དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ལའེ་ཅའོ།
  • ལའེ་ཅའོ་ལྗོངས་ཏང་ཨུད་རྩ་འཛུགས་པུའི་2023ལོའི་ལོ་འཁོར་གྱི་ཀྲི་པུའུ་ཧྲུའུ་ཅིའི་སྟོན་དུས་གླེང་སྟེགས་ལ་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-18

    ཉེ་ཆར། ལྗོངས་ཏང་ཨུད་རྩ་འཛུགས་པུས་ལྗོངས་ཡོངས་ཀྱི་རྩ་འཛུགས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་བོད་ཀྱི་རྩ་འཛུགས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བརྗོད་གཞིར་བྱས་ནས། 2023ལོའི་ལོ་འཁོར་གྱི་ཀྲི་པུའུ་ཧྲུའུ་ཅིའི་སྟོན་དུས་གླེང་སྟེགས་གཉེར་ཞིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་གླེང་སྟེགས་ལ་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ལའེ་ཅའོ་ཡིས། རྩ་འཛུགས་སྡེ་ཚན་གྱིས་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་རྩ་འཛུགས་ལས་དོན་ཚོགས་འདུར་གནང་བའི་གསུང་བཤད་ཀྱི་བླང་བྱ་ལྟར། རྩ་འཛུགས་ལམ་ཕྱོགས་ཀྱིས་ཆབ་སྲིད་ཀྱི་ལམ་ཕྱོགས་ལ་ཞབས་འདེགས་མཐའ་འཁྱོངས་ཞུས་ཏེ། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རིང་ངེས་གནས་ཡང་དག་འཚོལ་བ་དང་ནུས་པ་འདོན་དགོས་པ་དང་། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་རིང་འགན་ནུས་གང་ལེཌ་བཏོན་ནས། ཏང་ཡོན་ལས་བྱེད་པར་ཁྲིད་སྟོན་བྱས་ཏེ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་དགོས། ཏང་གི་བྱ་གཞག་ལ་སྐུལ་འདེད་གཏོང་རིང་འགན་ནུས་གང་ལེགས་བཏོན་ནས། བྱ་གཞག་གཙོ་བོར་འཛིན་པ་རྩ་འཛུགས་ལས་དོན་གྱི་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོར་དོན་འཁྱོལ་བྱེད་པ་དང་། རྩ་འཛུགས་སྟོབས་ཆེར་གཏོང་བ་དང་། ཚན་ཁག་སྟོབས་ཆེར་གཏོང་བ། ལས་བྱེད་པ་ཡག་པོ་སྤྱོད་པ། ཤེས་ལྡན་པ་གང་ལེགས་སྤྱོད་པ་བཅས་ལ་བརྟེན་ནས་རྩ་འཛུགས་ཀྱི་སྟོབས་ཤུགས་དང་རྩ་འཛུགས་ཀྱི་ལེགས་ཆ་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་འཕེལ་རྒྱས་ཀྱི་ལེགས་ཆར་འགྱུར་བར་བྱེད་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རིང་འགན་ནུས་གང་ལེགས་བཏོན་ནས་རྨང་གཞི་བརྟན་དུ་གཏོང་བ་དང་། ལེགས་ཆ་འཕེལ་རྒྱས་གཏོང་བ། ཞན་ཆ་སེལ་བ། ཉམས་ཞན་སྟོབས་ཆེར་གཏོང་བ་བཅས་བྱེད་དགོས། ལོ་འཁོར་གྱི་ལས་ཀའི་འཆར་གཞི་དང་ཞིབ་བསྡུར་བྱས་ཏེ་ལས་ཡུན་ལྡོག་སྒྲིག་དང་གནོན་ཤུགས་ཆེར་གཏོང་གིས་འབད་འབུངས་ཡར་བརྩོན་བྱས་ནས། སྤུས་འབོར་གཉིས་ལྡན་གྱི་སྒོ་ནས་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།