དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དང་སྤྱི་ཚོགས་ཚན་རིག་མཉམ་འབྲེལ་ལྷན་ཚོགས་སུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-10

    ཟླ་10ཚེས་7ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དང་སྤྱི་ཚོགས་ཚན་རིག་མཉམ་འབྲེལ་ལྷན་ཚོགས་སུ་བརྟག་ཞིབ་གནང་བར་ཕེབས་ཤིང་། འདི་ནི་ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་རྩ་འཛུགས་ཀྱི་མ་ལག་འཛུགས་སྐྱོང་དང་། རིག་གཞུང་ཞིབ་འཇུག ཤེས་ལྡན་པའི་ལས་དོན་བཅས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་བཞིན་པ།

    ཟླ་10ཚེས་7ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དང་སྤྱི་ཚོགས་ཚན་རིག་མཉམ་འབྲེལ་ལྷན་ཚོགས་སུ་བརྟག་ཞིབ་གནང་བར་ཕེབས་ཤིང་། འདི་ནི་ཝང་ཅུན་ཀྲེང་གིས་བོད་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལས་དོན་སྤེལ་ཚུལ་གྱི་སྙན་ཞུ་གསན་བཞིན་པ།

    ● སྤྱི་ཡོངས་ལ་ཞབས་འདེགས་ཞུ་བར་དམིགས་པ་དང་བོད་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་བོད་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་བྱ་གཞག་དར་རྒྱས་ཡོང་བར་བྱེད་དགོས།

    ཚེས་7ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དང་སྤྱི་ཚོགས་ཚན་རིག་མཉམ་འབྲེལ་ལྷན་ཚོགས་སུ་བརྟག་ཞིབ་གནང་བར་ཕེབས་ཤིང་། ཁོང་གིས་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བར་དམིགས་པ། བོད་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བར་བྱེད་པ། བོད་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་བྱ་གཞག་དར་རྒྱས་ཡོང་བ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།

