དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • ཝང་ཅུན་ཀྲེང་གིས་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་པོ་ཨ་ཏུང་བཅས་པ་དང་བཞུགས་མོལ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-13

    ཟླ་10ཚེས་10ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་པོ་ཨ་ཏུང་བཅས་པ་དང་བཞུགས་མོལ་གནང་ཞིང་། འདི་ནི་བཞུགས་མོལ་ཚོགས་འདུ་འཚོག་ཡུལ་ཡིན་པ།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་པོ་ཨ་ཏུང་བཅས་པ་དང་བཞུགས་མོལ་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཡན་ཅིན་ཧའེ་དང་། ཟླ་བ་ཚེ་རིང་། ལུའོ་མེ་བཅས་ཚོགས་འདུར་ཞུགས་པ་རེད།

    ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ། སྡེ་ཚོགས་ཀྲུང་དབྱང་གིས་དུས་ཡུན་རིང་པོར་བོད་ཀྱི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་མིག་སྔར་བོད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་བས། སྤྱི་ཚོགས་ཡོངས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་རྣམ་པ་བཟང་པོ་མངོན་ཡོད་ཅེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་གུང་གཞོན་སྡེ་ཚོགས་ཀྱི་ལས་དོན་ལ་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། གཞོན་ནུའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། གུང་གཞོན་སྡེ་ཚོགས་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ། གུང་གཞོན་སྡེ་ཚོགས་ཀྱིས་གསར་གཏོད་རང་བཞིན་གྱི་སྒོ་ནས་ལས་དོན་སྤེལ་བར་རྒྱབ་སྐྱོར་བཅས་བྱས་པ་མ་ཟད། ད་དུང་ཏང་གི་འགོ་ཁྲིད་འོག་སྡེ་ཚན་ཁག་གིས་གཞོན་ནུ་འཕེལ་རྒྱས་ཀྱི་བྱ་གཞག་ལ་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱི་ལས་དོན་སྤེལ་སྟངས་ཤིག་གྲུབ་པ་དང་འཐུས་སྒོ་ཚང་དུ་བཏང་ཡོད། བོད་ཀྱི་རིམ་ཁག་སྡེ་ཚོགས་རྩ་འཛུགས་ཀྱིས་ལྟེ་བར་དམིགས་པ་དང་། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། སྒྱུར་བཅོས་གསར་གཏོད་མཐའ་འཁྱོངས་བྱེད་པ། རང་ངོས་གསར་བརྗེ་བྱེད་ཕོད་པ་བཅས་བྱས་ཤིང་། འབྲེལ་ཟམ་དང་སྦྲེལ་ཐག་གི་ནུས་པ་འདོན་སྤེལ་ཧུར་ཐག་གིས་གཞོན་ནུ་མི་རབས་དག་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་གཅིག་སྡུད་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་ཧུར་ཐག་ཞུགས་ཡོད། སླད་ཕྱིན་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་གིས་སྔར་རྒྱུན་བཞིན་བོད་ལ་སེམས་ཁུར་གྱིས་བོད་སྐྱོར་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་སྟེ། ཤེས་ལྡན་པ་གསོ་སྐྱོང་དང་རྣམ་གྲངས་འཛུགས་སྐྲུན་སོགས་ལ་གཟིགས་སྐྱོང་བྱ་རྒྱུ་དང་། ཕྱོགས་ཡོངས་དང་། ཁྱབ་རྒྱ་ཆེ་བ། རིམ་པ་མང་བ་བཅས་ཀྱི་བོད་སྐྱོར་ལས་དོན་སྤེལ་རྒྱུ། ཚད་རྒྱུག་རང་བཞིན་དང་། དཔེ་སྟོན་རང་བཞིན། སྐུལ་ཁྲིད་རང་བཞིན་བཅས་ལྡན་པའི་བོད་སྐྱོར་སྤུས་རྟགས་གཏོད་རྒྱུ། བོད་ཀྱི་གཞོན་ནུའི་ལས་ཞུགས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། རྒྱ་ཆེའི་གཞོན་ནུ་ཚོར་ལས་ཞུགས་ཀྱི་འདུ་ཤེས་ལ་འགྱུར་ལྡོག་གཏོང་རྒྱུ་དང་ལས་ཞུགས་ཀྱི་ལྟ་བ་ཡང་དག་འཛུགས་རྒྱུར་སློབ་གསོ་ཁྲིད་སྟོན་བྱ་རྒྱུ་དང་། ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་ལྗོངས་ཕྱིར་ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་གཏོང་བའི་ལེ་ལག་ཚང་བའི་རྒྱབ་སྐྱོར་སྲིད་ཇུས་དང་བྱ་ཐབས་ཞིབ་འཇུག་བྱས་ནས་བཟོ་རྒྱུ། ལས་ཞུགས་ཀྱི་ཁོར་ཡུག་དང་ཆ་རྐྱེན་དེ་བས་ཡག་པོ་གཏོད་རྒྱུ། ལས་སྟེགས་དེ་བས་རྒྱ་ཆེན་པོ་གཏོད་རྒྱུ། ནུབ་རྒྱུད་འཆར་གཞིའི་དང་བླངས་པའི་རྣམ་གྲངས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། ནུབ་རྒྱུད་འཆར་གཞིའི་དང་བླངས་པའི་གྲངས་འབོར་མང་དུ་དང་། སྤུས་ཚད་མཐོ་རུ། ཕན་འབྲས་ཆེ་རུ་བཅས་ཕྱོགས་ཡོངས་ནས་གཏོང་རྒྱུ་དང་། ཕུལ་བྱུང་གཞོན་ནུ་དེ་བས་མང་བ་གཞི་རིམ་དུ་གཞི་ཚུགས་པ་དང་མཐའ་མཚམས་ལ་ཞབས་འདེགས་ཞུ་བར་བསྐྱོད་དེ། ས་ཁུལ་འཕེལ་རྒྱས་གཏོང་བར་ནུས་པ་འདོན་པ་དང་གྲོང་གསེབ་དར་རྒྱས་གཏོང་བར་རམ་འདེགས་ཀྱིས་བོད་ཀྱི་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི“དོན་ཆེན་བཞིའི”ནང་ཞུགས་ནས་བྱས་རྗེས་འཇོག་རྒྱུར་སྐུལ་ལྕག་གཏོང་རྒྱུ། གཞོན་ནུས་འགྲོ་འོང་རྒྱ་ཁྱབ་དང་། ཕྱོགས་ཡོངས་ནས་སྤེལ་རེས། མཉམ་འདྲེས་གཏིང་ཟབ་བཅས་ཡོང་བར་བྱེད་པ་དང་། ལས་ཀ་བྱེད་སྟངས་གསར་གཏོད་ཧུར་ཐག་དང་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གསར་གཏོད་ལས་དོན་ཕྱོགས་ཡོངས་དང་། གཏིང་ཟབ། རྒྱུན་སྲིང་བཅས་ཀྱི་སྒོ་ནས་སྤེལ་བ། མི་རིགས་ཁག་གི་གཞོན་ནུ་ལོ་ཆུང་གི་སྤེལ་རེས་བྱེད་སྒོ་རྒྱ་ཁྱབ་གཏིང་ཟབ་སྤེལ་བ། མི་རིགས་ཁག་གི་གཞོན་ནུ་ལོ་ཆུང་ལ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ཕན་ཚུན་ལྟ་སྐྱོང་བྱ་རྒྱུའི་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་རྒྱུ་བཅས་ཀྱི་རེ་བ་ཡོད་ཅེས་གསུངས་པ་རེད།

