དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཡན་ཅིན་ཧའེ།
  • ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-26

    ཉིན་ཤས་གོང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་མཚན་མོའི་དཔལ་འབྱོར་དང་གུང་གསེང་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། བོད་རང་སྐྱོང་ལྗོངས་མཁོ་འཚོང་ཚོགས་པ་ཚད་ཡོད་ཀུང་སི་འཛུགས་པ། རིག་དངོས་སྲུང་སྐྱོབ་དང་བེད་སྤྱོད་ལ་ཤུགས་སྣོན་རྒྱག་པ། མི་ཤུགས་ཐོན་ཁུངས་ཁྲོམ་རའི་སྲོལ་ཡིག་འདོན་པ་བཅས་ཀྱི་དོན་དག་ལ་ཞིབ་འཇུག་གནང་བ་རེད།

    ཚོགས་འདུའི་ཐོག་བསྟན་དོན། འདི་ལོ་ནས་བཟུང་རང་ལྗོངས་ཀྱིས་མཚན་མོའི་དཔལ་འབྱོར་དང་གུང་གསེང་དཔལ་འབྱོར་སོགས་འཛད་སྤྱོད་ཐད་ཀྱི་ཚང་མའི་དོ་སྣང་བྱེད་ཡུལ་སྐྱེད་སྲིང་ཧུར་ཐག་བྱས་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། གོམ་སྟབས་རྗེས་མར་ཁྱད་ཆོས་འབུར་དུ་ཐོན་པ་དང་། འཕེལ་རྒྱས་ཀྱི་སྟོན་ཕྱོགས་དང་། ཁྲོམ་རའི་འཕེལ་ཕྱོགས། འཛད་སྤྱོད་ཀྱི་ཁ་ཕྱོགས་བཅས་སྟངས་འཛིན་ཡང་དག་བྱེད་པ། བོད་ཀྱི་ཁྱད་ལྡན་རིག་གནས་དང་བཟའ་བཏུང་སོགས་ཀྱི་ལེགས་ཆར་གཞི་ཚུགས་པ། གཉེར་སྐྱོང་བྱེད་པོ་དང་གསར་དར་ལས་རྣམ་ནང་འདྲེན་དང་སྐྱེད་སྲིང་ཤུགས་ཆེན་བཅས་བྱས་ཏེ། ནང་དོན་ཕུན་སུམ་ཚོགས་སུ་དང་སྤུས་ཚད་མཐོ་རུ་བཏང་ནས་བོད་ཀྱི་ཁྱད་ཆོས་ལྡན་པའི་མཚན་མོའི་དཔལ་འབྱོར་དང་གུང་གསེང་དཔལ་འབྱོར་སྐྱེད་སྲིང་བྱེད་དགོས། ལེ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། འཛད་སྤྱོད་ཁོར་ཡུག་ལེགས་སུ་གཏོང་བ། བྱེད་ནུས་འཐུས་སྒོ་ཚང་དུ་གཏོང་བ། སྲིད་ཇུས་རྒྱབ་སྐྱོར་ལ་ཤུགས་སྣོན་རྒྱག་པ། ཞབས་ཞུ་འགན་ལེན་ཡག་པོ་བྱེད་པ་བཅས་བྱས་ནས། ཁྲོམ་རའི་བྱེད་པོས་བློ་བདེའི་ངང་གཉེར་སྐྱོང་བྱེད་པ་དང་། ཡུལ་སྐོར་བ་དང་མང་ཚོགས་ཀྱིས་བློ་བདེའི་ངང་འཛད་སྤྱོད་བྱེད་པའི་ཁོར་ཡུག་གཏོད་དགོས།

    ཚོགས་འདུའི་ཐོག་ནན་བཤད་གནང་དོན། བོད་རང་སྐྱོང་ལྗོངས་མཁོ་ཚོང་ཚོགས་པ་ཚད་ཡོད་ཀུང་སི་འཛུགས་རྒྱུ་ནི་མཁོ་ཚོང་མཉམ་ལས་ཁང་གི་ཕྱོགས་བསྡུས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་རེད་ལ། དངོས་ཟོག་མཁོ་སྤྲོད་ལ་དེ་བས་ལེགས་པའི་སྒོ་ནས་འགན་ལེན་དང་ཞིང་འབྲོག་པའི་ཐོན་སྐྱེད་དང་འཚོ་བར་ཞབས་འདེགས་ཞུ་བའི་དངོས་ཡོད་ཀྱི་དགོས་མཁོ་ཞིག་ཀྱང་རེད། གཙོ་འགན་གཙོ་ལས་ལ་དམིགས་ཏེ་ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་ཀྱིས་མཁོ་ཚོང་ཚོགས་པ“ཞིང་གསུམ”ལ་ཞབས་འདེགས་ཞུ་བའི་སྣེ་འདྲེན་ཁེ་ལས་ལ་གཏོད་པ་དང་ཞིང་འབྲོག་ཁུལ་གྱི་ཚོང་དོན་འཁོར་རྒྱུག་ཤར་བགྲོད་ཡོང་བའི་ལས་སྟེགས་གལ་ཆེན་ཞིག་ཏུ་སྐྲུན་དགོས།

    ཚོགས་འདུའི་ཐོག་བསྟན་དོན། རིག་དངོས་ནི་རིག་གནས་ཀྱི་གཞི་རྟེན་དང་རིག་གནས་ནི་རིག་དངོས་ཀྱི་བླ་སྲོག་ལྟ་བུ་ཡིན་པས། རིག་དངོས་སྲུང་སྐྱོབ་དང་བེད་སྤྱོད་ལ་ཤུགས་སྣོན་རྒྱག་པར་དོན་སྙིང་གལ་ཆེན་ལྡན་ཡོད། ཚོགས་འདུར་ནན་བཤད་བྱས་དོན། བོད་རང་སྐྱོང་ལྗོངས་ཀྱི་མི་ཤུགས་ཐོན་ཁུངས་ཁྲོམ་རའི་སྲོལ་ཡིག་བཟོས་ནས་བཏོན་པ་དེ་ནི་རང་ལྗོངས་སུ་གཅིག་གྱུར་སྒོ་འབྱེད་དང་འགྲན་རྩོད་སྒྲིག་ཡོད་ཀྱི་མི་ཤུགས་ཐོན་ཁུངས་ཁྲོམ་ར་ཞིག་བསྐྲུན་པར་སྐུལ་འདེད་གཏོང་རྒྱུ་དང་། ལས་ཞུགས་ལས་གཏོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དེ་བས་ལེགས་པའི་སྒོ་ནས་ཞབས་འདེགས་ཞུ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། ཁྲིམས་སྐྱོང་གི་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། སློབ་སྦྱོང་དང་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་པ། ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་མི་ཤུགས་ཐོན་ཁུངས་ཁྲོམ་ར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།