    ཟླ་བ་ཚེ་རིང་དང་། རྒྱལ་མཚན། ལང་ཧྥུའུ་ཁོན། མོང་ཞའོ་ལིན་བཅས་ཞུགས་པ་རེད།

    ཝང་ཅུན་ཀྲེང་གིས་བོད་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་པ་དང་། དཔེ་མཛོད་ཁང་གི་ཁྱད་ལྡན་ཉར་ཚགས་གནས་ཚུལ་མཁྱེན་རྟོགས་གནང་བ། ལྗོངས་ཡོངས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་རྩ་འཛུགས་ཀྱི་མ་ལག་འཛུགས་སྐྱོང་དང་། རིག་གཞུང་ཞིབ་འཇུག ཤེས་ལྡན་པའི་ལས་དོན་བཅས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་བ་རེད། ཁོང་གིས་བོད་འདི་གནའ་སྔ་མོ་ནས་བཟུང་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་ཀྱི་དོན་དངོས་སྔོག་འདོན་དང་། ལེགས་སྒྲིག དྲིལ་བསྒྲགས་བཅས་གཏིང་ཟབ་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་དགོས། སྦྱངས་པ་གོ་ཆོད་མཐའ་འཁྱོངས་ཀྱིས་ཞིབ་འཇུག་གཏིང་ཟབ་དང་བརྩམས་ཆོས་རྩེ་གྲ་མང་ཙམ་བཏོན་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་དེ་བས་ཡག་པོ་ཞུ་དགོས་པའི་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས་བོད་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལས་དོན་སྤེལ་ཚུལ་གྱི་སྙན་སེང་གསན་རྗེས། ཁོང་གིས་ཉེ་བའི་ལོ་ཤས་རིང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དང་། སྤྱི་ཚོགས་ཚན་རིག་མཉམ་འབྲེལ་ལྷན་ཚོགས། རྒྱ་ཆེའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལས་དོན་པས་འགན་ནུས་ལ་གཞི་ཚུགས་པ་དང་། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། ལས་དོན་ཧུར་ཐག་སྒྲུབ་པ་བཅས་བྱས་ཏེ། ཏང་དང་མི་དམངས་ཀྱི་བྱ་གཞག་ལ་སློབ་སྦྱོང་གི་རྣམ་བཤད་དང་ཐབས་འདོན་ཇུས་འབུལ་གྱིས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ཅེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བོད་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལས་དོན་གྱི་སྤྱི་ཡོངས་ལ་གཅིག་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཡང་དག་པའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་འགན་ལེན་བྱེད་དགོས། མར་ཁེ་སི་རིང་ལུགས་ཀྱི་མཛུབ་ཁྲིད་གནས་བབ་མཐའ་འཁྱོངས་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སློབ་སྦྱོང་དང་གོ་བ་ལེན་པ། དེའི་ཁྲོད་དུ་ཁྱབ་པའི་ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བར་གོ་བ་གཏིང་ཟབ་ལེན་པ། དེའི་ཁྲོད་དུ་ཁྱབ་པའི་ལངས་ཕྱོགས་དང་ལྟ་བ་དང་བྱེད་ཐབས་བཅས་མཐའ་འཁྱོངས་དང་བེད་སྤྱོད་ཡག་པོ་བྱེད་པ། སློབ་གསོ་སློབ་ཁྲིད་དང་ཞིབ་འཇུག་འཆད་འགྲེལ་སོགས་ཀྱི་ལས་དོན་ལ་སྐུལ་སྤེལ་ཏན་ཏིག་གཏོང་བ་བཅས་བྱས་ཏེ། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ཞིབ་འཇུག་བྱེད་ནུས་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། མི་དམངས་ལྟེ་བར་འཛིན་པའི་ཞིབ་འཇུག་གི་ལངས་ཕྱོགས་མཐའ་འཁྱོངས་དང་། མི་སྒེར་གྱི་རིག་གཞུང་བརྩོན་གཉེར་བྱ་རྒྱུ་དེ་རྒྱལ་ཁབ་དང་མི་རིགས་འཕེལ་རྒྱས་གཏོང་བ་དང་རང་རྟོགས་ངང་ཟུང་འབྲེལ་དམ་པོ་བྱེད་པ། བརྟག་དཔྱད་ཞིབ་འཇུག་བྱེད་པའི་མཆོག་ནོར་འདི་བེད་སྤྱོད་ཡག་པོ་བྱེད་པ། ཁེངས་སྐྱུང་གིས་མང་ཚོགས་ལ་སློབ་སྦྱོང་བཅས་བྱས་ཏེ། ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་དཔྱད་ཐེག་ཐུབ་པའི་ཞིབ་འཇུག་གྲུབ་འབྲས་ཆགས་པར་འབད་བརྩོན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་སློབ་སྲོལ་དར་སྤེལ་བཏང་ནས་བོད་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ཞིབ་འཇུག་དར་རྒྱས་ཧུར་ཐག་བཏང་སྟེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བློ་སྒྲིལ་སེམས་སྐྱེད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཚུགས་གནས་མཐོར་གཏོང་དང་། ངེས་གནས་བཙལ་འཚོལ་ཡང་དག