དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>དབང་ཧའེ་ཀྲོའུ།
  • དབང་ཧའེ་ཀྲོའུ་ཡིས་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་2023ལོའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་ཐེངས་བཅུ་པ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-27

    ཚེས་25ཉིན་གྱི་ཕྱི་དྲོ་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་ཡིས་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་2023ལོའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་ཐེངས་བཅུ་པ་གཙོ་སྐྱོང་གནང་ཞིང་། 《ཀྲུང་གོ་གུང་ཁྲན་ཏང་གི་དྲིལ་བསྒྲགས་ལས་དོན་སྲོལ་ཡིག》དང《ཏང་ཨུད(ཏང་ཙུའུ)ཀྱི་འདུ་ཤེས་འཛིན་སྟངས་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱེད་ཐབས》སོགས་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཁྱབ་ཁོངས་ཀྱི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་དང་དེ་བཞིན་ཚད་ལྡན་རང་བཞིན་གྱི་ཡིག་ཆ་གཙོ་གནད་དུ་སློབ་སྦྱོང་བྱས་པ་རེད།

    དབང་ཧའེ་ཀྲོའུ་ཡིས་ནན་བཤད་གནང་དོན། རྒྱང་ལམ་གསར་པར་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཁྱབ་ཁོངས་ཀྱི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་དང་དེ་བཞིན་ཚད་ལྡན་རང་བཞིན་གྱི་ཡིག་ཆ་བཟོ་བ་དང་བཏོན་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། སློབ་སྦྱོང་དང་གོ་བ་ལེན་པའི་ཧུར་བརྩོན་དང་རང་འགུལ་ཟམ་མི་ཆད་པར་ཆེ་རུ་བཏང་ནས་ཏང་ཡོན་དང་ལས་བྱེད་པས་རྒྱུན་དུ་སློབ་སྦྱོང་དང་། རྒྱུན་དུ་གསར་སྒྱུར། ཐོས་བསམ་མྱོང་སྒྲུབ་བཅས་བྱེད་རིང་ཕུགས་བསམ་དང་དད་སེམས་བརྟན་གཏོང་དང་རང་འགན་ཐེག་པ་ཁུར་ལེན་བྱེད་པར་ཁྲིད་སྟོན་བྱེད་དགོས་པ་དང་། དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཁྱབ་ཁོངས་ཀྱི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་དང་དེ་བཞིན་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཏན་ཏིག་བྱས་ནས་ཚད་གཞི་དང་ཡང་ཡང་བསྡུར་བ་དང་། འགན་འཁྲི་ནན་དུ་གཏོང་བ། ལམ་ལུགས་ཀྱི་གཟབ་ནན་རང་བཞིན་ནན་བཤད། ལམ་ལུགས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ལས་དོན་ཁག་སྔ་ཕྱི་བར་གསུམ་དུ་ཁྲིམས་སྐྱོང་གི་སྲོལ་ལམ་དུ་ཕན་འབྲས་ཆེན་པོས་འཁོར་རྒྱུག་བདེ་བླག་ཐུབ་པའི་འགན་ལེན་བྱེད་དགོས་པ། དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཁྱབ་ཁོངས་ཀྱི་ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་ཏང་ཡོན་དང་ལས་བྱེད་པས་ཁྲིམས་སྐྱོང་འདུ་ཤེས་འཛུགས་རྒྱུར་ཁྲིད་སྟོན་བྱེད་པ་དང་། ཁྲིམས་སྐྱོང་བསམ་གཞིག་དང་ཁྲིམས་སྐྱོང་བྱེད་ཐབས་སྤྱད་ནས་ལས་དོན་སྒྲུབ་པའི་རང་རྟོགས་ཆེ་རུ་གཏོང་བ་དང་ལས་དོན་ཁག་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་བཏང་ནས་དུས་རབས་གསར་པའི་རིག་གནས་ཀྱི་འགན་འཁྲི་གསར་པ་དེ་བས་ལེགས་པའི་སྒོ་ནས་ཕྲག་ཏུ་འཁུར་དགོས་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།