ཝང་ཅུན་ཀྲེང་གིས་བོད་རང་སྐྱོང་ལྗོངས་ཏང་སྲིད་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་ཧྲའན་ཤིས་ཞིང་ཆེན་དུ་རྟོག་ཞིབ་དང་སློབ་སྦྱོང་གནང་བར་ཕེབས་པ།
ཟླ་10ཚེས་23ཉིན་ནས་ཚེས་25ཉིན་བར། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་བོད་རང་སྐྱོང་ལྗོངས་ཏང་སྲིད་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་ཧྲའན་ཤིས་སུ་རྟོག་ཞིབ་དང་སློབ་སྦྱོང་གནང་ཞིང་། འདི་ནི་འཐུས་མི་ཚོགས་པས་ཧྲའན་ཤིས་རླངས་འཁོར་ཚོགས་པར་རྟོག་ཞིབ་དང་སློབ་སྦྱོང་གནང་བཞིན་པ།
ཟླ་10ཚེས་23ཉིན་ནས་ཚེས་25ཉིན་བར། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་བོད་རང་སྐྱོང་ལྗོངས་ཏང་སྲིད་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་ཧྲའན་ཤིས་སུ་རྟོག་ཞིབ་དང་སློབ་སྦྱོང་གནང་ནས་ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་ཀྱི་ལས་དོན་སྤེལ་རེས་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། འདི་ནི་བཞུགས་མོལ་ཚོགས་ར་ཡིན་པ།
ཟླ་10ཚེས་23ཉིན་ནས་ཚེས་25ཉིན་བར། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་བོད་རང་སྐྱོང་ལྗོངས་ཏང་སྲིད་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་ཧྲའན་ཤིས་སུ་རྟོག་ཞིབ་དང་སློབ་སྦྱོང་གནང་བར་ཕེབས་པ་དང་འབྲེལ་ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་ཀྱི་ལས་དོན་སྤེལ་རེས་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་ཧྲའན་ཤིས་ཞིང་ཨུད་ཀྱི་ཧྲུའུ་ཅི་ཀྲའོ་དབྱི་ཏེ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།
གསེར་མདོག་གི་སྟོན་དུས་སུ་ནམ་མཁའ་གཡའ་དག་ཅིང་། འཐུས་མི་ཚོགས་པ་ཤིས་ཨན་རྒྱལ་སྤྱིའི་གྲུ་ཁའི་ལས་དོན་ཁུལ་དུ་ཕེབས་ནས་འཆར་འགོད་འཛུགས་སྐྲུན་དང་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་གྱི་ལས་སྒོ་སྤེལ་ཚུལ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། རང་མོས་ཚོང་དོན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་བའི་ཉམས་མྱོང་དང་བྱེད་སྟངས་ལ་སློབ་སྦྱོང་དང་དཔྱད་གཞིར་བཟུང་བ་རེད། ཚང་མས་ད་ཐེངས་ཀྱི་རྟོག་ཞིབ་བྱས་པ་བརྒྱུད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་གོ་བ་ལེན་པ་དང་ཁོང་དུ་གཏིང་ཟབ་ཆུད་ཚད་སྔར་བས་ཟབ་ཏུ་ཕྱིན་ཞིང་། ཧྲའན་ཤིས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་དང་འགན་འཁྲི་འཁུར་སེམས་མྱོང་ཚོར་ཟབ་མོ་ཐུབ་བྱུང་ལ། ཧྲའན་ཤིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོར་སློབ་སྦྱོང་བྱས་ནས་མཐོང་རྒྱ་ཆེ་རུ་སོང་བ་དང་བློ་སྒོ་ཕྱེ་བྱུང་བས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་ སྐྲུན་བྱེད་པའི་གདེང་ཚོད་དང་ཆོད་སེམས་ཆེ་རུ་ཕྱིན་ཡོད་པའི་ངོས་འཛིན་བྱུང་བ་རེད།
