དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་ལྷ་ས་གྲོང་ཁྱེར་དུ་སྨན་བཅོས་འགན་བཅོལ་གྱི་ལས་དོན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-31

    ཉེ་ཆར་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་མེ་ཡིས་སྣེ་ཁྲིད་དེ་ལྷ་ས་གྲོང་ཁྱེར་དུ་སྨན་བཅོས་འགན་བཅོལ་གྱི་ལས་དོན་ལ་བརྟག་ཞིབ་གནང་བ་རེད།

    བརྟག་ཞིབ་ཚོགས་ཆུང་དང་བཅས་པ་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་སྣེའུ་ཤང་འཕྲོད་བསྟེན་ཁང་སྣེའུ་གྲོང་ཚོའི་ཡན་ལག་ཁང་དང་། ཧྥུའུ་ཁང་སྨན་རྫས་ཚོང་ཁང(སྣེའུ་སྨན་རྫས་ཚོང་ཁང) རང་སྐྱོང་ལྗོངས་བུད་མེད་བུ་བཙའ་བྱིས་པའི་སྨན་ཁང་བཅས་སུ་བསྐྱོད་དེ། སྨན་བཅོས་འགན་བཅོལ་གྱི་གྲོང་ཚོའི་སྨན་འགན་ཀུན་འཐུས་POSའཕྲུལ་ཆས་སྤྱད་ནས་དུས་རྩིས་རྒྱག་ཚུལ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་སྨན་བཅོས་འགན་བཅོལ་གྱི་གཱ་སྤྱད་ནས་དུས་རྩིས་རྒྱག་ཚུལ་སོགས་ལ་བརྟག་ཞིབ་བྱས་པ་མ་ཟད། ད་དུང་ལས་དོན་པ་དང་བྱམས་བརྩེའི་ངང་སྤེལ་རེས་བྱས་ཏེ་ས་གནས་ས་ཐོག་ཏུ་སྨན་ཁང་གི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི“གཅིག་འཐུས་རྣམ་པའི”དུས་རྩིས་རྒྱག་ཚུལ་དང་། སྨན་བཅོས་འགན་བཅོལ་གྱི་སྤྱིར་བཏང་སྒོ་བསྟེན་སྨན་ཁང་དང་སྨན་ཁང་དུ་སྡོད་པའི་ཐོབ་ཐང་སོགས་འབྲེལ་ཡོད་སྲིད་ཇུས་དོན་འཁྱོལ་བྱས་ཚུལ་ལ་ལྟ་ཞིབ་བྱས་པ་རེད།

    བརྟག་ཞིབ་ཚོགས་ཆུང་གིས་འབྲེལ་ཡོད་ཚན་པ་ཁག་གིས་མི་དམངས་ལྟེ་བར་བཟུང་ནས་ལྟ་འདོམས་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་། སྨན་བཅོས་འགན་བཅོལ་གྱི་སྒྲིག་སྲོལ་ལམ་ལུགས་ཁག་ལག་བསྟར་ནན་པོ། སྨན་ཁང་གི་ནད་ཐོག་སྨན་བཅོས་ལས་སྒོའི་ཆུ་ཚད་མཐོ་རུ་གཏོང་བ། བློ་གཅིག་སེམས་གཅིག་གིས་མི་དམངས་མང་ཚོགས་ཀྱི་སྨན་སྤྱོད་བདེ་འཇགས་ལ་ཞབས་ཞུ་སྤུས་ལེགས་ཞུ་བ་བཅས་བྱེད་དགོས་པ་དང་། སྨན་བཅོས་ལས་སྒོ་རྒྱ་ཆེར་བཏང་ནས་སྨན་བཅོས་འགན་བཅོལ་གཉེར་བའི་ཞབས་འདེགས་ནུས་པ་ཆེ་རུ་བཏང་སྟེ། རྒྱ་ཆེའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་སྨན་བཅོས་འགན་བཅོལ་ལམ་ལུགས་ལས་བྱུང་བའི་སྟབས་བདེ་དང་ཕན་པ་ལོངས་སྤྱོད་ཐུབ་པར་བྱས་ནས། ལྗོངས་ཡོངས་ཀྱི་མི་འབོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐབས་ཇུས་ཧུར་ཐག་འདོན་དགོས་ཞེས་བསྟན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།