ལའེ་ཅའོ་ལྗོངས་ཏང་ཨུད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་དོན་གཅོད་ལས་ཁུངས་ཀྱི་གནས་སྐབས་ཏང་ཨུད་ཀྱི་ཆེད་དོན་ཚོགས་འདུར་ཞུགས་པ།
ཉེ་ཆར། ལྗོངས་ཏང་ཨུད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི(ཁག་གཉིས་པ)དོན་གཅོད་ལས་ཁུངས་ཀྱི་གནས་སྐབས་ཏང་ཨུད་ཀྱི་ཆེད་དོན་ཚོགས་འདུ་འཚོགས་ཤིང་། ཚོགས་འདུར་བརྗོད་དོན་གཙོ་བོའི་སློབ་གསོ་ཡག་པོ་སྤེལ་བའི་སྐོར་གྱི་ཀྲུང་དབྱང་གི་བརྗོད་དོན་གཙོ་བོའི་སློབ་གསོ་གཞུང་ལས་ཁང་གི་དགོངས་དོན་གསར་པ་དང་བླང་བྱ་གསར་པ་ལག་བསྟར་ནན་ཏན་བྱས་པ་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་གི་མཛུབ་སྟོན་དང་ལྗོངས་ཏང་ཨུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་འགོ་ཁྲིད་ཚོགས་ཆུང་གི་གཅིག་གྱུར་བཀོད་སྒྲིག་ལྟར་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པར་སྐུལ་འདེད་གཏོང་བའི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད།
ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྗོངས་ཏང་ཨུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་དང་། གཞུང་ལས་ཁང་གི་ཀྲུའུ་རེན། གནས་སྐབས་ཏང་ཨུད་ཀྱི་ཧྲུའུ་ཅི་བཅས་ཡིན་པའི་ལའེ་ཅའོ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ལའེ་ཅའོ་ཡིས་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་འགོ་ཚུགས་པ་ནས་བཟུང་བརྗོད་དོན་གཙོ་བོའི་སློབ་གསོ་གཞུང་ལས་ཁང་གི་ལས་དོན་ཁག་ལ་ཁས་ལེན་གང་ལེགས་གནང་བ་དང་ཆབས་ཅིག ཁོང་གིས། ཚོགས་ཆུང་ཁག་གིས་ཚུགས་གནས་མཐོ་རུ་གཏོང་བ་དང་ངོས་འཛིན་ཟབ་ཏུ་བཏང་ནས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་སྣོན་རྒྱག་པ་དང་། ཚད་གཞི་མཐོ་པོ་དང་བླང་བྱ་ནན་པོ་མཐའ་འཁྱོངས་བྱེད་པ། ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱེད་པ། སྤྱི་འདོམས་འཆར་འགོད་ལ་ཤུགས་སྣོན་དང་བཀྲག་མདངས་འཚེར་ས་སྔོག་འདོན་བཅས་བྱས་ཏེ། ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་ལ་བརྟེན་ནས་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པར་སྐུལ་འདེད་གཏོང་དགོས་པ་དང་། ཕྱོགས་བསྡུས་ཚོགས་ཆུང་གིས་ཕྱོགས་བསྡུས་མཐུན་སྦྱོར་དང་སྤྱི་འདོམས་འཆར་འགོད་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང་། མཐུན་སྦྱོར་འབྲེལ་གཏུག་ཚོགས་ཆུང་གིས་མཐུན་སྦྱོར་འབྲེལ་གཏུག་དང་ལྟ་སྐུལ་ཞིབ་བཤེར་གྱི་ལས་དོན་ཡག་པོ་སྒྲུབ་པ། དྲིལ་བསྒྲགས་ཚོགས་ཆུང་གིས་དྲིལ་བསྒྲགས་འཕྲིན་སྤེལ་དང་གླེང་ཕྱོགས་ཁྲིད་སྟོན་གྱི་ལས་དོན་ཡག་པོ་སྒྲུབ་པ། དག་ཐེར་བཅོས་སྒྲིག་ཚོགས་ཆུང་གིས་གནད་དོན་དག་ཐེར་དང་ཆེད་དོན་བཅོས་སྒྲིག་གི་ལས་དོན་ཡག་པོ་སྒྲུབ་དགོས་པའི་ནན་བཤད་གནང་བ་རེད།