དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • བོད་རང་སྐྱོང་ལྗོངས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་74འཁོར་བར་རྟེན་འབྲེལ་ཞུ་བའི“རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་ལེན་པའི”མཛད་སྒོ་ལྷ་སར་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-03

    ཟླ་10ཚེས་1ཉིན་བོད་རང་སྐྱོང་ལྗོངས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་74འཁོར་བར་རྟེན་འབྲེལ་ཞུ་བའི“རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་ལེན་པའི”མཛད་སྒོ་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་འཚོགས་ཤིང་། འདི་ནི་མཛད་སྒོ་འཚོག་ཡུལ་ཡིན་པ།

    ཟླ་10ཚེས་1ཉིན་བོད་རང་སྐྱོང་ལྗོངས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་74འཁོར་བར་རྟེན་འབྲེལ་ཞུ་བའི“རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་ལེན་པའི”མཛད་སྒོ་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་འཚོགས་ཤིང་། འདི་ནི་མཛད་སྒོ་འཚོག་ཡུལ་ཡིན་པ།

    སྟོན་ཟླ་བཅུ་པར། རྒྱལ་ཡོངས་ཀུན་གྱིས་མཉམ་དུ་རྟེན་འབྲེལ་ཞུས། ཀྲུང་གོར་མེ་ཏོག་སྣ་ཚོགས་རབ་ཏུ་བཞད། ཟླ་10ཚེས་1ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་74འཁོར་བར་རྟེན་འབྲེལ་ཞུ་བའི“རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་ལེན་པའི”མཛད་སྒོ་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་འཚོགས་པ་རེད།

    ཝང་ཅུན་ཀྲེང་དང་། ཁྲེན་ཡུང་ཆི། ལིའུ་ཅང་། དབྱིན་ཧུང་ཤིང་། དབང་ཧའེ་ཀྲོའུ། ལའེ་ཅའོ། ཕུར་བུ་དོན་གྲུབ། ཀརྨ་ཚེ་བརྟན། ཟླ་བ་ཚེ་རིང་སོགས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཞུགས་པ་རེད།

    ཆུ་ཚོད་བཅུ་པ་ཡོལ་ཙམ་ལ་རྒྱལ་དར་སྒྲེང་བའི་མཛད་སྒོ་དངོས་སུ་འགོ་ཚུགས་ཤིང་། དཔའ་ཉམས་དོད་པའི་རྒྱལ་དར་སྲུང་དམག་རུ་ཁག་གིས་ལག་ཏུ་མེ་མདའ་དམ་པོར་བཟུང་སྟེ། གྲལ་སྟར་འགྲིག་ལ་ཤུགས་དང་ལྡན་པའི་གོམ་སྟབས་བརྟན་པོ་སྤོས་ནས་རྒྱལ་དར་སྒྲེང་སྟེགས་སུ་རྒྱལ་དར་སྲུང་སྐྱེལ་བྱས་པ་རེད། རྔམ་བརྗིད་ལྡན་པའི《བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས》ཀྱི་འགྱུར་ཁུག་དང་བསྟུན་ནས་རྒྱལ་དར་སྒྲེང་མཁན་གྱིས་རྒྱལ་དར་དལ་བ་དལ་བུར་བསྒྲེངས་ཏེ་མཁའ་དབྱིངས་སུ་ལྷབ་ལྷུབ་ཏུ་གཡོ་བར་བྱས་པ་རེད།

    མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མི་2000ལྷག་ཙམ་གྱིས་སྐར་ལྔའི་དར་དམར་དལ་བུར་སྒྲེང་བར་གུས་སྟབས་ཀྱིས་ལངས་ནས་བལྟས་པ་དང་མཉམ་དུ་རྒྱལ་གླུ་བླངས་ཏེ། རླབས་ཆེན་མེས་རྒྱལ་དར་རྒྱས་གོང་འཕེལ་ཡོང་བ་དང་མི་དམངས་རྣམས་བདེ་སྐྱིད་དཔལ་ལ་རོལ་བའི་སྨོན་འདུན་སྙིང་དབུས་ནས་ཞུས་པ་རེད།

    རྒྱལ་དར་རླུང་གིས་ལྷབ་ལྷུབ་ཏུ་གཡོ་བ་དང་སྐད་གསང་མཐོན་པོའི་གླུ་སྒྲ་གྲགས་པ་དེ་ལས་བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོར་མུ་མཐུད་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པར་སྐུལ་ལྕག་ཆེན་པོ་ཐེབས་ཡོད། རྒྱལ་དར་སྒྲེང་བའི་མཛད་སྒོར་ཞུགས་མཁན་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མིས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། བཀའ་མངགས་གལ་ཆེན་བློ་ལ་བརྟན་པོར་ངེས་པ་དང་བཀའ་དྲིན་ཚོར་བཞིན་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པ། རང་འགན་ཐེག་པ་ཁུར་ལེན་དང་དངོས་འཛིན་དངོས་སྒྲུབ་བཅས་བྱས་ནས་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི“དོན་ཆེན་བཞི”ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་རྩོམ་གྱི་ཡིན་ཞེས་མགྲིན་གཅིག་ཏུ་བཤད་པ་རེད།

    མཛད་སྒོར་ཞུགས་མཁན་གྲས་སུ་ད་དུང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་ཞིང་ཆེན་རིམ་པའི་འགོ་ཁྲིད་བློ་མཐུན་དང་། བོད་དམག་ཁུལ་ཁང་དང་། དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག མཁའ་དམག་ལྷ་ས་རྟེན་གཞི་བཅས་ཀྱི་འགན་འཁུར་བློ་མཐུན། ལྗོངས(ཀྲུང་དབྱང)ཐད་གཏོགས་ཚན་པ་དང་ལྷ་ས་གྲོང་ཁྱེར་གྱི་ལས་བྱེད་ལས་བཟོ། བཅིངས་འགྲོལ་དམག དྲག་ཆས་ཉེན་རྟོག་དཔོན་དམག དགེ་སློབ། གྲོང་མི་མང་ཚོགས། ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ། གྲྭ་བཙུན་གྱི་འཐུས་མི་སོགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།