དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཝུའེ་ཏུང་།
  • ཝང་ཝུའེ་ཏུང་གིས་གཞིས་རྩེར་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-21

    ཟླ་10ཚེས་17དང་18ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཝང་ཝུའེ་ཏུང་གིས་གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་དུ་བརྟག་ཞིབ་གནང་བ་དང་འབྲེལ། གྲོང་ཁྱེར་དང་རྫོང་སྒྲིག་ཨུད་ཀྱི་ཧྲུའུ་ཅིའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་དང་སློབ་གསོ་དག་ཐེར་སོགས་ཀྱི་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་ཀྱང་གནང་བ་རེད།

    ཝང་ཝུའེ་ཏུང་གིས། ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་བླང་བྱ་དང་རང་རྟོགས་ངང་ཡང་ཡང་བསྡུར་ནས་མི་འདང་ས་འཚོལ་བཤེར་དང་བྱ་ཐབས་ལ་ཤུགས་སྣོན་བརྒྱབ་སྟེ་ལོ་ཧྲིལ་པོའི་ལས་འགན་ལེགས་སྒྲུབ་བྱ་རྒྱུའི་འགན་ལེན་བྱེད་དགོས། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་སྣོན་བརྒྱབ་ནས་ཆབ་སྲིད་ཀྱི་ལྟ་སྐུལ་ཞིབ་ཕྲ་ཅན་དང་། གནད་སྨིན་ཅན། རྒྱུན་རྣམ་ཅན་བཅས་ལ་སྐུལ་འདེད་གཏོང་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་ཚད་གཞི་མུ་མཐུད་བརྟན་དུ་བཏང་ནས“སྣེ་གཉིས་ལ་དམ་འཛིན་དང་བར་ལ་སྐུལ་ཁྲིད”བྱ་རྒྱུ་མཐའ་འཁྱོངས་ཀྱིས་ལྡོག་ཕྱོགས་ཀྱི་དཔེ་མཚོན་བརྡ་ཁྱབ་བཏང་ནས་དམར་རྗེན་དུ་བཏོན་ཏེ་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་རྒྱུ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་དགོས། “རུལ་སུངས་མི་བྱེད་པ་གསུམ”ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས། གཙོ་གནད་ཁྱབ་ཁོངས་དང་། གཙོ་གནད་ལས་གནས། གཙོ་གནད་ཁ་གཏད་བཅས་ལ་དམིགས་ཏེ། དགོངས་གཞི་ནན་པོ་དང་། བྱེད་ཐབས་ནན་པོ། ཁོར་ཡུག་ནན་པོ་བཅས་ལ་ཤུགས་སྣོན་བརྒྱབ་ནས་སྟོབས་ཤུགས་གཅིག་སྒྲིལ་གྱིས་འགག་སྒྲོལ་དམག་འཐབ་དང་ཡུན་རིང་དམག་འཐབ་ཡག་པོ་རྒྱག་དགོས། དངོས་ཐོག་བདེན་འཚོལ་དང་སྒྲིག་སྲོལ་དང་། སྒྲིག་ལམ་སྒྲིག་ཁྲིམས་བཅས་ལྟར་ལས་དོན་སྤེལ་རྒྱུ་མཐའ་འཁྱོངས་བྱས་ནས“ཐབས་རྣམ་བཞི”གནད་སྨིན་བེད་སྤྱོད་དང“དབྱེ་འབྱེད་གསུམ”དོན་འཁྱོལ་བྱས་ཏེ་ཆབ་སྲིད་ཀྱི་ཕན་འབྲས་དང་། སྒྲིག་ཁྲིམས་ཀྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་ཚད་མཐོའི་གཅིག་གྱུར་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། རང་ངོས་འཛུགས་སྐྱོང་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་སྒྲིག་བཤེར་ལྟ་ཞིབ་ཀྱི་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་དཔུང་ཁག་སྟོབས་ཆེར་བཏང་སྟེ་ལས་བྱེད་པའི་ཉམས་སད་ཐེག་ནུས་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།