    ཨ་ཏུང་གིས། མིག་སྔར་སྡེ་ཚོགས་ཡོངས་ཀྱིས་སྡེ་ཚོགས་ཀྲུང་དབྱང་གི་སྐབས་གསར་པའི་འགོ་ཁྲིད་ཚན་ཁག་དང་ཐུན་མོང་ཐོག་གླེང་མོལ་གནང་སྐབས་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱས་ཏེ་སྡེ་ཚོགས་ཀྱི་ཚོགས་མི་དང་གཞོན་ནུའི་བརྗོད་དོན་གཙོ་བོའི་སློབ་གསོ་ཏན་ཏིག་སྤེལ་བ་དང་། རྒྱ་ཆེའི་གཞོན་ནུ་སྒྲིག་འཛུགས་དང་སྐུལ་སློང་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པ། ཚན་རྩལ་གསར་གཏོད་དང་། གྲོང་གསེབ་དར་རྒྱས། ལྗང་མདོག་འཕེལ་རྒྱས། སྤྱི་ཚོགས་ལ་ཞབས་ཞུ། རྒྱལ་སྲུང་མཐའ་སྲུང་སོགས་ཀྱི་ཁྱབ་ཁོངས་ཁག་ཏུ་གདོང་དམག་དང་སྟོབས་ཤུགས་གསར་པར་འགྱུར་བར་བརྩོན་ལེན་བཅས་བྱས་ཏེ། དུས་རབས་གསར་པའི་གནམ་ས་གསར་པར་རང་ཉིད་ཀྱི་ཕུགས་བསམ་དོན་གཉེར་དང་འབད་འབུངས་ཡར་བརྩོན་བྱེད་བཞིན་ཡོད། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་གིས་ནུས་ཤུགས་ཡོད་རྒུས་བོད་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པ་དང་། ལས་བྱེད་པ་དང་ཤེས་ལྡན་མི་སྣའི་དབར་སྤེལ་རེས་བྱེད་ཤུགས་ཆེ་རུ་གཏོང་བ། ལས་ཞུགས་ལས་གཏོད་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། བོད་ཀྱི་གཞོན་ནུའི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་གྱི་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།