དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་བ་ལས་རང་ལྗོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

    དུས་རབས་གསར་པར་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-10-11

     ཉེ་ཆར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་བ་ལས། རང་ལྗོངས་ཀྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་འཐབ་ཕྱོགས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཞིང་། ཚང་མས། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པར་དམ་པོར་དམིགས་པ་དང་རིག་གནས་འཛུགས་སྐྱོང་སྐོར་གྱི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་བྱེད་པར་དམིགས་ཏེ། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་བཏང་ནས་ལས་དོན་ཁག་དོན་འཁྱོལ་ཐུབ་པ་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྤྱི་ཡོངས་སྟངས་འཛིན་གནང་སྟེ། དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་གནས་བབ་གལ་ཆེན་ཐོག་བཞག་ནས། དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་བྱ་གཞག་དེ་དར་ཆ་བསྒྲེངས་ནས་ཁ་ཕྱོགས་གཏན་འཁེལ་དང་གཞི་སྒྱུར་རྩ་སྒྱུར་བྱེད་རིང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཡོང་བ། གཞུང་འཁྱོངས་གསར་འབྱེད་དང་གསར་འབྱེད་ཡར་བརྩོན་བྱེད་རིང་རྣམ་པ་གསར་པ་མངོན་པ་དང་རྒྱང་ལམ་གསར་པར་སྐྱོད་པར་ཁྲིད་སྟོན་གནང་ཡོད། གཞི་རིམ་གྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་འཐབ་ཕྱོགས་ཀྱི་ལས་བྱེད་པ་ཨོའུ་ཁྲོན་ཧན་གྱིས། ཞི་ཅིན་ཕིང་གི་རིག་གནས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲས་ཏེ“ནུས་བཞིའི”སློབ་གསོ་ལག་ལེན་ལས་དོན་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོ་མུ་མཐུད་ཏན་ཏིག་སྤེལ་ནས་སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ་དང་། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས(སུའོ་དང་ས་ཚིགས)ཀྱིས“ཇོ་མོ་གླང་མའི་ཀུན་སྤྱོད་སློབ་ཁང”དང་། “ང་ཚོའི་དུས་ཆེན” “འགྲན་ལྔའི”འགྲན་བསྡུར། “དཔྱིད་རླུང་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་པ”སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་རྒྱུན་མཐུད་སྤེལ་བར་བརྟེན་ནས། སྤྱི་ཚོགས་ཤེས་དཔལ་གྱི་དར་སྲོལ་གསར་པ་སྐྱེད་སྲིང་བྱེད་པར་ཤུགས་སྣོན་བརྒྱབ་སྟེ། ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་བློའི་གོ་རྟོགས་དང་། ཀུན་སྤྱོད་ཀྱི་ཆུ་ཚད། ཤེས་དཔལ་གྱི་བྱང་ཚད་བཅས་ཟམ་མི་ཆད་པར་མཐོ་རུ་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།