ཁ་ཕྱོགས་གསལ་སྟོན་བཅས་བྱེད་པ། དོན་དངོས་དང་། འཚོ་བ། མང་ཚོགས་བཅས་དང་ཉེ་བཅར་བྱེད་པ། མང་ཚོགས་ལ་གོ་བདེ་ཤེས་སླའི་སྐད་ཆ་དང་ལྟ་འདོད་ལ་ཉན་སྤྲོ་བའི་བྱ་ཐབས་ཐོག་ནས་ཕྱོགས་མང་དང་ཕྱོགས་བསྡུས་རྣམ་པར་བརྟེན་ནས་དུས་རབས་གསར་པའི་བོད་ཀྱི་གཏམ་རྒྱུད་ཡག་པོ་ཤོད་དགོས། དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་དང་། སྐད་ཆ་ཤོད་ཕོད་པ་དང་རལ་གྲི་འཕྱར་ཕོད་པ། ནོར་འཁྲུལ་གྱི་བསམ་བློའི་རླབས་རྒྱུན་སྣ་ཚོགས་ལ་འཐབ་རྩོད་མཐའ་གཅིག་ཏུ་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་ཀྱི་གོང་བུ་འགྲིལ་ཤུགས་དང་ཁྲིད་སྟོན་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། དོན་དངོས་འཕེལ་རྒྱས་ཀྱི་དགོས་མཁོ་དང་ཟུང་འབྲེལ་བྱས་ནས་དགེ་སྤེལ་སྐྱོན་སྤོང་དང་ལེགས་ཆ་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་། ས་ཁོངས་ཀྱི་ཁྱད་ཆོས་ལྡན་ལ་རིག་གཞུང་གི་རིན་ཐང་ཡང་ལྡན་པའི་རིག་ཚན་འཛུགས་རྒྱུར་ཤུགས་སྣོན་རྒྱག་པ། རིག་གཞུང་གསར་གཏོད་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་གདེང་འཇོག་དང་དཔྱད་ཞིབ་མ་ལག་གསར་གཏོད་བྱེད་པ། སྐད་བརྡ་འཕྲོད་ནུས་ཆེ་རུ་གཏོང་བ་དང་སྐད་བརྡ་མང་ཚོགས་ལ་ཁྱབ་གདལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་ཁྱད་ཆོས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་རིག་ཚན་མ་ལག་དང་། རིག་གཞུང་མ་ལག སྐད་བརྡའི་མ་ལག་བཅས་མགྱོགས་མྱུར་འཛུགས་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་དེ་ལ་ཤུགས་སྣོན་བརྒྱབ་ནས་བོད་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལས་དོན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་ཀྱིས་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ལས་དོན་དེ་གནས་བབ་གལ་ཆེན་ཐོག་བཞག་པ་དང་ཉིན་རེའི་གྲོས་རིམ་གལ་ཆེན་ནང་བཅུག་པ་དང་། ཐོན་ཁུངས་བཀོད་སྒྲིག་ལ་སྤྱི་འདོམས་བྱེད་པ། སྡེ་ཚན་དབར་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏོང་དགོས། ཚན་རིག་དང་མཐུན་པའི་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ། ཤེས་ལྡན་མི་སྣའི་གདེང་འཇོག་དང་། གྲུབ་འབྲས་ཀྱི་གདེང་འཇོག རིག་ཚན་གི་གདེང་འཇོག གོ་མིང་དཔྱད་འབེབས། དཔྱད་ཞིབ་སྐུལ་ལྕག་སོགས་ཕྱོགས་མང་པོའི་སྒྱུར་བཅོས་གསར་གཏོད་ལ་སྐུལ་འདེད་ཧུར་ཐག་བཏང་ནས། ཕུལ་བྱུང་ཤེས་ལྡན་པ་གཟེངས་སུ་ཐོན་པའི་ཁོར་ཡུག་བཟང་པོ་སྐྲུན་དགོས། དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང“གསོ་སྐྱོང་དང་། ཁྲིད་སྟོན། བཀོལ་སྤྱོད། གཞིས་ཆགས”བཅས་ཀྱི་འདུ་འགོད་ཆེན་པོ་བཞི་ལག་བསྟར་ཡག་པོ་བྱས་ཏེ། བྱང་ཚད་མཐོ་བའི་རིག་གཞུང་རྐང་འཛིན་པ་ཁག་གཅིག་འཚོལ་བསྡུ་དང་། གསོ་སྐྱོང་། གཅིག་སྡུད་བཅས་ལ་ཤུགས་བརྒྱབ་ནས། རིགས་སྣ་ཚང་ཞིང་རྗེས་གྲབས་འབྲེལ་མཐུད་པའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ཤེས་ལྡན་པའི་མ་ལག་འཛུགས་དགོས། སློབ་སྲོལ་བཟང་པོ་དར་སྤེལ་གཏོང་བ་དང་ལྷུག་ཡང་གཅུན་སྡོམ་དང་བྱེད་ཐབས་ནན་པོ་ཟུང་འབྲེལ་བྱས་ཏེ། རྩེར་སོན་ལ་དད་ཞེན་དང་། རིག་གནས་བརྩོན་ཞིབ། ཁ་དན་ཚིག་གནས་ལ་སྣང་ཆེན། འགན་འཁྲིར་དོ་སྣང་བཅས་བྱེད་པའི་སློབ་སྲོལ་བཟང་པོ་ཆགས་པར་སྐུལ་འདེད་བཏང་ནས། སྤྱོད་གཙང་གཞུང་དྲང་དང་། ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ། ཧུར་བརྩོན་ཡར་རྒྱས་བཅས་ཀྱི་རིག་གཞུང་གི་ཁོར་ཡུག་ཅིག་གཏོད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།