ཁྲེན་ཡུང་ཆིས་བོད་ལྗོངས་དང་མཚོ་སྔོན་བཟོ་ལས་གླིང་དུ་བརྟག་ཞིབ་གནང་བ།
ཟླ་10ཚེས་27ཉིན་དང་ཚེས་28ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆི་ཡིས་བོད་ལྗོངས་དང་མཚོ་སྔོན་བཟོ་ལས་གླིང་དང་། དེ་བཞིན་རྒྱལ་ཁབ་གཡང་ཊི་དང་ནོར་བུའི་རིགས་ཀྱི་རིག་གནས་མ་རྐང་ཚད་ཡོད་ཀུང་སི། བོད་ལྗོངས་དབན་ལི་ཐོན་ཁུངས་གསར་པ་ཚད་ཡོད་ཀུང་སི། བོད་ལྗོངས་ཅིའུ་ཝུའུ་རྒྱུ་ཆ་གསར་པ་ཚན་རྩལ་ཚད་ཡོད་ཀུང་སི་སོགས་ཁེ་ལས་སུ་བརྟག་ཞིབ་གནང་སྟེ། ཁེ་ལས་འཕེལ་རྒྱས་དང་གླིང་ཁུལ་འཛུགས་སྐྲུན་དང་། འཕེལ་རྒྱས་ཀྱི་འཆར་འགོད། ཐོན་ལས་ཀྱི་བཀོད་པ། ཚོང་གཉེར་ཁོར་ཡུག ཚོང་འགུགས་མ་འདྲེན་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།
ཁྲེན་ཡུང་ཆི་ཡིས་གསུངས་དོན། བོད་ལྗོངས་དང་མཚོ་སྔོན་གྱི་བཟོ་ལས་གླིང་ནི་བོད་ལྗོངས་ཀྱི་ཐོན་ཁུངས་ཀྱི་ལེགས་ཆ་དང་། སྲིད་ཇུས་ཀྱི་ལེགས་ཆ། ས་གནས་དེ་གའི་ས་བབ་ཀྱི་ལེགས་ཆ་བཅས་འདོན་སྤེལ་བྱས་ནས་དཔལ་འབྱོར་གི་འཕར་གཞི་གསར་པ་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བའི་ལས་སྟེགས་དང་གཞི་རྟེན་གལ་ཆེན་ཞིག་རེད། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ་བོད་ལྗོངས་དང་མཚོ་སྔོན་གྱི་བཟོ་ལས་གླིང་ཁུལ་འཕེལ་རྒྱས་གཏོང་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་དང་། གླིང་ཁུལ་དོ་དམ་བྱེད་སྟངས་གསར་གཏོད། གླིང་ཁུལ་འཕེལ་རྒྱས་ཀྱི་གསོན་ཤུགས་འཕེལ་བ་བཅས་བྱས་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་དགོས། འཆར་འགོད་ཀྱི་སྣེ་ཁྲིད་མཐའ་འཁྱོངས་བྱས་ཏེ་ལེ་ལག་ཚང་བའི་རྨང་གཞིའི་སྒྲིག་བཀོད་མགྱོགས་མྱུར་འཛུཊ་སྐྲུན་དང་། ད་ཡོད་ཀྱི་ཐོན་ཁུངས་ཐབས་བརྒྱ་ཇུས་སྟོང་ངང་སྤྱོད་པ། རྒྱུ་རྐྱེན་གཙོ་བོའི་འགན་ལེན་ལ་ཤུཊ་སྣོན་རྒྱག་པ་བཅས་བྱས་ནས་གླིང་ཁུལ་གྱི་ཐེག་ནུས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། གླིང་ཁུལ་གྱི་འགན་ནུས་དང་ངེས་གནས་ལ་གཞི་ཚུཊ་ནས་ཚོང་འགུཊ་མ་འདྲེན་གནད་སྨིན་བྱེད་པ་དང་། ཚོང་འགུགས་མ་འདྲེན་གྱི་སྤུས་ཚད་མཐོ་རུ་གཏོང་བ། ཁེ་ལས་ཆེ་གྲས་བསྡུ་བ་དང་ཁེ་ལས་སྟོབས་ཆེན་ནང་འདྲེན་བྱེད་པ། གཙོ་གནད་ཐོན་ལས་ལེགས་བསྡུས་དང་གཅིག་སྡུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་པ་དང་དུས་མཚུངས། ཀྲུང་དབྱང་གིས་བོད་ལ་གནང་བའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་བྱེད་སྤྱོད་ཏན་ཏིག་དང་བེད་སྤྱོད་ཡག་པོ་བྱས་ནས་ཁེ་ལས་ནང་འདྲེན་ཐུབ་པ་དང་། སྡོད་ཐུབ་པ། འཕེལ་རྒྱས་ཡག་པོ་གཏོང་བ་བཅས་ཀྱི་འགན་ལེན་བྱེད་དགོས། རྣམ་གྲངས་འཛུགས་སྐྲུན་ལ་མཐོང་ཧ་ཅང་ཆེན་པོ་བྱས་ནས་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་ཏན་ཏིག་སྒྲུབ་པ་དང་། སྐྲུན་བཞིན་པའི་རྣམ་གྲངས་ཀྱི་ཨར་སྐྲུན་མགྱོགས་པོ་བྱེད་པ། རྣམ་གྲངས་ལག་ལེན་བསྟར་རིང་གི་དཀའ་ངལ་དང་གནད་དོན་མཐུན་སྦྱོར་ཐག་གཅོད་ཧུར་ཐག་བྱེད་པ། རྣམ་གྲངས་སྔ་ཙམ་བདེ་བླག་ངང་ཐོན་སྐྱེད་བྱེད་འགོ་ཚུགས་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས་དཔལ་འབྱོར་གྱི་ཕན་འབྲས་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱེད་དགོས། རང་སྐྱོང་ལྗོངས་ཀྱི་ལག་བསྟར་ཇུས་གཞིའི་བླང་བྱ་གཞིར་བཟུང་། ཚོང་གཉེར་ཁོར་ཡུག་ནུས་ཤུགས་ཡོད་རྒུས་ལེགས་སུ་གཏོང་བ་དང་། དམིགས་ཚད་ཀྱི་སྔོན་ཐོན་བྱ་སྤྱོད་གཏིང་ཟབ་སྤེལ་བ། ཞབས་ཞུ་འགན་ལེན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ། གླིང་ཁུལ་གྱི་གཟུགས་བརྙན་ལེགས་སུ་གཏོང་བ་བཅས་བྱས་ནས། སྐྱོན་བྲལ་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་པོ་ཧུར་ཐག་གཏོད་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་དགོས།
ཁྲེན་ཡུང་ཆིས་ནན་བཤད་གནང་དོན། གླིང་ཁུལ་དོ་དམ་ཨུ་ལྷན་གྱིས་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་གཞན་སྒྱུར་ལ་རྒྱུན་མཐུད་སྐུལ་འདེད་བཏང་ནས“ལམ་གཉིས”ཀྱི་སྙིང་སྟོབས་དང་། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས། དམག་དཔོན་ཆེན་པོ་མུའུ་ཧྲེང་ཀྲུང་སོགས་གོར་མོར་བཅའ་སྡོད་བོད་ཀྱི་རྟེན་གཞི་གསར་སྤེལ་བ་དང་འཛུགས་སྐྲུན་པ་རྒན་གྲས་ཚོ་ས་མཐོར་གཞི་ཚུགས་པ་དང་མེས་རྒྱལ་འཛུགས་སྐྲུན་བྱེད་པའི་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། སྤྱོད་ཚུལ་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས།