དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་ཆེད་དོན་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-09

    ཚེས་7ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་མེ་ཡིས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས། ལྗོངས་ཏང་ཨུད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་དང་པོའི་ཕྱོགས་སྡོམ་དང་ཁག་གཉིས་པའི་བཀོད་སྒྲིག་ཚོགས་འདུའི་ཐོག་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གནང་བའི་གལ་ཆེའི་གསུང་བཤད་ནང་དུ་བཏོན་པའི་ལྗོངས་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་ལས་དོན་ཐད་ཀྱི“དམིགས་པ་ལྔའི”བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཏེ། ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་བཏོན་པའི་ཐོག་མའི་ལག་བསྟར་ཇུས་གཞིར་ཞིབ་འཇུག་བྱས་ནས་འཐུས་སྒོ་ཚང་དུ་བཏང་བ་རེད།

    ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། རིམ་ཁག་སྡེ་ཚན་ཁག་ལ“དམིགས་པ་ལྔའི”བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པའི་འགན་འཁྲིའི་བསམ་པ་དང་ལས་འགན་སྒྲུབ་སེམས་ཆེ་རུ་བཏང་སྟེ་ཆབ་སྲིད་ཀྱི་མཐོང་རྒྱའི་ཐོག་ནས་ལྟ་ཞིབ་དང་། ཆབ་སྲིད་ཀྱི་བསམ་གཞིག་ཐོག་ནས་དབྱེ་ཞིབ། ཆབ་སྲིད་ཀྱི་ཕན་འབྲས་ཐོག་ནས་བསམ་གཞིག་བཅས་བྱས་ཏེ་བསམ་བློར་སྔར་བས་བཅིངས་འགྲོལ་དང་ངོས་འཛིན་སྔར་བས་ཟབ་ཏུ་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་གཟུགས་གཞི་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལ་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་ལམ་སྲོལ་དང་སྒྲིག་གཞི་གསར་གཏོད་དང་། བདེ་ཐང་གི་ཐོན་ཁུངས་རྒྱ་སྐྱེད། གཙོ་གནད་ཀྱི་ཚན་ཁག་འཛུགས་སྐྲུན། བདེ་ཐང་གི་དྲིལ་བསྒྲགས་སློབ་གསོར་སྐུལ་འདེད། ལས་ཀའི་མཉམ་ཤུགས་ཆགས་པ། དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ཐད་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས“དམིགས་པ་ལྔའི”བླང་བྱ་དོན་འཁྱོལ་ཡག་པོ་བྱས་ནས། ལྗོངས་ཡོངས་ཀྱི་འཕྲོད་བསྟེན་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་ཐང་ཆུ་ཚད་སྔར་བས་མཐོ་རུ་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།