དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ལིའུ་ཅང་གིས་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པའི་གཞི་རིམ་བཅོས་སྐྱོང་ཐད་ཀྱི་རྗེས་ལུས་རྫོང་ལ་ཆེད་དོན་བཅོས་སྒྲིག་གི་བཀོད་སྒྲིག་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-10-20

     ཚེས་18ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་གིས་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པའི་གཞི་རིམ་བཅོས་སྐྱོང་ཐད་ཀྱི་རྗེས་ལུས་རྫོང་ལ་ཆེད་དོན་བཅོས་སྒྲིག་གི་བཀོད་སྒྲིག་ཚོགས་འདུ་གཙོ་སྐྱོང་གནང་ནས་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པའི་ཆེད་དོན་བཅོས་སྒྲིག་སྐོར་གྱི་ལྗོངས་ཏང་ཨུད་དང་ལྗོངས་ཏང་ཨུད་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་པ་དང་གཞི་རིམ་བཅོས་སྐྱོང་ཐད་ཀྱི་རྗེས་ལུས་རྫོང་ལ་ཆེད་དོན་བཅོས་སྒྲིག་ལས་དོན་བཀོད་སྒྲིག་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཧུང་པོ་ཚོགས་འདུར་ཞུགས་པ་དང་འབྲེལ། 《བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པའི་རྗེས་ལུས་རྫོང་4ཡི་གཞི་རིམ་བཅོས་སྐྱོང་ཐད་ཀྱི་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཆེད་དོན་བཅོས་སྒྲིག་ཇུས་གཞི》སྒྲོག་སྦྱངས་ཀྱང་གནང་བ་རེད། རྗེས་ལུས་རྫོང་4ཡིས་གོམ་སྟབས་རྗེས་མའི་དག་ཐེར་བསམ་བློ་དང་འཆར་གཞི་སྙན་སེང་ཞུས་པ་རེད།

    ལིའུ་ཅང་གིས། གཞི་རིམ་བཅོས་སྐྱོང་ནི་རྒྱལ་ཁབ་བཅོས་སྐྱོང་དང་སྤྱི་ཚོགས་བརྟན་ལྷིང་གི་རྨང་རྡོ་ལྟ་བུ་ཡིན།

    གཞི་རིམ་བཅོས་སྐྱོང་གི་ཆེད་དོན་བཅོས་སྒྲིག་ལས་དོན་སྤེལ་བ་ནི་ལྗོངས་ཏང་ཨུད་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་དང་པོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པར་སྐུལ་འདེད་ཏན་ཏིག་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན་པས། ལྗོངས་ཡོངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་ཕན་འབྲས་ལ་འགན་ལེན་དང་གཞི་རིམ་བཅོས་སྐྱོང་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། གྲོང་ཁྱེར་དང་རྫོང(གྲོང་ཁུལ)ཁག་དང་ལྷག་པར་དུ་རྗེས་ལུས་རྫོང་གིས་བརྗོད་དོན་གཙོ་བོའི་སློབ་གསོ་དང་གཞི་རིམ་བཅོས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ཏེ། བསམ་བློ་དང་བྱ་སྤྱོད་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་བྱེད་པ་དང་། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”དམིགས་པ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། ཟུར་བསྟན་ལེབ་མཐོང་དང་བྱ་ཐབས་ལ་ཤུགས་སྣོན་རྒྱག་པ། ཆེད་དོན་བཅོས་སྒྲིག་ལས་དོན་ཏན་ཏིག་སྒྲུབ་པ་བཅས་བྱས་ནས་ཆད་སྐྱོན་གང་མགྱོགས་གསབ་པ་དང་གཞི་རིམ་གྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ལིའུ་ཅང་གིས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། འགན་འཁྲི་དོན་འཁྱོལ་ཏན་ཏིག་བྱེད་པ། ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཆེད་དོན་བཅོས་སྒྲིག་ལ་ཕན་འབྲས་དངོས་ཐོན་པར་འགན་ལེན་བྱས་ནས་ལྗོངས་ཏང་ཨུད་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་འབུལ་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།