དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • ཀྲུང་གོའི་བོད་ལྗོངས“ཧི་མ་ལ་ཡའི་མཐའ་འཁོར”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་གསུམ་པས་དགའ་བསུ་ཞུ་བའི་སྣེ་ལེན་ཚོགས་འདུ་འཚོགས་པ།

    སའེ·ཨ་མར་སའེ་ཧན་དང་། ཝུར་སྨི་ལཱ·ཨ་ཡར། ཝ་ལུན་ཏིང་ནཱ·ཞི་ཁ་ཏི་ཉི་བཅས་ཞུགས་པ། ཝང་ཅུན་ཀྲེང་གིས་ཤིས་ཚིག་བསྒྲོན་པ་དང་ཡན་ཅིན་ཧའེ་ཡིས་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-07

    ཟླ་10ཚེས་4ཉིན་གྱི་དགོང་མོར། ཀྲུང་གོའི་བོད་ལྗོངས“ཧི་མ་ལ་ཡའི་མཐའ་འཁོར”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་གསུམ་པས་ཉིང་ཁྲིའི་ཀླུ་ནང་དུ་དགའ་བསུ་ཞུ་བའི་སྣེ་ལེན་ཚོགས་འདུ་འཚོགས་ཤིང་། འདི་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་ཤིས་ཚིག་བསྒྲོན་བཞིན་པའི་གནས་ཚུལ་ཡིན་པ།

    ཟླ་10ཚེས་4ཉིན་གྱི་དགོང་མོར། ཀྲུང་གོའི་བོད་ལྗོངས“ཧི་མ་ལ་ཡའི་མཐའ་འཁོར”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་གསུམ་པས་ཉིང་ཁྲིའི་ཀླུ་ནང་དུ་དགའ་བསུ་ཞུ་བའི་སྣེ་ལེན་ཚོགས་འདུ་འཚོགས་ཤིང་། འདི་ནི་དགའ་བསུ་ཞུ་བའི་སྣེ་ལེན་ཚོགས་འདུའི་ཚོགས་ར་ཡིན་པ།

    ཚེས་4ཉིན་གྱི་དགོང་མོར། ཀྲུང་གོའི་བོད་ལྗོངས“ཧི་མ་ལ་ཡའི་མཐའ་འཁོར”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་གསུམ་པས་ཉིང་ཁྲིའི་ཀླུ་ནང་དུ་དགའ་བསུ་ཞུ་བའི་སྣེ་ལེན་ཚོགས་འདུ་འཚོགས་པ་རེད།

    མོང་གོལ་རྒྱལ་ཁབ་ཀྱི་ཙུང་ལི་གཞོན་པ་སའེ·ཨ་མར་སའེ་ཧན་དང་། ནེ་པ་ལའི་རྒྱལ་ཕྲན་མཉམ་འབྲེལ་ཁང་གི་ཀྲུའུ་ཞི་གཞོན་པ་ཝུར་སྨི་ལཱ·ཨ་ཡར། ཆི་ལིའི་གྲོས་ཁང་འོག་མའི་གྲོས་དཔོན་གཞོན་པ་གཉིས་པ་ཝ་ལུན་ཏིང་ནཱ·ཞི་ཁ་ཏི་ཉི། ཕ་ཁི་སི་ཐན་གྱི་ཕྱི་འབྲེལ་པུའི་པུའུ་ཀྲང་ཅ་ལི་ལེ·ཨ་པ་སི·ཅི་ལཱ་ཉི། ཨ་ཧྥུ་ཀ་ནི་སི་ཐན་གྱི་གནས་སྐབས་སྲིད་གཞུང་གི་ལས་ཚབ་ཕྱི་འབྲེལ་པུའུ་ཀྲང་ཨ་སྨིར·ཧན·མུའུ་ཐ་ཅི། འབར་མའི་རང་བྱུང་ཐོན་ཁུངས་དང་ཁོར་ཡུག་སྲུང་སྐྱོང་པུའི་པུའུ་ཀྲང་ཆིན་མའོ་དབྱི། སི་རི་ལན་ཁའི་ལུས་རྩལ་དང་གཞོན་ནུའི་ལས་དོན་པུའི་པུའུ་ཀྲང་ལཱ་ནཱ་ཤིན་ཧ། འབྲུག་པའི་ནུས་རྒྱུ་དང་རང་བྱུང་ཐོན་ཁུངས་པུའི་དྲུང་ཆེ་སྐར་མ་འཕྲིན་ལས། ཁེན་ནི་ཡའི་རིག་གནས་ལྟེ་གནས་ཀྱི་དབུ་བཞུགས་ལག་བསྟར་དཔོན་མའེ་ཁེར·ཕང་ཏུའོ། དབྱི་ཐ་ལིའི་གྲོས་ཁང་གོང་མའི་སྔོན་རྩིས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཟུར་པ་མཱ་ལི་ནུའོ·མོ་ལུའོ·མཱ་ལི་ཡ། དབྱི་ཐ་ལིའི་གྲོས་ཁང་འོག་མའི་ཡོ་རོབ་མནའ་འབྲེལ་གྱི་སྲིད་ཇུས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཟུར་པ་པེ་ལིན་ཅི་ཡེ་ལི·མཱ་ལི་ནཱ་བཅས་ཞུགས་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་ཤིས་ཚིག་བསྒྲོན་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཚབ་ཞུས་ནས་ཀྲུང་གོའི་བོད་ལྗོངས“ཧི་མ་ལ་ཡའི་མཐའ་འཁོར”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་ལ་ཞུགས་མཁན་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་པུའུ་ཨུད་ཀྱི་འགོ་ཁྲིད་དང་། རྒྱལ་ཁབ་ཁག་གི་སྲིད་ཕྱོགས་མི་སྣ་གལ་ཆེན། རིགས་གཅིག་མཁས་ཅན་དང་མཁས་དབང་བཅས་ལ་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་དང་། ཚང་མར་དུས་ཡུན་རིང་པོའི་ནང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་བྱ་གཞག་ཁག་གི་འཕེལ་རྒྱས་ལ་རྒྱབ་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།

