དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ལའེ་ཅའོ།
  • ལའེ་ཅའོ་རང་སྐྱོང་ལྗོངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པའི་སྐོར་སྐྱོད་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་དང་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ལས་དོན་བཀོད་གཏོང་ཚོགས་འདུ་ཐེངས་དང་པོར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-26

    ཚེས་22ཉིན། རང་སྐྱོང་ལྗོངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པའི་སྐོར་སྐྱོད་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་དང་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ལས་དོན་བཀོད་གཏོང་ཚོགས་འདུ་ཐེངས་དང་པོ་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་སྐོར་སྐྱོད་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་དང་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ཚོགས་ཆུང་ཁག་གི་ཉེ་དུས་ཀྱི་ལས་དོན་སྤེལ་ཚུལ་གྱི་སྙན་སེང་གསན་པ་མ་ཟད། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་ཀྱང་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རྩ་འཛུགས་པུའི་པུའུ་ཀྲང་། ལྗོངས་ཏང་ཨུད་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ། གཞུང་ལས་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་ལའེ་ཅའོ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ལའེ་ཅའོ་ཡིས་ནན་བཤད་གནང་དོན། སྐོར་སྐྱོད་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་དང་བརྗོད་དོན་གཙོ་བོའི་སློབ་གསོའི་གཞུང་ལས་ཁང་ཁག་གིས་ཆབ་སྲིད་ཀྱི་འདུ་ཤེས་ཟབ་ཏུ་དང་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་ནས། བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་དགོས། བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་འགོ་ཚུགས་པའི་བཀོད་སྒྲིག་ལ་དམ་འཛིན་ནན་པོ་དང་ཏན་ཏིག་བྱས་ནས། དུས་མཚམས་དང་ལྷུ་ཚིགས་མི་དབྱེ་བར་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། བརྟག་དཔྱད་ཞིབ་འཇུག འཕེལ་རྒྱས་ལ་སྐུལ་འདེད། འཚོལ་བཤེར་དག་ཐེར། སྒྲིག་སྲོལ་དང་ལམ་ལུགས་འཛུགས་པ་སོགས་ཀྱི་ལས་དོན་མཉམ་དུ་ཇུས་འགོད་དང་མཉམ་དུ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་དང་གོང་འོག་སྦྲེལ་མཐུད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་དང་པོའི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དུ་གཏོང་བ་དང་། བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པ་དང་འབྲེལ། དྲིལ་བསྒྲགས་དང་ཁྲིད་སྟོན་ཡག་པོ་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོའི་གླེང་ཕྱོགས་ཀྱི་རྣམ་པ་བཟང་པོ་གཏོད་དགོས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཏན་འགོག་བྱས་ནས་གནད་དོན་དངོས་ཐག་གཅོད་བྱེད་པ་དང་ལས་དོན་ལ་སྐུལ་འདེད་གཏོང་བའི་ཐད་ཤུགས་རྒྱག་དགོས། རང་སོ་སོའི་འགན་ནུས་ཡག་པོ་བཏོན་ནས། སྒྲིག་འཛུགས་ཞིབ་ཚགས་དང་། ལྟ་སྐུལ་མཛུབ་ཁྲིད་ནན་པོ། མཛུབ་ཁྲིད་ཞིབ་ཚགས་བཅས་བྱེད་པ་དང་། ལས་དོན་ཁག་ཚད་གཞི་མཐོ་ལ་སྤུས་ཚད་མཐོ་བའི་ངང་ཡག་པོ་བསྒྲུབས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པར་གྲུབ་འབྲས་ཏན་ཏིག་ཐོབ་པའི་འགན་ལེན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།