དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཡན་ཅིན་ཧའེ།
  • 2023ལོའི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་ཟད་འགྲན་བསྡུར་སྐབས་བཞི་པའི་མཇུག་འགྲིལ་མཛད་སྒོ་དང་བྱ་དགའ་སྤྲོད་པའི་མཛད་སྒོ་ལྷ་ས་གྲོང་ཁྱེར་དུ་འཚོགས་པ།

    ཡན་ཅིན་ཧའེ་མཇུག་འགྲིལ་མཛད་སྒོར་ཞུགས་ནས་བྱ་དགའ་ཐོབ་མཁན་བདམས་ཐོན་པར་བྱ་དགའ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-19

     ཚེས་17ཉིན་གྱི་སྔ་དྲོར། 2023ལོའི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་ཟད་འགྲན་བསྡུར་སྐབས་བཞི་པའི་མཇུག་འགྲིལ་མཛད་སྒོ་དང་བྱ་དགའ་སྤྲོད་པའི་མཛད་སྒོ་ལྷ་ས་གྲོང་ཁྱེར་དུ་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཡན་ཅིན་ཧའེ་མཇུག་འགྲིལ་མཛད་སྒོར་ཞུགས་ནས་བྱ་དགའ་ཐོབ་མཁན་བདམས་ཐོན་པར་བྱ་དགའ་གནང་བ་རེད།

    རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲང་ཅ་ཧྲེང་དང་། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་དབང་ཧའེ་ཀྲོའུ་དང་། སུན་ཤན་ཀྲུང་། ཝང་ཀང་བཅས་ཀྱིས་བྱ་དགའ་ཐོབ་མཁན་བདམས་ཐོན་པར་བྱ་དགའ་གནང་བ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་རྭ་བློ་བཟང་བསྟན་འཛིན་གྱིས་ཤིས་ཚིག་བསྒྲོན་པ་དང་འབྲེལ་བྱ་དགའ་ཐོབ་མཁན་བདམས་ཐོན་པར་བྱ་དགའ་གནང་བ་རེད།

    འདས་ཟིན་པའི་ཉིན་བཞིའི་ནང་རྐང་འཁོར་བཞོན་ཏེ་གྲོང་ཁྱེར་གསུམ་བསྒྲལ་ནས་སྤྱི་ལེ་310ལྷག་ཙམ་བསྐྱོད་པ་དང་། རྐང་འཁོར་རུ་ཁག་17ནས་ཡོང་བའི་ལུས་རྩལ་པ་100ལྷག་ཙམ་གྱིས་གངས་ལྗོངས་ས་མཐོར་དཔའ་རྩལ་ངོམས་པ་དང་ལང་ཚོའི་ཉམས་འགྱུར་རབ་ཏུ་མངོན་པར་བྱས་ཏེ་སྤྲོ་སེམས་རབ་ཏུ་འཕེལ་བ་དང་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ས་མཐོའི་རྩལ་འགྲན་ལུས་རྩལ་གྱི་གཟི་བརྗིད་དང་ཕུགས་འདུན་གྱི་བདེན་དཔང་བྱས་ཡོད། 

    རྐང་འཁོར་འགྲན་ཞུགས་པ་ཚོ་ཕོ་བྲང་པོ་ཏ་ལའི་མདུན་གྱི་མཐར་ཐུག་ས་ཚིགས་སུ་གཅིག་རྗེས་གཉིས་མཐུད་ངང་འབྱོར་བ་དང་བསྟུན་ནས། 2023ལོའི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་ཟད་འགྲན་བསྡུར་སྐབས་བཞི་པའི་འགྲན་སྐོར་གསུམ་པ་བདེ་བླག་ངང་མཇུག་འགྲིལ་བ་རེད།

    ལྕགས་རྭ་བློ་བཟང་བསྟན་འཛིན་གྱིས་ཤིས་ཚིག་སྒྲོན་སྐབས། ལུས་རྩལ་བ་ཚོས་ཛ་དྲག་ཆེ་བའི་འགྲན་བསྡུར་ལ་རང་ཉིད་ལས་རྣམ་པར་རྒྱལ་བ་ལས་དེ་བས་མགྱོགས་པ་དང་། དེ་བས་མཐོ་བ། དེ་བས་སྟོབས་དང་ལྡན་པ། དེ་བས་མཐུན་སྒྲིལ་དམ་ཟབ་བཅས་ཀྱི་ཨོ་ལིམ་ཕིག་གི་སྙིང་སྟོབས་མངོན་པ་དང་། ངོ་མཚར་ཆེ་བའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་གྱི་སྟོན་མོ་ཞིག་བཤམས་པ། དུས་རབས་གསར་པ་དང་བོད་ལྗོངས་གསར་པའི་དབྱར་མཚོ་རྒྱས་པ་ལྟར་གྱི་གསོན་ཉམས་དོད་པའི་རྣམ་པ་དང་མི་དམངས་བདེ་སྡོད་ལས་བརྩོན་གྱི་མཛེས་སྡུག་ལྡན་པའི་འཚོ་བ་མངོན་ཡོད། འགོ་འཛུགས་ས་གསར་པར་གཞི་ཚུགས་ནས་ང་ཚོས་སྔ་ཕྱི་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་མཐའ་འཁྱོངས་བྱས་ནས་ལུས་རྩལ་རྒྱལ་ཁབ་སྟོབས་ཆེན་སྐྲུན་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ཏེ། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱིས་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་ལག་གདང་སྦྲེལ་ནས་བརྗོད་དོན་གཙོ་བོ་འབུར་དུ་ཐོན་པ་དང་འདུ་ཤེས་གསར་གཏོད་ཀྱིས། ཧི་མ་ལ་ཡ་བརྒལ་བའི་རྐང་འཁོར་འགྲན་བསྡུར་རྒྱལ་སྤྱིར་ཤུགས་རྐྱེན་ལྡན་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པ། ས་ཁོངས་ཀྱི་ཁྱད་ཆོས་ལྡན་པ། མི་རིགས་ཀྱི་ཉམས་འགྱུར་མངོན་པ་བཅས་ཀྱི་འགྲན་བསྡུར་རྩེ་གྲ་ཞིག་ཏུ་ཧུར་ཐག་བཏོད་དེ། འཛམ་གླིང་ལ་ཀྲུང་གོའི་གཏམ་རྒྱུད་ཡག་པོ་ཤོད་པ་དང་། ཀྲུང་གོའི་གསུང་སྒྲ་བརྒྱུད་བསྒྲགས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྒྱང་ལམ་གསར་པ་དང་རྣམ་པ་གསར་པ་མངོན་པར་བྱས་ནས་ལུས་རྩལ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།