    ཝང་ཅུན་ཀྲེང་གིས་མཉམ་ལས་སྤེལ་རེས་ནི་ཧི་མ་ལ་ཡའི་མཐའ་འཁོར་ས་ཁུལ་གྱི་དར་རྒྱས་གོང་འཕེལ་གཏོང་བའི་ལྡོག་མེད་ལམ་བུ་ཞིག་རེད། བོད་ནི་ལྷོ་ཕྱོགས་ཀྱི་དར་གོས་ལམ་བུ་དང་ཇ་རྟ་ཚོང་ལམ་གྱི་མཚམས་ཚིགས་གལ་ཆེན་ཞིག་དང་ཀྲུང་གོས་ཨེ་ཤེ་ཡ་ལྷོ་མར་སྒོ་མོ་འབྱེད་པའི་བགྲོད་ལམ་གལ་ཆེན་ཞིག་ཡིན་པས། ཧི་མ་ལ་ཡའི་མཐའ་འཁོར་གྱི་རྒྱལ་ཁབ་དང་སྒོ་དབྱེ་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་པའི་ཁྲོད་མངོན་གསལ་དོད་པའི་ས་བབ་ཀྱི་ལེགས་ཆ་ལྡན་ཡོད་ཅེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས། སྐབས་འདིའི་གླེང་སྟེགས་ཐོག“མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས། འཕེལ་རྒྱས་མཉམ་ལས་ཀྱི་གྲུབ་འབྲས་མཉམ་སྤྱོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པ་དེས་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གོ་སྐབས་གསར་པ་ཐོབ་ངེས་ཡིན་པ་དང་། “རྒྱུད་གཅིག་ལམ་གཅིག”དང་ཧི་མ་ལ་ཡའི་མཐའ་འཁོར་ས་ཁུལ་གྱི་རྒྱལ་ཁབ་ཁག་གི་མཉམ་ལས་འཕེལ་རྒྱས་དང་ཕན་ཚུན་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་བར་བློ་གྲོས་དེ་བས་མང་བ་སྐྱེས་སུ་འབུལ་བ་དང་། ཐུན་མོང་གི་ངོས་འཛིན་དེ་བས་མང་བ་གྲུབ་པ། གཡུར་ཟའི་གྲུབ་འབྲས་དེ་བས་མང་བ་ཐོབ་ངེས་རེད་ཅེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས། དེ་རིང་ང་ཚོས་གནའ་བོའི་དར་གོས་ལམ་བུའི་སྙིང་སྟོབས་རྒྱུན་འཛིན་བྱས་ཏེ་ཕྱོགས་བཞི་མཚམས་བརྒྱད་ཀྱི་མགྲོན་པོ་གདན་དྲངས་ནས་ཧི་མ་ལ་ཡའི་མཐའ་འཁོར་གྱི་རྒྱལ་སྤྱིའི་མཉམ་ལས་ལ་ཐུན་མོང་ཐོག་གྲོས་བསྡུར་བྱ་རྒྱུ་ཡིན་པ་དེ་ནི་ལོ་རྒྱུས་ཀྱི་རླབས་རྒྱུན་གྱི་རྒྱུན་མཐུད་པ་ཞིག་ཡིན་ལ། འབྱུང་འགྱུར་ལ་ཁ་ཕྱོགས་པའི་གདམ་ག་ཡང་དག་ཅིག་ཀྱང་རེད། སྐུ་མགྲོན་རྣམ་པ་དང་། འགོ་ཁྲིད་རྣམ་པ། རིགས་གཅིག་མཁས་ཅན་དང་མཁས་དབང་རྣམ་པ་བཅས་ཀྱིས་ཐབས་འདོན་ཇུས་འབུལ་ཧུར་ཐག་བྱས་ནས་ཀྲུང་གོ་དང་ཧི་མ་ལ་ཡའི་མཐའ་འཁོདར་གྱི་རྒྱལ་ཁབ་ཁག་གི་མཉམ་ལས་ལམ་སྲོལ་འཚོལ་ཞིབ་གཏིང་ཟབ་དང་། མཉམ་ལས་ཀྱི་ཁྱབ་ཁོངས་གསར་གཏོད། མཉམ་ལས་ཀྱི་གོ་སྐབས་གཏོད་པ་བཅས་བྱས་ཏེ། ཧི་མ་ལ་ཡའི་མཐའ་འཁོར་གྱི་འཕེལ་རྒྱས་ལ་སྐུལ་འདེད་དེ་བས་ལེགས་པ་གཏོང་བར་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཁྲེན་ཡུང་ཆི་དང་། དབང་ཧའེ་ཀྲོའུ། ཟླ་བ་ཚེ་རིང་། སུན་ཤན་ཀྲུང་། ཀྲང་ཧུང་པཱོ། ཝང་ཡུང་། ཝང་ཀང་བཅས་དང་། ཕྱི་འབྲེལ་པུའི་པུའུ་ཀྲང་གི་ལས་རོགས་ནུང་རུང་ཚོགས་འདུར་ཞུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།