དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • ཆུ་བེད་པུའི་བོད་སྐྱོར་ལས་དོན་ཚོགས་འདུ་ཐེངས་བཅུ་གཅིག་པ་འཚོགས་པ།

    ལི་གོ་དབྱིང་དང་ཝང་ཅུན་ཀྲེང་གིས་གསུང་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-21

    ཉེ་ཆར། ཆུ་བེད་པུའི་བོད་སྐྱོར་ལས་དོན་ཚོགས་འདུ་ཐེངས་བཅུ་གཅིག་པ་ལྷ་སར་འཚོགས་ཤིང་། ཆུ་བེད་པུའི་ཏང་ཙུའི་ཧྲུའུ་ཅི་དང་པུའུ་ཀྲང་ལི་གོ་དབྱིང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་ཞིང་། འདི་ནི་ཚོགས་ར་ཡིན་པ།

    ● ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་ཏེ་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་དང་ལས་ཀའི་འགན་འཁྲི་དོན་འཁྱོལ་བྱས་ནས་བོད་ཀྱི་ཆུ་བེད་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས།

    ཉེ་ཆར། ཆུ་བེད་པུའི་བོད་སྐྱོར་ལས་དོན་ཚོགས་འདུ་ཐེངས་བཅུ་གཅིག་པ་ལྷ་སར་འཚོགས་ཤིང་། ཆུ་བེད་པུའི་ཏང་ཙུའི་ཧྲུའུ་ཅི་དང་པུའུ་ཀྲང་ལི་གོ་དབྱིང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་དང་། ཆུ་བེད་པུའི་པུའུ་ཀྲང་གཞོན་པ་ལིའུ་ཝུའེ་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་ཕྱོགས་སྡོམ་གསུང་བཤད་ཀྱང་གནང་བ་རེད།

    ལི་གོ་དབྱིང་གིས“ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ། ཆུ་བེད་པུས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་དཔལ་འབྱོར་བོད་སྐྱོར་དང་། ལག་རྩལ་བོད་སྐྱོར། ཤེས་ལྡན་པའི་བོད་སྐྱོར། ཁ་གཏད་བོད་སྐྱོར། གནས་གཏན་འཁེལ་གྱི་རོགས་སྐྱོར་བཅས་ལ་དམིགས་ཏེ་ཆུ་བེད་བོད་སྐྱོར་ལས་དོན་སྤེལ་ཤུགས་མུ་མཐུད་ཆེ་རུ་བཏང་ནས། རང་སྐྱོང་ལྗོངས་ཀྱི་རིམ་ཁག་ཏང་ཨུད་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་སེམས་མཐུན་སྟོབས་སྒྲིལ་དང་མཉམ་ལས་འབད་འཐབ་བྱས་པས། བོད་ཀྱི་ཆུའི་བདེ་འཇགས་འགན་ལེན་ནུས་པ་ཟམ་མི་ཆད་པར་རིམ་སྤོར་བྱ་རྒྱུར་སྐུལ་འདེད་བཏང་ཡོད་ཅེས་གསུངས་པ་རེད།

