དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འགོ་ཁྲིད་ཀྱིས་ཆི་ལིའི་འཐུས་མི་ཚོགས་པ་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-10-11

     ཚེས་7ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་སུན་ཤན་ཀྲུང་གིས་ལྷ་སར་ཆི་ལིའི་གྲོས་ཁང་འོག་མའི་གྲོས་དཔོན་གཞོན་པ་གཉིས་པ་ཞི་ཁཱ་ཏི་ཉི་བཅས་པ་དང་མཇལ་འཛོམས་གནང་བ་རེད།

    སུན་ཤན་ཀྲུང་གིས་ཞི་ཁཱ་ཏི་ཉི་དང་བཅས་པ་བོད་དུ་ཕེབས་ནས་ཀྲུང་གོའི་བོད་ལྗོངས“ཧི་མ་ལ་ཡའི་མཐའ་འཁོར”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་གསུམ་པར་ཞུགས་པ་དང་བོད་དུ་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས་པ་དང་འབྲེལ། རང་རྒྱལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་དང་། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས། རང་ལྗོངས་ཀྱི་ཉེ་བའི་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་བཅས་ངོ་སྤྲོད་རགས་ཙམ་གནང་བ་རེད། སུན་ཤན་ཀྲུང་གིས་ཕྱི་ཕྱོགས་སྒོ་དབྱེ་དང་མཉམ་ལས་ནི་རང་ལྗོངས་ཀྱི་འཐབ་ཇུས་གལ་ཆེན་ཞིག་ཡིན་པས་རང་ལྗོངས་ཀྱིས་ཆི་ལིའི་ཆུས་དང་། ཞིང་ཆེན་དང་གྲོང་ཁྱེར་ཆེ་གྲས་ཁག་དང་རྒྱ་ཁྱབ་ངང་གྲོགས་པོ་བསྒྲིགས་ཏེ། ཕྱོགས་གཉིས་པོས་ཁོར་ཡུག་སྲུང་སྐྱོང་དང་། ཡུལ་སྐོར། གསོ་རིག་སོགས་ཁྱབ་ཁོངས་དང་དངོས་སྒྲུབ་མཉམ་ལས་བྱེད་ཟབ་ཏུ་གཏོང་འདོད་ཡོད་ལ། འཐུས་མི་ཚོགས་པ་དང་བཅས་པས་མུ་མཐུད་སྦྲེལ་ཟམ་གྱི་ནུས་པ་བཏོན་ཏེ་བོད་ཀྱི་ཕྱོགས་ཡོངས་དང་། ཕྱི་རོལ་ཡུལ་དང་མཐུན་པ། དངོས་ཡོད་བཅས་ཀྱི་སྒོ་ནས་ཆི་ལིའི་དམངས་ཚོགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་ངོ་སྤྲོད་བྱས་ཏེ། གྲོགས་པོ་ཆི་ལི་བ་དེ་བས་མང་བ་བོད་དུ་ལྟ་སྐོར་རྟོག་ཞིབ་བྱེད་པར་འོང་བ་དང་འཛམ་གླིང་གིས་བོད་འདི་ཉིད་ཤེས་རྟོགས་དེ་བས་ལེགས་པ་ཡོང་རྒྱུའི་ཟོལ་མེད་ཀྱི་རེ་བ་འཆང་བཞིན་ཡོད་ཅེས་གསུངས་པ་རེད།

    ཞི་ཁཱ་ཏི་ཉིས་ཚན་རྩལ་དང་། རིག་གནས། ཡུལ་སྐོར་སོགས་ཁྱབ་ཁོངས་སུ་ཀྲུང་ཆིས་སྤེལ་རེས་མཉམ་ལས་དེ་བས་གཏིང་ཟབ་བྱས་ཏེ་ལག་གདང་སྦྲེལ་ནས་གཉིས་ཁེ་འཕེལ་རྒྱས་ཡོང་བ་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།