དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • མཚོ་སྣ་རྫོང་དང་སྨན་གླིང་རྫོང་གྲོང་ཁྱེར་ལ་བསྒྱུར་བའི་འབྲེལ་ཡོད་གནད་དོན་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-25

    (2023ལོའི་ཟླ་9ཚེས་22ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པའི་ཐོག་གྲོས་འཆམ་བྱུང་བ)

    རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་བོད་རང་སྐྱོང་ལྗོངས་ཀྱི་མཚོ་སྣ་རྫོང་དང་སྨན་གླིང་རྫོང་གཉིས་རྫོང་རིམ་པའི་མཚོ་སྣ་གྲོང་ཁྱེར་དང་སྨན་གླིང་གྲོང་ཁྱེར་དུ་སྒྱུར་རྒྱུ་ཡིན། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་གནས་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་རིམ་ཁག་མི་དམངས་སྲིད་གཞུང་གི་རྩ་འཛུགས་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་གྱི་འདེམས་བསྐོའི་བཅའ་ཁྲིམས》 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་བཅའ་ཁྲིམས》སོགས་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་། ད་ལྟ་མཚོ་སྣ་རྫོང་དང་སྨན་གླིང་རྫོང་གྲོང་ཁྱེར་ལ་བསྒྱུར་བའི་འབྲེལ་ཡོད་གནད་དོན་ལ་གཏན་འབེབས་བྱས་པ་གཤམ་གསལ་སྟེ།

    གཅིག མཚོ་སྣ་རྫོང་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པ་དང་སྨན་གླིང་རྫོང་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པ་མཚོ་སྣ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོ་དང་སྨན་གླིང་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོར་བསྒྱུར་རྒྱུ་དང་། འགན་ཡུན་ནི་2026ལོའི་ཟླ་7པ་བར་ཡིན་པ་དང་སྐབས་དེ་དུས་ལྗོངས་ཡོངས་ཀྱི་རྫོང(ཆུས)མི་དམངས་འཐུས་ཚོགས་དང་དུས་མཉམ་དུ་སྐབས་བརྗེ་རྒྱུ།

    གཉིས། མཚོ་སྣ་རྫོང་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་འཐུས་མི་དང་སྨན་གླིང་རྫོང་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་འཐུས་མི་མཚོ་སྣ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོའི་འཐུས་མི་དང་སྨན་གླིང་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོའི་འཐུས་མིར་བསྒྱུར་རྒྱུ་དང་། ཡང་བསྐྱར་འདེམས་བསྐོ་མི་བྱེད། འགན་ཡུན་ནི་2026ལོའི་ཟླ་7པ་བར་ཡིན་ལ་འཐུས་མིའི་མིང་སྐལ་ལ་འགྱུར་བ་མེད།

    གསུམ། མཚོ་སྣ་རྫོང་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པ་དང་སྨན་གླིང་རྫོང་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཐོག་བདམས་ཐོན་བྱུང་བའི་མཚོ་སྣ་རྫོང་དང་སྨན་གླིང་རྫོང་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲུབ་ཆའི་མི་སྣ་མཚོ་སྣ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲུབ་ཆའི་མི་སྣ་དང་སྨན་གླིང་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲུབ་ཆའི་མི་སྣར་བསྒྱུར་རྒྱུ་ཡིན་ཞིང་། ཡང་བསྐྱར་འདེམས་བསྐོ་མི་བྱེད་པ་དང་མིང་སྐལ་ལ་འགྱུར་བ་མེད། མཚོ་སྣ་རྫོང་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པ་དང་སྨན་གླིང་རྫོང་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་གི་གྲུབ་ཆའི་མི་སྣ་མཚོ་སྣ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོའི་དེ་མཚུངས་ཀྱི་ཆེད་དོན་ཨུ་ཡོན་ལྷན་ཁང་གི་གྲུབ་ཆའི་མི་སྣ་དང་སྨན་གླིང་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོའི་དེ་མཚུངས་ཀྱི་ཆེད་དོན་ཨུ་ཡོན་ལྷན་ཁང་གི་གྲུབ་ཆའི་མི་སྣར་བསྒྱུར་རྒྱུ། མཚོ་སྣ་རྫོང་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དེ་མཚུངས་ཀྱི་ལས་དོན་ལས་ཁུངས་དང་སྨན་གླིང་རྫོང་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དེ་མཚུངས་ཀྱི་ལས་དོན་ལས་ཁུངས་མཚོ་སྣ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དེ་མཚུངས་ཀྱི་ལས་དོན་ལས་ཁུངས་དང་སྨན་གླིང་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དེ་མཚུངས་ཀྱི་ལས་དོན་ལས་ཁུངས་ལ་མིང་བསྒྱུར་རྒྱུ།

