དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཝུའེ་ཏུང་།
  • ཝང་ཝུའེ་ཏུང་ལྗོངས་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ཁོངས་གཏོགས་ཀྱི་ཉེན་ཟོན་སློབ་གསོའི་ཚོགས་ཆེན་ལ་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-28

    ཟླ་10ཚེས་26ཉིན། རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ལྗོངས་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ཁོངས་གཏོགས་ཀྱི་ཉེན་ཟོན་སློབ་གསོའི་ཚོགས་ཆེན་འཚོགས་ཤིང་། ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་བརྒྱད་པའི་ཙུའུ་ཀྲང་ཐེན་ཡེ་ཚོགས་འདུར་ཕེབས་ནས་མཛུབ་ཁྲིད་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཝང་ཝུའེ་ཏུང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། འཐབ་རྩོད་ཀྱི་སྙིང་སྟོབས་དང་འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བར་ཤུགས་སྣོན་རྒྱག་པ་དང་། སློབ་སྦྱོང་གཏིང་ཟབ་དང་། བརྟག་ཞིབ་ངོ་མ། དོན་འཁྱོལ་ལ་དམ་འཛིན་བཅས་མཐའ་འཁྱོངས་བྱེད་པ། དགོངས་སྐོར་སྙན་སེང་ཞུ་བའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ། རང་འགུལ་ངང་གོང་རིམ་གྱི་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་དང་རིམ་པ་གཅིག་པའི་ཏང་ཨུད་ལ་བརྟེན་ནས་ལས་དོན་སྤེལ་བ། ལྟ་སྐུལ་གྱི་སྟོབས་ཤུགས་སྣ་ཚོགས་བསྡུ་སྒྲིལ་བྱས་ནས་ལས་དོན་ལ་སྐུལ་འདེད་གཏོང་བ། ནུས་པ་དང་འཇོན་ཐང་ལ་བརྟེན་ནས་ལས་དོན་གྱི་སྤུས་ཕན་མཐོ་རུ་གཏོང་དགོས། ཁྲིམས་སྦྱོང་ཁྲིམས་རྟོགས་དང་ཁྲིམས་སྲུང་ཁྲིམས་སྤྱོད་བཅས་བྱས་ནས་ཁྲིམས་སྐྱོང་གི་འདུ་ཤེས་དང་། གོ་རིམ་གྱི་འདུ་ཤེས། དཔང་རྟགས་ཀྱི་འདུ་ཤེས་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་ཁྲིམས་གཏན་འཁེལ་བའི་དབང་ཚད་དང་། སྒྲིག་སྲོལ། གོ་རིམ་བཅས་ལ་ནན་པོར་གཞིགས་ནས་ལས་དོན་སྒྲུབ་པ་དང་སྒྲིག་བཤེར་ལྟ་ཞིབ་ལས་དོན་ལ་ཕྱོགས་ཡོངས་ནས་ཞིབ་ལྟ་བྱས་ཏེ་སྒྲིག་སྲོལ་ལམ་ལུགས་འཛུགས་པར་དམ་འཛིན་བྱེད་དགོས། དཔུང་ཁག་འཛུགས་སྐྱོང་གི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་ཏན་བྱས་ཏེ་རིམ་ཁག་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་དང་། ལྷག་པར་དུ། འགན་འཁུར་བློ་མཐུན་གཙོ་བོ་དང་ཚན་ཁག་གི་ཁོངས་མི་གཞན་དག་གིས་སྣེ་ཁྲིད་དེ་སྤྱོད་ཚུལ་ལེགས་སུ་བཏང་ནས་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཏན་འགོག་བྱེད་པ། རང་གཅུན་ནན་པོ་བྱེད་པ་དང་ཆབས་ཅིག་རང་འགན་ནན་པོ་འཁུར་བ་དང་རང་ཁོངས་ལ་དོ་དམ་ནན་པོ་བྱེད་པར་ལྟ་སྐུལ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།