དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་སྲིད་གཞུང་གི་འགོ་ཁྲིད་ཀྱིས་ཀྲེ་ཅང་གི་བོད་སྐྱོད་རྟོག་ཞིབ་ཚོགས་པ་བཅས་པ་དང་བཞུགས་མོལ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-20

    ཉེ་ཆར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཤའོ་ཡིའུ་ཚའེ་ཡིས་ཀྲེ་ཅང་ཞིང་ཆེན་གྱི་ཧྲེང་ཀྲང་གཞོན་པ་ཁོ་ཅི་ཤིན་གྱིས་སྣེ་ཁྲིད་གནང་བའི་ཀྲེ་ཅང་གི་བོད་སྐྱོད་རྟོག་ཞིབ་ཚོགས་པ་བཅས་པ་དང་བཞུགས་མོལ་གནང་ཞིང་། ཕྱོགས་གཉིས་པོས་བོད་སྐྱོར་ལས་དོན་ཟབ་ཏུ་གཏོང་བ་དང་འབྲེལ་ཡོད་ཁྱབ་ཁོངས་ཀྱི་མཉམ་ལས་སྐོར་ལ་སྤེལ་རེས་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་བསྟན་པ་བཞུགས་མོལ་ལ་ཞུགས་པ་རེད།

    ཤའོ་ཡིའུ་ཚའེ་ཡིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཁོ་ཅི་ཤིན་བཅས་པ་བོད་དུ་རྟོག་ཞིབ་གནང་བར་ཕེབས་པར་དགའ་བསུ་ཞུས་ཤིང་། ཀྲེ་ཅང་ཞིང་ཆེན་གྱིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། བོད་ཀྱི་བྱ་གཞག་ཁག་ལ་ཐོབ་པའི་མངོན་གསལ་དོད་པའི་གྲུབ་འབྲས་ཀྱང་ངོ་སྤྲོད་གནང་བ་རེད།

    ཁོ་ཅི་ཤིན་གྱིས། ཀྲེ་ཅང་གིས་འགན་འཁྲི་ཏན་ཏིག་འཁུར་ནས་སྔར་བཞིན་བོད་ཀྱི་ལས་དོན་ལ་རྒྱབ་སྐྱོར་དང་། བརྩེ་སེམས་ཟབ་མོ་བཅངས་ནས་མུ་མཐུད་ལས་དོན་ཏན་ཏིག་སྒྲུབ་པ། ནུས་ཤུགས་ཡོད་རྒུས་ཁ་གཏད་བོད་སྐྱོར་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ནས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་མཉམ་དུ་སྐྲུན་རྒྱུ་ཡིན་ཞེས་གསུངས་པ་རེད།

    བོད་དུ་རྟོག་ཞིབ་གནང་རིང་། ཀྲེ་ཅང་གི་བོད་སྐྱོད་རྟོག་ཞིབ་ཚོགས་པས་སྔ་རྗེས་སུ་གཙོ་གནད་རིག་དངོས་སྲུང་སྐྱོང་ཁུལ་དང་རང་བྱུང་སྲུང་སྐྱོང་ཁུལ་དུ་བརྟག་ཞིབ་གནང་བ་དང་། བོད་སྐྱོར་རྣམ་གྲངས་ཀྱི་འཕེལ་རིམ་གནས་ཚུལ་ལ་རྟོག་ཞིབ་གནང་བ་མ་ཟད། ཀྲེ་ཅང་གི་བོད་སྐྱོར་ལས་བྱེད་པ་དང་། མི་རིགས་མཐུན་སྒྲིལ་དུད་ཚང་། ཀྲེ་ཅང་གི་ཚོང་པའི་འཐུས་མི་བཅས་ལ་འཚམས་འདྲི་ཡང་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།