དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>བློ་བཟང་རྒྱལ་མཚན།
  • བློ་བཟང་རྒྱལ་མཚན་གྱིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཁྲིམས་འཛུགས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་གྱི་བཞུཊ་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-26

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པའི་རིང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་གྱིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་ཟུར་ཞུགས་གནང་མཁན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་བཞུགས་མོལ་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཚོགས་འདུའི་ཐོག དུས་རབས་གསར་པའི་བོད་ཀྱི་མི་དམངས་འཐུས་ཚོགས་ཀྱི་ཁྲིམས་འཛུགས་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུར་དམིགས་ནས་ཉམས་མྱོང་དང་བྱེད་ཐབས་སྤེལ་རེས་བྱས་པ་དང་། རང་སོ་སོའི་འགན་འཁྲི་ཁ་གསལ་བཟོས་པ། ཁ་ཕྱོགས་དང་ཐབས་ལམ་འཚོལ་ཞིབ་བྱས་པ། ལས་དོན་སྒྲུབ་པའི་མཉམ་ཤུགས་ཆགས་པ་བཅས་བྱས་པ་རེད།

    ཚོགས་འདུའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་ལས་དོན་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་9ཡིས་རང་སོ་སོའི་འགན་འཁྲི་སྒྲུབ་ཚུལ་དང་ལས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ།  མི་དམངས་འཐུས་ཚོགས་ཀྱི་ཁྲིམས་འཛུགས་ལས་དོན་ལ་དམིགས་ནས་ཤེས་ཚོར་དང་། བསམ་བློ། མྱོང་བ་བཅས་གླེང་བ་མ་ཟད་བསམ་འཆར་དང་གྲོས་འགོ་ཡང་བཏོན་པ་རེད། བློ་བཟང་རྒྱལ་མཚན་གྱིས་ནན་ཏན་ངང་གསན་ནས་ཟིན་བྲིས་ཞིབ་ཅིང་ཕྲ་བ་བཀོད་གནང་ཡོད་ལ་ཚང་མ་དང་སྤེལ་རེས་གཏིང་ཟབ་ཀྱང་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས། དུས་རབས་གསར་པའི་ཁྲིམས་འཛུགས་ལས་དོན་ཡག་པོ་སྒྲུབ་པར། ངེས་པར་དུ་ཏང་གིས་ཁྲིམས་འཛུགས་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། དེ་འདྲ་བྱས་ན་གཞི་ནས་ཁྲིམས་འཛུགས་ལ་ཆབ་སྲིད་ཀྱི་ཕན་འབྲས་དང་། ཁྲིམས་སྐྱོང་གི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་ཡག་པོ་ཐོན་པའི་འགན་ལེན་བྱེད་ཐུབ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་དོན་གལ་ཆེན་ལག་ལེན་གཏིང་ཟབ་བསྟར་བ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ། “གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱེད་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། ཁྲིམས་འཛུགས་ལས་དོན་གྱི་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་ཁོང་དུ་བརྟན་པོ་ཆུད་པ། ཁྲིམས་སྐྱོང་འཐབ་རྩོད་ཀྱི་འཐབ་ཕྱོགས་དང་པོར་བློ་བརྟན་འགྱུར་མེད་ངང་ལངས་པ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལྟེ་བའི་ལས་དོན་དང་གནད་ལ་འཁེལ་པོས་བསྡུར་བ། ཏང་ཨུད་ལ་བཀོད་སྒྲིག་ཡོད་པ་དང་མི་དམངས་འཐུས་ཚོགས་ལ་བྱ་སྤྱོད་ཡོད་པ་བཅས་བྱས་ནས། ཁྲིམས་འཛུགས་ལས་དོན་ཐོག་མཐའ་བར་གསུམ་དུ་ཏང་ཨུད་ཀྱི་འགོ་ཁྲིད་འོག་སྤེལ་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས། དམངས་ཀྱི་ཆེད་དུ་ཁྲིམས་འཛུགས་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། “ཐམས་ཅད་མི་དམངས་ཀྱི་ཆེད་དུ་ཡིན་པའི”འདུ་ཤེས་ཁྲིམས་འཛུགས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ། བརྟག་དཔྱད་ཞིབ་འཇུག་གི་མཆོག་ནོར་བེད་སྤྱོད་ཡག་པོ་དང་། འཐུས་མིའི་ཁྱིམ་གཞིས་དང་ས་ཚིགས་ཞེས་པའི་ལས་སྟེགས་བེད་སྤྱོད་ཡག་པོ། ཚུར་ལན་བསམ་འཆར་གྱི་ཐབས་ལམ་བེད་སྤྱོད་ཡག་པོ་བཅས་བཏང་ནས་མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་ཡག་པོ་དང་སྲུང་སྐྱོང་ཡག་པོ་བྱེད་དགོས་པ་དང་། ལས་དོན་སྒྲུབ་པའི་མཉམ་ཤུགས་གཅིག་ཏུ་སྒྲིལ་དགོས་ཤིང་། ཏང་ཨུད་ཀྱིས་འགོ་ཁྲིད་དང་། མི་དམངས་འཐུས་ཚོགས་ཀྱིས་གཙོ་ཁྲིད། སྲིད་གཞུང་གིས་རྒྱབ་བརྟེན། ཕྱོགས་ཁག་གིས་ཐེ་ཞུགས་བཅས་ཀྱི་ཁྲིམས་འཛུགས་ལས་དོན་གྱི་རྣམ་པ་མཐའ་འཁྱོངས་བྱས་ཏེ། དུས་རབས་གསར་པའི་རང་ལྗོངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་ཁྲིམས་འཛུགས་ལས་དོན་གྱི་ལག་ལེན་བྱེད་ལམ་ཐུན་མོང་ཐོག་འཚོལ་ཞིབ་བྱས་ནས། མི་དམངས་འཐུས་ཚོགས་ཀྱི་ཁྲིམས་འཛུགས་ལས་དོན་སྤུས་ཚད་མཐོ་ལ་ཕན་འབྲས་ཆེ་བའི་འཕེལ་རྒྱས་གཏོང་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས་པ། ས་གནས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བར་བྱེད་དགོས་ཤིང་། ཁྲིམས་འཛུགས་ཀྱི་གཙོ་གནད་རང་ལྗོངས་ཀྱི་དམིགས་བསལ་གྱི་དངོས་ཡོད་གནད་དོན་ཐག་གཅོད་དང་མངོན་གསལ་དོད་པའི་འགལ་ཟླ་སེལ་བའི་ཁྲོད་བཞག་སྟེ། ཁྲིམས་འཛུགས་ལ་བརྟག་ཞིབ་གཏིང་ཟབ་བྱེད་པ་དང་། ཁྲིམས་འཛུགས་ཀྱི་ཆོས་ཉིད་ཁོང་དུ་ཆུད་པ། ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་། དམངས་གཙོའི་ཁྲིམས་འཛུགས། ཁྲིམས་ལྟར་ཁྲིམས་འཛུགས་བཅས་ཀྱི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ་བཅས་བྱས་ནས་བཏོན་པའི་ཁྲིམས་སྲོལ་རིགས་གཞི་ཚུགས་ཐུབ་པ་དང་། ཤུགས་རྐྱེན་ལྡན་པ། སྤྱོད་གོ་ཆོད་པ་བཅས་ཀྱི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།