    བཞི། མཚོ་སྣ་རྫོང་མི་དམངས་སྲིད་གཞུང་དང་། སྨན་གླིང་རྫོང་མི་དམངས་སྲིད་གཞུང་། མཚོ་སྣ་རྫོང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་། སྨན་གླིང་རྫོང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་། མཚོ་སྣ་རྫོང་མི་དམངས་ཁྲིམས་ཁང་། སྨན་གླིང་རྫོང་མི་དམངས་ཁྲིམས་ཁང་། མཚོ་སྣ་རྫོང་མི་དམངས་ཞིབ་དཔྱོད་ཁང་། སྨན་གླིང་རྫོང་མི་དམངས་ཞིབ་དཔྱོད་ཁང་བཅས་མཚོ་སྣ་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་། སྨན་གླིང་གྲོང་ཁྱེར་མི་དམངས་སྲིད་གཞུང་། མཚོ་སྣ་གྲོང་ཁྱེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་། སྨན་གླིང་གྲོང་ཁྱེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་། མཚོ་སྣ་གྲོང་ཁྱེར་མི་དམངས་ཁྲིམས་ཁང་། སྨན་གླིང་གྲོང་ཁྱེར་མི་དམངས་ཁྲིམས་ཁང་། མཚོ་སྣ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་། སྨན་གླིང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་བཅས་སུ་མིང་བསྒྱུར་རྒྱུ་དང་དེ་བཞིན་དེ་དང་འབྲེལ་ཡོད་ལས་ཁུངས་དང་། ཚན་པ། སྡེ་ཚན་བཅས་ཀྱི་མིང་དེ་མཚུངས་སུ་བསྒྱུར་རྒྱུ།

    ལྔ། མཚོ་སྣ་རྫོང་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པ་དང་སྨན་གླིང་རྫོང་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཐོག་བདམས་ཐོན་བྱུང་བའི་མཚོ་སྣ་རྫོང་དང་སྨན་གླིང་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་དང་རྫོང་དཔོན་གཞོན་པ། མཚོ་སྣ་རྫོང་དང་སྨན་གླིང་རྫོང་གི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། མཚོ་སྣ་རྫོང་དང་སྨན་གླིང་རྫོང་གི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། མཚོ་སྣ་རྫོང་དང་སྨན་གླིང་རྫོང་གི་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་བཅས་མཚོ་སྣ་གྲོང་ཁྱེར་དང་སྨན་གླིང་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཧྲི་ཀྲང་དང་ཧྲི་ཀྲང་གཞོན་པ་དང་། མཚོ་སྣ་གྲོང་ཁྱེར་དང་སྨན་གླིང་གྲོང་ཁྱེར་གྱི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། མཚོ་སྣ་གྲོང་ཁྱེར་དང་སྨན་གླིང་གྲོང་ཁྱེར་གྱི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། མཚོ་སྣ་གྲོང་ཁྱེར་དང་སྨན་གླིང་གྲོང་ཁྱེར་གྱི་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་བཅས་སུ་བསྒྱུར་རྒྱུ་དང་བསྐྱར་དུ་འདེམས་བསྐོ་མི་བྱེད།

    དྲུག མཚོ་སྣ་རྫོང་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་སྨན་གླིང་རྫོང་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བསྐོ་གཞག་བྱས་པའི་མཚོ་སྣ་རྫོང་དང་སྨན་གླིང་རྫོང་གི་ས་གནས་ཀྱི་རྒྱལ་ཁབ་དབང་ཆའི་ལས་ཁུངས་དང་། སྲིད་འཛིན་ལས་ཁུངས། ལྟ་ཞིབ་ལས་ཁུངས། འདྲི་གཅོད་ལས་ཁུངས། ཞིབ་དཔྱོད་ལས་ཁུངས་བཅས་ཀྱི་ལས་དོན་མི་སྣ་མཚོ་སྣ་གྲོང་ཁྱེར་དང་སྨན་གླིང་གྲོང་ཁྱེར་གྱི་ས་གནས་ཀྱི་རྒྱལ་ཁབ་དབང་ཆའི་ལས་ཁུངས་དང་། སྲིད་འཛིན་ལས་ཁུངས། ལྟ་ཞིབ་ལས་ཁུངས། འདྲི་གཅོད་ལས་ཁུངས། ཞིབ་དཔྱོད་ལས་ཁུངས་བཅས་ཀྱི་ལས་དོན་མི་སྣར་བསྒྱུར་རྒྱུ།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།