    ལི་གོ་དབྱིང་གིས་ནན་བཤད་གནང་དོན། འདི་ལོ་དང་སང་ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”ཆུ་བེད་བོད་སྐྱོར་ལས་འགན་ལེགས་སྒྲུབ་བྱེད་པའི་འགག་རྩའི་ལོ་ཞིག་རེད། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“སྔོན་ལ་ཆུ་གྲོན་ཆུང་བྱེད་པ་དང་། བར་མཐོངས་དོ་སྙོམས་ཡོང་བ། མ་ལག་བཅོས་སྐྱོང་བྱེད་པ། ཕྱོགས་གཉིས་ནས་ཤུགས་རྒྱག་པ”བཅས་ཀྱི་ཆུ་བཅོས་དགོངས་པ་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་ནས་ཆུའི་གནོད་འཚེ་དང་། ཆུའི་ཐོན་ཁུངས། ཆུའི་སྐྱེ་ཁམས། ཆུའི་ཁོར་ཡུག་བཅོས་སྐྱོང་བཅས་ལ་སྤྱི་འདོམས་བྱས་ནས“ལོ་ལྔ་ཚན་བཅུ་བཞི་པའི”ཆུ་བེད་བོད་སྐྱོར་གྱི་གཙོ་གནད་ལས་འགན་སྤུས་ཚད་མཐོན་པོས་ལེགས་སྒྲུབ་བྱེད་དགོས། “རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བཅངས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་བཙུགས་ཏེ་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དམིགས་ས་དང་ཤུགས་རྒྱག་སར་བྱས་ནས་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་བ་དང་། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞི་ཡག་པོ་སྒྲུབ་པར་དམིགས་ཏེ་བོད་ཀྱི་ལྗོངས་བབ་དང་ཆུ་བབ་དང་ཟུང་འབྲེལ་བྱས་ནས་ཆུ་བེད་བོད་སྐྱོར་གྱི་ལས་དོན་ཁག་ལ་སྤྱི་འདོམས་སྐུལ་འདེད་གཏོང་དགོས། ཞོད་ཐན་གྱི་གནོད་འཚེ་འགོག་པའི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་བ་དང་། ཆུའི་ཐོན་ཁུངས་སྙོམས་སྒྲིག་གི་བཀོད་པ་ལེགས་སུ་གཏོང་བ། གཙང་པོ་དང་མཚེའུ་ཡི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ། གྲངས་འཛིན་ཆུ་བེད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ཆུའི་ཐོན་ཁུངས་གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་གྱི་བེད་སྤྱོད་ལ་ཤུགས་སྣོན་རྒྱག་པ། ཆུ་བེད་བཅོས་སྐྱོང་དོ་དམ་གྱི་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་བོད་ཀྱི་ཆུ་བེད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། ལས་ཀའི་བྱེད་ཐབས་ཞིབ་ཕྲ་བཟོ་བ། ལས་ཀའི་འགན་འཁྲི་ཏན་ཏིག་འཁུར་བ། ལྟ་སྐུལ་མཛུབ་ཁྲིད་དོན་འཁྱོལ་ལ་ཤུགས་སྣོན་རྒྱག་པ། ཆུ་བེད་བོད་སྐྱོར་ལས་བྱེད་པས་ནུས་པ་གང་ལེགས་འདོན་པར་རྒྱབ་སྐྱོར་ཧུར་ཐག་བྱེད་པ། སྟོབས་ཤུགས་གཅིག་སྡུད་དང་རྒྱུན་མཐུད་འབད་འཐབ་ལ་དམིགས་པ་བཅས་བྱས་ནས“ལོ་ལྔ་ཚན་བཅུ་བཞི་པའི”ཆུ་བེད་བོད་སྐྱོར་གྱི་ལས་འགན་སྤུས་འབོར་གཉིས་ལྡན་གྱི་སྒོ་ནས་དུས་བཀག་ལྟར་ལེགས་སྒྲུབ་ཐུབ་པའི་འགན་ལེན་བྱེད་དགོས།

    ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་ཆུ་བེད་པུས་དུས་ཡུན་རིང་པོར་བོད་ཀྱི་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཝང་ཅུན་ཀྲེང་གིས་གསུངས་དོན། བོད་ནི་གཙང་པོ་དང་ཆུ་བོའི་ཆུ་འགོ་གལ་ཆེན་དང་ཆུ་རྩ་གསོ་ཁུལ་གལ་ཆེན་ཞིག་རེད། འགོ་འཛུགས་ས་གསར་པ་དང་རྒྱང་ལམ་གསར་པར་བོད་ཀྱི་ཆུ་བེད་བྱ་གཞག་གིས་འཁུར་དགོས་པའི་ལས་འགན་དེ་བས་གལ་འགངས་ཆེ་བ་དང་། འཕྲད་པའི་འཕེལ་རྒྱས་ཀྱི་གོ་སྐབས་དེ་བས་ཕན་ནུས་ལྡན་པ་ཞིག་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་གོ་བ་གཏིང་ཟབ་བླངས་ནས་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་མཉམ་འདྲེས་ཞབས་འདེགས་ཞུ་བ། ཆུ་བེད་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པའི་ནང་དོན་གལ་ཆེན་ཞིག་ཏུ་བརྩི་བ་དང་། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་གལ་ཆེན་ཞིག་ཏུ་བརྩིས་ནས། སྤྱི་འདོམས་ཇུས་འགོད་དང་དོན་འཁྱོལ་ལ་སྐུལ་འདེད་བཏང་སྟེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་རྨང་གཞི་བརྟན་པོ་ཞིག་འདིང་དགོས། ཆུ་བེད་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་མགྱོགས་མྱུར་གཏོང་བར། ཕུ་མདོ་ཆུ་འདྲེན་སོགས་ཆུ་བེད་ལས་གྲྭ་གལ་ཆེན་གྱི་རྣམ་གྲངས་ལ་གཙོ་གནད་ཐོག་དམ་འཛིན་བྱས་ཏེ་གྲོང་ཁྱེར་གྱི་ཆུ་ལོག་འགོག་པའི་ལས་གྲྭ་འཛུགས་སྐྲུན་ལ་རྒྱུན་མཐུད་ཤུགས་སྣོན་རྒྱག་པ་དང་། “གཙང་པོ་གཉིས་དང་ཆུ་བོ་བཞི”འབབ་རྒྱུད་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་དང་སྲུང་སྐྱོང་ལས་གྲྭ་ལག་བསྟར་ཤུགས་ཆེན་བྱས་ནས་ཆུ་བེད་ཀྱི་ཕན་ནུས་ལྡན་པའི་མ་དངུལ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཞིང་འབྲོག་ཁུལ་གྱི་ཆུ་མཁོ་འདོན་འགན་སྲུང་གི་ཆུ་ཚད་མཐོ་རུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཞིང་འབྲོག་ཁུལ་གྱི་ཆུ་མཁོ་འདོན་འགན་སྲུང་གི་ཆུ་ཚད་མཐོ་རུ་གཏོང་རྒྱུའི་ལས་གྲྭར་སྐུལ་འདེད་མགྱོགས་མྱུར་གཏོང་བ་དང་། དེང་རབས་ཅན་གྱི་ཞིང་ཆུ་འདྲེན་ཁུལ་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ་ཞིང་ཆུ་འདྲེན་པའི་ལས་ཕྱོད་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། ཞོད་ཐན་གྱི་གནོད་འཚེ་འགོག་པའི་ལས་དོན་ཏན་ཏིག་བསྒྲུབས་ནས། འབྲུབ་འགོག་ཐན་འགོག་གི་ཆུ་བེད་རིམ་སྤོར་ལས་གྲྭ་ལག་བསྟར་གང་མགྱོགས་བྱེད་པ་དང་། ཞོད་ཐན་གྱི་གནོད་འཚེ་འགོག་པའི་ཞན་ཆ་སེལ་བ། ཉེན་ཁའི་མངོན་མེད་རྐྱེན་ངན་ལ་ལེབ་བཤེར་གཏིང་ཟབ་བྱེད་པ། ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡ་གཏོང་བར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ཞོད་ཐན་གྱི་གནོད་འཚེ་འགོག་པའི་འགོག་སྲུང་འཛིང་རགས་བརྟན་པོ་སྐྲུན་དགོས། གཙང་པོ་དང་མཚེའུ་ཡི་སྐྱེ་ཁམས་སྲུང་སྐྱོང་དང་བཅོས་སྐྱོང་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་ནས་སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་ཀྱིས། ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། ས་ཆུ་ཤོར་བ་ཕྱོགས་བསྡུས་འགོག་བཅོས་ལ་སྐུལ་འདེད་བཏང་ནས་གཙང་པོ་དང་མཚེའུ་ཡི་དོ་དམ་དང་སྲུང་སྐྱོང་གི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། ཆུའི་ཐོན་ཁུངས་དོ་དམ་ནན་ཤོས་བྱེད་པའི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཆུ་ལེན་ཆུ་སྤྱོད་དོ་དམ་གྱི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཆུ་གྲོན་ཆུང་གི་རྒྱབ་སྐྱོར་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ། མང་ཚོགས་ཀྱིས་ཆུ་གྲོན་ཆུང་གི་འདུ་ཤེས་ཟབ་ཏུ་གཏོང་བར་ཁྲིད་སྟོན་བྱས་ནས་ཆུ་གྲོན་ཆུང་རྣམ་པའི་སྤྱི་ཚོགས་འཛུགས་སྐྲུན་ཧུར་ཐག་བྱེད་དགོས།

    ཚོགས་འདུ་གྲོལ་རྗེས་ཝང་ཅུན་ཀྲེང་གིས་ལི་གོ་དབྱིང་བཅས་པ་དང་ཆུ་བེད་བོད་སྐྱོར་ལས་དོན་གཏིང་ཟབ་དང་རྒྱ་སྐྱེད་གཏོང་བའི་ཐད་བཞུགས་མོལ་གནང་བ་རེད། ལི་གོ་དབྱིང་གིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། ལྷག་དོན་དུ། ཆུ་བེད་བྱ་གཞག་ལ་ཐོབ་པའི་དགེ་མཚན་ལྡན་པའི་གྲུབ་འབྲས་ལ་བསྔགས་བརྗོད་གནང་བ་རེད། ཁོང་གིས། ཆུ་བེད་པུས་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་ཏེ། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་ཆུ་བེད་བོད་སྐྱོར་གྱི་ལས་དོན་ཁག་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བ་དང་། ལས་ཀའི་ལམ་སྲོལ་གསར་གཏོད་བྱེད་པ། ལས་རིགས་ཀྱི་སྟོབས་ཤུགས་བསྡུ་སྒྲིལ་བྱེད་པ། སྲིད་ཇུས་དང་། ཤེས་ལྡན་པ། མ་དངུལ། ལག་རྩལ་བཅས་ཀྱི་ལེགས་ཆ་གང་ལེགས་འདོན་པ་བཅས་བྱས་ནས། བོད་ཀྱི་ཆུ་བེད་བྱ་གཞག་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་གི་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།