དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>དབང་ཧའེ་ཀྲོའུ།
  • དབང་ཧའེ་ཀྲོའུ་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཕྱོགས་སྡོམ་ཚོགས་ཆེན་ལ་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-20

    ཚེས་18ཉིན་གྱི་སྔ་དྲོར། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཕྱོགས་སྡོམ་ཚོགས་ཆེན་འཚོགས་ནས་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུལ་ཕྱོགས་སྡོམ་དང་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བའི་ཐད་བཀོད་སྒྲིག་བྱས་པ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་ཚོགས་འདུར་་ཞུགས་ནས་གསུང་བཤད་གནང་བ་རེད། ལྗོངས་ཏང་ཨུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་གསུམ་པའི་འགན་འཁུར་བློ་མཐུན་གྱིས་ཚོགས་འདུར་མཛུབ་ཁྲིད་གནང་ནས་གསུང་བཤད་གནང་བ་རེད།

    དབང་ཧའེ་ཀྲོའུ་ཡིས་ཏང་ཡོན་ལས་བྱེད་པ་ཡོངས་ཀྱིས་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་རྒྱུ་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་མི་སེམས་ལ་ཟུག་པ་དང་། བྱ་སྤྱོད་ཐོག་འཁྱོལ་བ། ཕན་འབྲས་ཐོན་པ་བཅས་ལ་སྐུལ་འདེད་གཏོང་བ་དང་། ཏང་གཤིས་བློ་སྦྱོང་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་ཏང་ལ་ལྷག་བསམ་རྣམ་དག་བྱེད་པའི་ཆབ་སྲིད་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། དངོས་སྒྲུབ་དང་འགན་འཁྲི་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་དུས་རབས་གསར་པ་དང་རིག་གནས་ཀྱི་ལས་འགན་གསར་པ་ཏན་ཏིག་འཁུར་བ། ལམ་ལུགས་ཀྱི་འགན་ལེན་མུ་མཐུད་ཟབ་ཏུ་བཏང་ནས་དོ་དམ་གྱི་སྒྲིག་སྲོལ་དང་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཏང་འཛུགས་སྐྱོང་མུ་མཐུད་ཟབ་ཏུ་བཏང་ནས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་བཅས་སླར་ཡང་མཐོར་གཏོང་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་ཟབ་ཏུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།