དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཝང་ཅུན་ཀྲེང་གིས་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ལི་གཞོན་པ་ཨ་མར་སའེ་ཧན་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-08

    འདི་ནི་ཟླ་10ཚེས་5ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཉིང་ཁྲིའི་ཀླུ་ནང་དུ་ཀྲུང་གོའི་བོད་ལྗོངས“ཧི་མ་ལ་ཡའི་མཐའ་འཁོར”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་གསུམ་པར་ཞུགས་པར་ཕེབས་པའི་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ལི་གཞོན་པ་ཨ་མར་སའེ་ཧན་བཅས་པ་དང་མཇལ་འཛོམས་གནང་བཞིན་པ།

     ཚེས་5ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཉིང་ཁྲིའི་ཀླུ་ནང་དུ་ཀྲུང་གོའི་བོད་ལྗོངས“ཧི་མ་ལ་ཡའི་མཐའ་འཁོར”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་གསུམ་པར་ཞུགས་པར་ཕེབས་པའི་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ལི་གཞོན་པ་ཨ་མར་སའེ་ཧན་བཅས་པ་དང་མཇལ་འཛོམས་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཁྲེན་ཡུང་ཆི་དང་ཟླ་བ་ཚེ་རིང་ཞུགས་པ་རེད།

    ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཚབ་ཞུས་ནས་ཨ་མར་སའེ་ཧན་བཅས་པར་དགའ་བསུ་ཞུས་ཤིང་། ཁོང་གིས་ལོ་མང་རིང་ཀྲུང་མོང་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་འཐབ་ཇུས་ཁྲིད་སྟོན་དང་ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག ཀྲུང་མོང་གི་འབྲེལ་བའི་འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས་ཐུབ་ནས་དངོས་སྒྲུབ་མཉམ་ལས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་ཅེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས་གསུངས་དོན། མོང་གོལ་རྒྱལ་ཁབ་ནི་བོད་ཀྱི་ཕྱི་ཕྱོགས་སྒོ་དབྱེ་དང་མཉམ་ལས་ཀྱི་ཁ་ཕྱོགས་གལ་ཆེན་ཞིག་ཡིན་པས། ང་ཚོས་ཞི་ཅིན་ཕིང་གི་ཕྱི་འབྲེལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱས་ཏེ། ཏང་ཀྲུང་དབྱང་གི་ཕྱི་འབྲེལ་མཛད་ཕྱོགས་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་ནས་བོད་ཀྱི་འཕེལ་རྒྱས་སྒོ་དབྱེ་དེ་ཀྲུང་མོང་འབྲེལ་བ་དེ་བས་ཟབ་ཏུ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྒོ་དབྱེར་སྐུལ་འདེད་གཏོང་བའི་ཐད་གོམ་སྟབས་དེ་བས་ཆེ་བ་སྤོ་རྒྱུ་དང་། ཀྲུང་མོང་གིས་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་ནང་ཧུར་ཐག་ཞུགས་ནས་མོང་གོལ་རྒྱལ་ཁབ་དང་ཡུལ་སྐོར་དང་། རིག་གནས། མི་ཆོས་རིག་གནས་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། བོད་རང་སྐྱོང་ལྗོངས་དང་མོང་གོལ་རྒྱལ་ཁབ་ཀྱི་ས་གནས་དབར་གྱི་སྤེལ་རེས་དང་འགྲོ་འོང་བྱེད་རྒྱ་ཆེ་རུ་བཏང་ནས་ཀྲུང་གོ་དང་མོང་གོལ་རྒྱལ་ཁབ་ཀྱི་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་བོད་ཀྱི་ལེགས་སྐྱེས་འབུལ་རྒྱུ་ཡིན། ཙུང་ལི་གཞོན་པ་ཨ་མར་སའེ་ཧན་དང་བཅས་པས་བོད་དུ་མང་ཙམ་ཕེབས་པ་དང་མང་ཙམ་གཟིགས་ནས་དེ་བས་ཡར་རྒྱས་དང་། སྒོ་དབྱེ། མཛེས་སྡུག་བཅས་ཀྱི་བོད་འདི་ཉིད་མོང་གོལ་རྒྱལ་ཁབ་ཀྱི་དམངས་ཚོགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་ངོ་སྤྲོད་བྱས་ཏེ། འཛམ་གླིང་གིས་བོད་ལྗོངས་དེ་བས་ཤེས་རྟོགས་ཡག་པོ་དང་བོད་ལྗོངས་འདི་ཉིད་འཛམ་གླིང་ཕྱོགས་སུ་དེ་བས་མགྱོགས་མྱུར་སྐྱོད་ཐུབ་པ་བྱ་རྒྱུའི་རེ་བ་ཡོད།

    ཨ་མར་སའེ་ཧན་གྱིས་ཀྲུང་གོའི་བོད་ལྗོངས“ཧི་མ་ལ་ཡའི་མཐའ་འཁོར”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་གསུམ་པ་གྲུབ་འབྲས་ལྡན་པའི་ངང་གཉེར་བར་རྟེན་འབྲེལ་ཞུས་པ་དང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་ཚད་མཐོའི་བསྔགས་བརྗོད་གནང་ཞིང་། ཁོང་གིས་མོང་གོལ་རྒྱལ་ཁབ་སྲིད་གཞུང་གིས་དུས་ཡུན་རིང་པོའི་ནང་མོང་ཀྲུང་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་གྲོགས་འབྲེལ་བར་གཞོལ་ནས་ཀྲུང་གོ་གཅིག་གི་སྲིད་ཇུས་ཐོག་མཐའ་བར་གསུམ་དུ་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ཡོད། བོད་ལྗོངས་འདི་ཉིད་ཀྲུང་གོ་དང་ཨེ་ཤེ་ཡ་ལྷོ་མའི་རྒྱལ་ཁབ་ཁག་དབར་འགྲོ་འོང་བྱེད་པའི་སྒོ་མོ་གལ་ཆེན་ཞིག་ཡིན་པས་དམིགས་བསལ་གྱི་ས་བབ་ཀྱི་ལེགས་ཆ་དང་ས་འབྲེལ་གྱི་ལེགས་ཆ་ལྡན་ཡོད་པ་དང་། མོང་གོལ་ཕྱོཊ་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ནང་ཧུར་ཐག་ཞུགས་ནས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་དང་དགེ་སྤེལ་སྐྱོན་སྤོང་བྱེད་པ་དང་། སྤེལ་རེས་དང་འགྲོ་འོང་གཏིང་ཟབ་ཏུ་གཏོང་བ། ཡུལ་སྐོར་དང་། རིག་གནས། ཁོར་ཡུག་སོཊ་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས། ཀྲུང་གོའི་བོད་ལྗོངས་དང་མཛའ་གྲོཊ་འགྲོ་འོང་དང་མཉམ་ལས་འཕེལ་རྒྱས་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།