    “ཞི་ཅིན་ཕིང་གི་རིག་གནས་དགོངས་པར་རིག་གནས་ཀྱི་རིགས་པའི་གཞུང་ལུགས་ལྟ་བའི་ཐད་ཀྱི་གསར་གཏོད་དང་ཚད་བརྒལ་ཡོད་ལ། རིག་གནས་ལས་དོན་བཀོད་སྒྲིག་ཐད་ཀྱི་བཀོད་སྒྲིག་བླང་བྱའང་ཡོད་པ་དང་། ལུགས་བསྟུན་དོན་འཁྱོལ་དང་ལུགས་དོན་ཁོང་ཆུད་ཀྱིས་དུས་རབས་གསར་པའི་རིག་གནས་འཛུགས་སྐྱོང་གི་གོམ་སྟབས་དང་ལས་འགན་ཁ་གསལ་བཀོད་པས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཛུགས་སྐྱོང་གི་ཆོས་ཉིད་ལ་འཛིན་པའི་རང་རེའི་ཏང་གི་ངོས་འཛིན་མཐོ་ཚད་གསར་པར་སླེབས་པ་མཚོན་པ། རང་རེའི་ཏང་གི་ལོ་རྒྱུས་ཀྱི་གདེང་ཚོད་དང་རིག་གནས་ཀྱི་གདེང་ཚོད་མཐོ་ཚད་གསར་པར་སླེབས་པ་མཚོན་པ་མ་ཟད། ད་དུང་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཛུགས་སྐྱོང་ཁྲོད་སྟོབས་ཤུགས་ཧ་ཅང་ཆེན་པོ་མངོན་པར་བྱས་ཏེ། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་ཡག་པོ་བསྒྲུབ་པ་དང་རིག་གནས་ཀྱི་ལས་འགན་གསར་པ་འཁུར་རྒྱུར་བསམ་བློའི་མཚོན་ཆ་རྣོན་པོ་དང་ཚན་རིག་དང་མཐུན་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་བྱས་ཡོད”ཅེས་བོད་ལྗོངས་ཞིང་འབྲོག་སློབ་གླིང་སློབ་མའི་ལས་དོན་ཁྲུའི་ཁྲུའུ་ཀྲང་ཀྲའོ་ཏེ་ཅུན་གྱིས་རྒྱལ་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་བྱས་རྗེས་མྱོང་ཚོར་ཟབ་མོས་དེ་ལྟར་བཤད་པ་དང་། ཁོང་གིས། བོད་ལྗོངས་ཞིང་འབྲོག་སློབ་གླིང་གིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ“ལམ་གཉིས”ཀྱི་སྙིང་སྟོབས་དང་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་ལག་ལེན་བསྟར་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། གཞོན་ནུ་སློབ་མ་རྣམས་ཞིང་ལས་ཤེས་རྟོགས་དང་། ཞིང་ལས་ལ་དགའ་ཞེན། ཞིང་ལས་དར་རྒྱས་གཏོང་བ་བཅས་ཀྱི་ལག་ལེན་ཁྲོད་འཚར་ལོངས་དང་ཤེས་ལྡན་པ་ཞིག་ཏུ་འགྱུར་བ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

    “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ནི་གཟིགས་རྒྱང་རིང་ལ། གནད་ལ་འཕིགས་ཤིང་ནང་དོན་ཟབ་པ་དང་། ཆབ་སྲིད་རང་བཞིན་དང་། བསམ་བློའི་རང་བཞིན། མཛུབ་ཁྲིད་རང་བཞིན་བཅས་ཆེན་པོ་ལྡན་པས། དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་སྔར་བས་ཡག་པོ་བསྒྲུབ་པར་ཁ་ཕྱོགས་གསལ་སྟོན་གནང་ཡོད། དེས་ན། ངེས་པར་དུ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས” ལྷོ་ཁ་གྲོང་ཁྱེར་རིག་གནས་ཅུས་ཀྱི་ཅུས་ཀྲང་གཞོན་པ་སུན་ཞི་པིང་གིས། ལྷོ་ཁ་གྲོང་ཁྱེར་རིག་གནས་ཅུས་ཀྱིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུར་དམ་པོར་དམིགས་ནས་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་རྒྱུར་མུ་མཐུད་ཤུགས་བརྒྱབ་སྟེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱས་ནས་ལས་ཀའི་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། ལས་ཀའི་སྤུས་ཚད་ལེགས་སུ་དང་ཕན་འབྲས་ཆེ་རུ་གཏོང་བ། རིག་གནས་ཞབས་ཞུའི་དཀའ་གནད་སེལ་བ་བཅས་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་རིག་གནས་བྱ་གཞག་ཕྱོགས་ཡོངས་ནས་ཡར་རྒྱས་འགྲོ་བར་སྐུལ་འདེད་གཏོང་རིང་འགན་འཁྲི་གསར་པ་དང་བྱས་རྗེས་གསར་པ་འཇོག་རྒྱུ་ཡིན་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།