དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཝང་ཅུན་ཀྲེང་གིས་བོད་རང་སྐྱོང་ལྗོངས་ཀྱི་ཏང་སྲིད་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་མཚོ་སྔོན་ཞིང་ཆེན་དུ་རྟོག་ཞིབ་དང་སློབ་སྦྱོང་གནང་བར་ཕེབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-30

    ཟླ་10ཚེས་26ནས་27ཉིན་བར། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་བོད་རང་སྐྱོང་ལྗོངས་ཀྱི་ཏང་སྲིད་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་མཚོ་སྔོན་ཞིང་ཆེན་དུ་རྟོག་ཞིབ་དང་སློབ་སྦྱོང་གནང་བར་ཕེབས་ཤིང་། འདི་ནི་འཐུས་མི་ཚོགས་པས་མཚོ་སྔོན་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སིའི་ཟི་ལིང་ཉི་ནུས་གློག་ཤུགས་ཡན་ལག་ཀུང་སིར་རྟོག་ཞིབ་གནང་བཞིན་པ།

    ཟླ་10ཚེས་26ནས་27ཉིན་བར། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་བོད་རང་སྐྱོང་ལྗོངས་ཀྱི་ཏང་སྲིད་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་མཚོ་སྔོན་ཞིང་ཆེན་དུ་རྟོག་ཞིབ་དང་སློབ་སྦྱོང་གནང་བར་ཕེབས་ཤིང་། འདི་ནི་མཚོ་སྔོན་དང་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་འཚོག་བཞིན་པ།

     ཟླ་10ཚེས་26ནས་27ཉིན་བར། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་བོད་རང་སྐྱོང་ལྗོངས་ཀྱི་ཏང་སྲིད་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་མཚོ་སྔོན་ཞིང་ཆེན་དུ་རྟོག་ཞིབ་དང་སློབ་སྦྱོང་གནང་བར་ཕེབས་པ་རེད། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་མཚོ་སྔོན་ཞིང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཀང་ཞིང་ལྗོངས་གཉིས་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། མཚོ་སྔོན་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲེང་ཀྲང་ཝུའུ་ཞའོ་ཅུན་དང་། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆི་ཁག་སོ་སོས་ཞིང་ལྗོངས་གཉིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་གནང་བ་རེད།

    འཐུས་མི་ཚོགས་པ་སྔ་རྗེས་སུ་ཟི་ལིང་གྲོང་ཁྱེར་ཁྲེང་ཤིས་ཆུས་སྤྱི་ཚོགས་བཅོས་སྐྱོང་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་དང་། མཚོ་སྔོན་ཁུ་ཁུ་ཤིས་རི་བཟའ་བཅའ་ཚད་ཡོད་ཀུང་སི། ཧྲེང་ཡོན་ས་གདན་ཚོགས་པ་ཚད་ཡོད་ཀུང་སི། མཚོ་སྔོན་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སིའི་ཟི་ལིང་ཉི་ནུས་གློག་ཤུགས་ཡན་ལག་ཀུང་སི། མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་བཀོད་འདོམས་ལྟེ་གནས་བཅས་སུ་ཕེབས་ནས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་དང“གཅིག་འཐུས་རྣམ་པའི”ཞབས་ཞུ་སོགས་ཀྱི་ལས་དོན་ལ་ས་གནས་ས་ཐོག་ཏུ་གཟིགས་ཞིབ་གནང་བ་དང་འབྲེལ། ཁྱད་ལྡན་ལེགས་ཆའི་ཐོན་ལས་དང་ནུས་རྒྱུ་གཙང་མ་གསར་སྤེལ་དང་བེད་སྤྱོད་བྱེད་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།ཚང་མས། མཚོ་སྔོན་གྱི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོ་དག་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་ཧུར་ཐག་བྱས་ཏེ་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་དང་གྲུབ་འབྲས་དངོས་ལ་བསྒྱུར་གང་ཐུབ་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།

