒྲུབ་དང་འཁུར་མཉམ་ལེན་ཡོང་བ་བཅས་བྱས་ནས། རང་ངོས་གསར་བརྗེའི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་དགོས། ཚད་གཞི་དང་ཡང་ཡང་བསྡུར་ནས་གཅིག་ཤེས་ཀུན་གྲོལ་གྱིས་དག་ཐེར་བྱེད་ཟབ་ཏུ་གཏོང་བ་དང་། སྒྲིག་སྲོལ་ལམ་ལུགས་འཛུགས་པའི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པར་སྤྱི་འདོམས་བྱས་ནས། ཟོལ་མེད་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་སྒྲིག་བཤེར་ལྟ་ཞིབ་དཔུང་ཁག་གཅིག་གཏོད་དགོས་པའི་ནན་བཤད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།