དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ལའེ་ཅའོ།
  • ལའེ་ཅའོ་རང་སྐྱོང་ལྗོངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པའི་སྐོར་སྐྱོད་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་དང་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་ལས་དོན་བཀོད་གཏོང་ཚོགས་འདུ་ཐེངས་གཉིས་པར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-13

     ཚེས་10ཉིན། རང་སྐྱོང་ལྗོངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པའི་སྐོར་སྐྱོད་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་དང་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་ལས་དོན་བཀོད་གཏོང་ཚོགས་འདུ་ཐེངས་གཉིས་པ་འཚོགས་ནས་བརྟག་ཞིབ་ལས་དོན་སྐོར་གྱི་ས་ཨུད(གྲོང་ཨུད)ཁག་གི་བརྗོད་དོན་གཙོ་བོའི་སློབ་གསོ་གཞུང་དོན་ཁང་དང་ལྗོངས་ཏང་ཨུད་བརྗོད་དོན་གཙོ་བོའི་སློབ་གསོ་གཞུང་དོན་ཁང་མཐུན་སྦྱོར་འབྲེལ་གཏུག་ཚོགས་ཆུང་གི་སྙན་སེང་ཉན་པ་དང་འབྲེལ་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་ཀྱང་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རྩ་འཛུགས་པུའི་པུའུ་ཀྲང་། ལྗོངས་ཏང་ཨུད་བརྗོད་དོན་གཙོ་བོའི་སློབ་གསོ་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་དང་གཞུང་དོན་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་ལའེ་ཅའོ་ཚོགས་འདུར་ཞུགས་པ་དང་སྦྲགས་གཏམ་བཤད་ཀྱང་གནང་བ་རེད།

    ལའེ་ཅའོ་ཡིས་ནན་བཤད་གནང་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་བརྟག་དཔྱད་ཞིབ་འཇུག་ལས་དོན་སྤེལ་བའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས། ལས་དོན་གྱི་གཙོ་གནད་འབུར་དུ་ཐོན་པར་བྱས་ཐོག་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཀྱི“དོན་ཆེན་བཞི”དང“འཛུགས་གཏོད་བཞིར”དམིགས་ནས་བརྟག་དཔྱད་ཞིབ་འཇུག་གི་དུས་འགོའི་གྲ་སྒྲིག་ལས་དོན་ཡག་པོ་སྒྲུབ་པ་དང་། ཚན་རིག་གི་བྱེད་ཐབས་ལ་བརྟེན་ནས་བརྟག་དཔྱད་ཞིབ་འཇུག་ལ་སྐུལ་འདེད་གཏོང་བ། བརྟག་དཔྱད་ཞིབ་འཇུག་གི་རྗེས་མཐུད་ལས་ཀ་ཏན་ཏིག་སྒྲུབ་པ་བཅས་བྱས་ཏེ། བརྟག་དཔྱད་ཞིབ་འཇུག་གི་ལས་དོན་བརྒྱུད་རིམ་ཧྲིལ་པོར་ཡག་པོ་སྒྲུབ་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ལས་ཀའི་འགན་འཁྲི་དོན་འཁྱོལ་བྱེད་པ། སྒྲིག་ཁྲིམས་ཀྱི་བླང་བྱ་ནན་དུ་གཏོང་བ། མི་ལུས་བདེ་འཇགས་ལ་དོ་སྣང་བྱེད་པ། ལྟེ་བའི་ལས་དོན་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ་བཅས་བྱས་ནས་བརྟག་དཔྱད་ཞིབ་འཇུག་གི་ལས་དོན་ཏན་ཏིག་དང་ནུས་ལྡན་སྤེལ་རྒྱུའི་འགན་ལེན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།