ཧྲའན་ཤིས་དང་བོད་ཀྱི་ལས་དོན་སྤེལ་རེས་བཞུགས་མོལ་ཚོགས་འདུའི་ཐོག ཝང་ཅུན་ཀྲེང་གིས་ཧྲའན་ཤིས་ཀྱིས་དུས་ཡུན་རིང་པོའི་ནང་བོད་ཀྱི་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཧྲའན་ཤིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་རྟེན་འབྲེལ་ཞུས་པ་རེད། ཁོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ལ་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་སྟེ“བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་ཀྱི་དོན་ཆེན་བཞི་ཁ་གསལ་བཟོས་པ་དང་། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཐབ་ཇུས་ལས་འགན་ཆེན་པོ་གཉིས་བཏོན་གནང་བ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གཏན་འཁེལ་བཅས་གནང་ནས་བོད་ཀྱི་བྱ་གཞག་ཁག་ཟམ་མི་ཆད་པར་ཡར་ཐོན་གསར་པ་དང་འཕེལ་རྒྱས་གསར་པ་ཡོང་བར་སྐུལ་འདེད་བཏང་ཡོད་ཅེས་གསུངས་པ་རེད།
ཝང་ཅུན་ཀྲེང་གིས་བོད་དང་ཧྲའན་ཤིས་དབར་འབྲེལ་བ་ཡུན་རིང་ཡོད་པས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་ཡོད། བོད་ལྗོངས་བཅིངས་འགྲོལ་དང་བོད་ལྗོངས་འཛུགས་སྐྲུན་གྱི་བརྒྱུད་རིམ་རླབས་པོ་ཆེར་ཧྲའན་ཤིས་ཞིང་ཆེན་གྱིས་སྒེར་སེམས་མེད་པའི་རོགས་སྐྱོར་དང་རྒྱབ་སྐྱོར་ཤུགས་ཆེན་བྱས་ཡོད། “བློ་མཐུན་དང་གཅེན་གཅུང”གི་གསར་བརྗེའི་མཛའ་བརྩེ་བོད་ཀྱི་མི་དམངས་ཀྱིས་བློ་ལ་བརྟན་པོར་ངེས་ཡོད། ཧྲའན་ཤིས་ཀྱིས་སྔར་རྒྱུན་བཞིན་ཁ་གཏད་རོགས་སྐྱོར་བྱེད་ཤུགས་དང་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་རྣམ་གྲངས་འཛུགས་སྐྲུན་གྱི་འཕེལ་རིམ་མགྱོགས་སུ་བཏང་སྟེ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རེ་བ་ཡོད་ཅེས་གསུངས་པ་རེད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཧྲའན་ཤིས་ནི་ནུབ་རྒྱུད་ས་ཁུལ་གྱི་ཞིང་ཆེན་ཆེན་པོ་ཞིག་གི་ངོས་ནས། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གྱི་ལྷུ་ཚིགས་གལ་ཆེན་ཞིག་ཡིན་པ་དང་། བོད་ནི་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ཁུངས་འབྲེལ་མཐུད་རྟེན་གཞི་གལ་ཆེན་ཞིག་དང་ཨེ་ཤེ་ཡ་ལྷོ་མར་སྒོ་མོ་འབྱེད་པའི་བགྲོད་ལམ་གལ་ཆེན་ཞིག་ཡིན་པས། ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་ཀྱིས“འཁོར་རྒྱུག་གཉིས”ཀྱི་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་མཉམ་འདྲེས་དང་རྒྱལ་ཡོངས་ཀྱི་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་གཏོད་རིང་་གསབ་རེས་རང་བཞིན་ཆེ་ལ་མཉམ་ལས་ཀྱི་གཏིང་ཤུགས་ཧ་ཅང་ཆེན་པོ་ལྡན་ཡོད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་པ་དང་ཐོན་ལས་སྐྱེད་སྲིང་གཏིང་ཟབ་བྱས་ཏེ། ནུས་རྒྱུ་གཙང་མ་དང་། ཞིང་འབྲོག་ཐོན་རྫས་ལས་སྣོན་ཞིབ་ཚགས། གྲངས་འཛིན་དཔལ་འབྱོར་སོགས་ཀྱི་མཉམ་ལས་ལ་ཤུགས་སྣོན་དང་། སྣེ་འདྲེན་ཁེ་ལས་ཀྱི་སྐུལ་ཁྲིད་ནུས་པ་བཏོན་ནས་བོད་ཀྱི་ཐོན་ཁུངས་ཀྱི་ལེགས་ཆ་དཔལ་འབྱོར་གྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆར་ཏན་ཏིག་འགྱུར་བར་བྱེད་དགོས། རིག་གནས་ཡུལ་སྐོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་དགོས། ཡུལ་སྐོར་ནི་ཧྲའན་ཤིས་ཀྱི་མཚོན་རྟགས་རང་བཞིན་གྱི་མིང་བྱང་ཡིན་ལ། ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་རང་བྱུང་དང་མི་ཆོས་མཛེས་ལྗོངས་ནི་བོད་ཀྱི་འཛད་མཐའ་མེད་པའི་རྒྱུ་ནོར་ཡིན་པས་ཕྱོགས་གཉིས་པོས་ཡུལ་སྐོར་འོས་སྦྱོར་དང་། ཐོན་ཁུངས་གསར་སྤེལ། ཡུལ་སྐོར་བ་ཕན་ཚུན་འོས་སྦྱོར་སོགས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཐུན་མོང་ཐོག་ཡུལ་སྐོར་ཁྲོམ་ར་རྒྱ་སྟོབས་ཆེ་རུ་བཏང་སྟེ། རིག་གནས་ཡུལ་སྐོར་ཐོན་ལས་བོད་ཀྱི་ཀ་རྟེན་ཐོན་ལས་སུ་ཏན་ཏིག་གཏོད་དགོས། སློབ་གསོ་དང་ཚན་རྩལ་གྱི་ཤེས་ལྡན་པའི་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་དགོས། ཧྲའན་ཤིས་ནི་ཚན་སློབ་ཀྱི་ཞིང་ཆེན་ཆེ་གྲས་ཡིན་པས་ཚན་སློབ་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་ལ། བོད་ལ་ཁྱད་ལྡན་ལེགས་ཆའི་རིག་ཚན་ཡོད་པས་ཕྱོགས་གཉིས་པོས་མཐོ་སློབ་དང་ཁེ་ལས་གཙོ་བོར་བྱས་པའི་མཐུན་སྦྱོར་གསར་གཏོད་ལ་ཤུགས་སྣོན་བརྒྱབ་སྟེ། བོད་ཀྱི་མཐོ་སློབ་ཀྱི་རིག་ཚན་འཛུགས་སྐྱོང་ལེགས་སུ་གཏོང་བ་དང་རིག་ཚན་གསར་གཏོད་ལ་ཤུགས་སྣོན་རྒྱག་རོགས་བྱས་ནས། ཧྲའན་ཤིས་ཀྱི་གསར་གཏོད་ཐོན་ཁུངས་བོད་དུ་ཁྱབ་འགྱེད་ཕྱོགས་སྒྱུར་བྱེད་པར་སྐུལ་འདེད་གཏོང་བ་དང་ཚན་རྩལ་གྱི་གྲུབ་འབྲས་བོད་དུ་གཞན་སྒྱུར་ཐུབ་པར་སྐུལ་འདེད་གཏོང་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་གཙོ་རྐང་དུ་མཐའ་འཁྱོངས་བཟུང་སྟེ། མི་འབོར་གྱི་བྱང་ཚད་མཐོ་རུ་གཏོང་བ་དང་། མི་སེམས་གཅིག་སྒྲིལ། ཤེས་ལྡན་པ་གསོ་སྐྱོང་བཅས་ཀྱི་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ནས་ཕྱོགས་ཡོངས་ནས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཟབ་ཏུ་གཏོང་དགོས། ནང་སའི་བོད་ལྗོངས་འཛིན་གྲྭའི་གཞི་ཁྱོན་ཆེ་རུ་གཏོང་བ་དང་། ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་ལྗོངས་ཕྱིར་ལས་ཞུགས་བྱེད་པར་རྒྱབ་སྐྱོར། རོགས་སྐྱོར་གྱི་ཐབས་ལམ་རྒྱ་ཆེར་གཏོང་བ་དང་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། རྒྱ་ཆེའི་གཞོན་ནུ་རྣམས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་ལ་ཧུར་ཐག་ཞུགས་པར་ཁྲིད་སྟོན་བྱེད་དགོས།
ཀྲའོ་དབྱི་ཏེ་ཡིས་ཧྲའན་ཤིས་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ཚབ་ཞུས་ནས་བོད་རང་སྐྱོང་ལྗོངས་ཀྱི་ཏང་སྲིད་འཐུས་མི་ཚོགས་པ་ཕེབས་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་དང་། བོད་ཀྱིས་ཧྲའན་ཤིས་ལ་ཡུན་རིང་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་ནན་བཤད་གནང་དོན། ཧྲའན་ཤིས་དང་བོད་ལྗོངས་ནུབ་རྒྱུད་ས་ཁུལ་དུ་གནས་ཡོད་པས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་དང་དུས་རབས་གསར་པར་ནུབ་རྒྱུད་གསར་སྤེལ་ཆེན་པོར་སྐུལ་འདེད་གཏོང་བའི་རྣམ་པ་གསར་པ་ཆགས་པར་མཉམ་དུ་མཉམ་འདྲེས་དང་ཞབས་འདེགས་ཞུས་ནས། རིག་གནས་ཡུལ་སྐོར་དང་། སྐྱེ་ཁམས་སྲུང་སྐྱོང་། ཐོན་ལས་འཕེལ་རྒྱས། ཚན་རྩལ་གསར་གཏོད། སྤྱི་ཚོགས་བཅོས་སྐྱོང་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ་དང་། ཕྱོགས་གཉིས་པོའི་མཉམ་ལས་ཆུ་ཚད་དེ་བས་མཐོ་བ་དང་། རིམ་པ་དེ་བས་ཟབ་པ། ཁྱབ་ཁོངས་དེ་བས་ཡངས་པ་བཅས་ཀྱི་ཕྱོགས་སུ་སྐྱོད་པར་སྐུལ་འདེད་གཏོང་བ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྱོང་གི་ཧྲའན་ཤིས་ཀྱི་ལེའུ་གསར་པ་དང་གངས་ལྗོངས་ས་མཐོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ལག་གདང་སྦྲེལ་ནས་རྩོམ་པ་བཅས་བྱས་ཏེ། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་བའི་རེ་བ་ཡོད།
ཧྲའན་ཤིས་སུ་བཞུགས་རིང་ཝང་ཅུན་ཀྲེང་སོགས་ཤིས་ཨན་དུ་བཅའ་སྡོད་བོད་རང་སྐྱོང་ལྗོངས་ཀྱི་དོན་གཅོད་ཁྲའུ་རུ་རྟོག་ཞིབ་དང་བརྟག་ཞིབ་གནང་བར་ཕེབས་པ་མ་ཟད། ཀའོ་ཞང་དང་། ཀྲང་ཧྲེང་རུང་། ལིའུ་ཏེན་ཀུང་སོགས་རྒན་ཡོལ་ཞུས་པའི་བློ་མཐུན་རྒན་གྲས་ལ་གཟིགས་པ་དང་འཚམས་འདྲི་ཡང་གནང་བ་རེད།