    མཚོ་སྔོན་དང་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུའི་ཐོག་ཝང་ཅུན་ཀྲེང་གིས་མཚོ་སྔོན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་དུས་ཡུན་རིང་པོའི་ནང་བོད་ཀྱི་ལས་དོན་ལ་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་ཡི་རངས་ཀྱང་གནང་ཞིང་། ཁོང་གིས། ལོ་མང་རིང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་དང་། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་། མེས་རྒྱལ་གྱི་མཐའ་མཚམས་སྲ་བརྟན་བཅས་ལ་མཚོ་སྔོན་གྱིས་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་པ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་སེམས་ལ་བརྟན་པོར་ངེས་ཡོད་ཅེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས། ལོ་ངོ་སྟོང་ཕྲག་རིང་བོད་དང་མཚོ་སྔོན་གྱི་མི་རིགས་ཁག་གི་མང་ཚོགས་ཚོས་མཚོ་བོད་ས་མཐོའི་ས་གཞི་ཆེན་པོ་འདིའི་ཐོག་མཉམ་དུ་འཚོ་བ་བསྐྱལ་ནས་ཐུན་མོང་གི་འགན་འཁྲི་ཕྲག་ཐོག་ཏུ་ཁུར་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དང་མཚོ་སྔོན་གྱི་ལས་དོན་སྐོར་ལ་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ནས། ང་ཚོར་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བའི་ལོ་རྒྱུས་ཀྱི་འགན་འཁྲི་དཀྲིས་གནང་ཡོད། ང་ཚོས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་ལེན་གཏིང་ཟབ་བསྟར་ནས་མཚོ་བོད་ས་མཐོའི་རིན་ཐང་ཆེ་ཤོས་དང་། འགན་འཁྲི་ཆེ་ཤོས། མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་བཅས་སྐྱེ་ཁམས་ལ་གནས་པར་ངོས་འཛིན་གཏིང་ཟབ་བྱས་ཏེ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་དང་། མཚོ་བོད་ས་མཐོའི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན་འདི་སྲུང་སྐྱོང་ཡག་པོ་བྱས་ནས་ཀྲུང་ཧྭ་མི་རིགས་མུ་མཐུད་འཕེལ་རྒྱས་འགྲོ་བར་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་གཏིང་ཟབ་བསྟར་བ་དང་། དཔལ་འབྱོར་འཕེལ་རྒྱས་ཁྱབ་ཁོངས་སུ་མཉམ་ལས་དམ་ཟབ་བྱེད་པ། ཕྱོགས་བསྡུས་འགྲིམ་འགྲུལ་མ་ལག་སྐྲུན་པ། ལེགས་ཆ་གསབ་རེས་དང་ཐོན་ལས་མཉམ་འགུལ་བྱེད་པ། རྨང་གཞིའི་སྒྲིག་བཀོད་ཀྱི་མཉམ་སྦྲེལ་མཉམ་མཐུད་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་བཅས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་འདིང་དགོས་པ། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དམིགས་ས་དང་ཤུགས་རྒྱག་སར་བརྩི་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་འཛིན་པ། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་མཉམ་དུ་སྐྲུན་དགོས་པ། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོར་འཛུགས་པ་དང་། གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ། སྤྱི་ཚོགས་བརྟན་ལྷིང་དང་མཐའ་མཚམས་བདེ་འཇགས་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་པ། འགལ་ཟླ་དང་རྩོད་གཞི་གཞི་རིམ་དུ་སེལ་བ་དང་ཐོན་མ་ཐག་ནས་སེལ་བ། སྤྱི་ཚོགས་སྤྱི་ཡོངས་ཡུན་རིང་ཞི་མཐུན་བརྟན་ལྷིང་ཡོང་བར་འགན་ལེན་བཅས་བྱས་ནས་ཡུན་རིང་བདེ་འཁོད་ལ་རྨང་གཞི་བརྟན་པོ་འདིང་དགོས་པ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ་དང་། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་མང་ཚོགས་ཀྱི་རེ་འདོད་ཁོང་དུ་བརྟན་པོར་ཆུད་པ། དམངས་འཚོར་འགན་ལེན་དང་ལེགས་སུ་གཏོང་རྒྱུ་ལས་ཀའི་གཙོ་གནད་ལ་བརྩིས་ནས་སྤྱི་ཚོགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། དམངས་འཚོའི་ལས་དོན་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བ། དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བ་བཅས་བྱས་ནས། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ཁྲེན་ཀང་གིས་མཚོ་སྔོན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ཚབ་ཞུས་ནས་བོད་ཀྱི་ཏང་སྲིད་འཐུས་མི་ཚོགས་པ་དང་བཅས་པ་ཕེབས་པར་དགའ་བསུ་ཞུས་པ་དང་ཆབས་ཅིག བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་གསར་པར་རྟེན་འབྲེལ་ཡང་ཞུས་ཤིང་། ཁོང་གིས། ང་ཚོས་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་མཉམ་དུ་བསྐྲུན་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་དང་། རྒྱལ་ཁབ་ཀྱི་ཆུ་རྩ་གསོ་ཁུལ། རྒྱལ་ཁབ་ཀྱི་རྩ་ཆེའི་རི་སྐྱེས་སྲོག་ཆགས་དང་རྩྭ་རྩི་ཤིང་གི་རིགས་ཁྱུ་བཅས་ལ་སྲུང་སྐྱོང་བྱེད་པའི་འགན་འཁྲི་ཏན་ཏིག་ཁུར་ནས་མཚོ་བོད་ས་མཐོའི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་ཡག་པོ་བྱེད་པའི་ཐད་ཐུན་མོང་ཐོག་ཤུགས་རྒྱག་གི་ཡིན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མཉམ་ལས་ཟབ་ཏུ་གཏོང་བ་དང་། མཉམ་ལས་ཀྱི་རྨང་གཞི་བཟང་པོར་གཞི་ཚུགས་པ། མཉམ་ལས་ཀྱི་ཁྱབ་ཁོངས་སྔར་བས་རྒྱ་ཆེར་གཏོང་བ། ནུས་རྒྱུ་གཙང་མ་དང་། ཚྭ་མཚོའི་ཐོན་ལས། ཞིང་འབྲོག་ཐོན་རྫས་སོགས་ཁྱབ་ཁོངས་ཀྱི་མཉམ་གྲོས་མཉམ་སྐྲུན་དང་མཉམ་སྤྱོད་གཉིས་ཕན་ལ་རྒྱུན་མཐུད་ཤུགས་རྒྱག་པ་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་ནུས་རྒྱུའི་ཐོན་ཁུངས་བདེ་འཇགས་འགན་ལེན་ལ་ལེགས་སྐྱེས་གསར་པ་འབུལ་གྱི་ཡིན། མི་སྣ་འགྲོ་འོང་དང་རིག་གནས་སྤེལ་རེས་ལ་མཉམ་དུ་སྐུལ་འདེད་གཏོང་བ་དང་། ཁྱབ་ཁོངས་ཁག་དང་ལས་རིགས་ཁག་གི་མི་སྣའི་མཉམ་ལས་འགྲོ་འོང་ལ་ཤུགས་སྣོན་རྒྱག་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཐུན་མོང་ཐོག་བརྟན་པོ་འཛུགས་པ་བཅས་བྱས་ནས་མི་རིགས་ཁག་དབར་འགྲོ་འོང་ཟབ་མོ་དང་། ཕྱོགས་ཡོངས་ནས་སྤེལ་རེས། མཉམ་འདྲེས་གཏིང་ཟབ་བཅས་བྱེད་པར་སྐུལ་འདེད་གཏོང་གི་ཡིན། མི་རིགས་མཐུན་སྒྲིལ་དང་ཞི་མཐུན་བརྟན་ལྷིང་ལ་མཉམ་དུ་སྲུང་སྐྱོང་བྱེད་པ་དང་། སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། འབྲེལ་གཏུག་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། ཉེན་ཁ་དང་འགྲན་སློང་ལ་འགོག་ཟོན་བྱེད་པ། བཅོས་སྐྱོང་གི་རྨང་གཞི་བརྟན་དུ་གཏོང་བ་དང་བདེ་འཇགས་དྲ་བ་དམ་དུ་གཏོང་བ་བཅས་བྱས་ནས། བདེ་འཇགས་དང་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་མཉམ་དུ་གཏོད་ཀྱི་ཡིན། མཉམ་དུ་དམངས་འཚོར་འགན་ལེན་དང་ལེགས་སུ་གཏོང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོང་གི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ། ས་ཁོངས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། ས་གནས་གཉིས་ཀྱི་མི་དམངས་ལ་ཕན་པ་དེ་བས་མང་བ་སྐྲུན་གྱི་ཡིན་ཞེས་གསུངས་པ་རེད།

    བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀརྨ་ཚེ་བརྟན་དང་། ཟླ་བ་ཚེ་རིང་། རྒྱལ་མཚན། ཀྲང་ཧུང་པོ། ལང་ཧྥུ་ཁོན། མོང་ཞའོ་ལིན་བཅས་དང་། མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་ཝང་ལིན་ཧུའུ་དང་། ཀྲུའུ་ཤང་ཧྥུང་། ཉི་མ་སྒྲོལ་མ། ལིའུ་ཁྲའོ། ལི་ཧུང་ཡ། མ་ཧྥུང་ཧྲེང་བཅས་འབྲེལ་ཡོད་ཀྱི་བྱེད་སྒོར་ཞུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།