རང་སྐྱོང་ལྗོངས་ཀྱི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་དང་པོའི་ཕྱོགས་སྡོམ་དང་ཁག་གཉིས་པའི་བཀོད་སྒྲིག་ཚོགས་འདུ་འཚོགས་པ།
ཝང་ཅུན་ཀྲེང་དང་ལན་དབྱི་མིན་གྱིས་གསུང་བཤད་གནང་བ་དང་། ཁྲེན་ཆིང་ཚང་ཚོགས་འདུར་ཞུགས་པ། ཁྲེན་ཡུང་ཆིས་ཚོགས་འདུ་གཙོ་སྐྱོང་གནང་བ།
ཟླ་9ཚེས་15ཉིན། རང་སྐྱོང་ལྗོངས་ཀྱི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་དང་པོའི་ཕྱོགས་སྡོམ་དང་ཁག་གཉིས་པའི་བཀོད་སྒྲིག་ཚོགས་འདུ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་རང་སྐྱོང་ལྗོངས་ཏང་ཨུད་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝང་ཅུན་ཀྲེང་ཚོགས་འདུར་ཕེབས་པ་དང་འབྲེལ། གསུང་བཤད་ཀྱང་གནང་བ་རེད། འདི་ནི་ཚོགས་འདུ་འཚོག་ཡུལ་ཡིན་པ།
ཚེས་15ཉིན། རང་སྐྱོང་ལྗོངས་ཀྱི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་དང་པོའི་ཕྱོགས་སྡོམ་དང་ཁག་གཉིས་པའི་བཀོད་སྒྲིག་ཚོགས་འདུ་ལྷ་སར་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་རང་སྐྱོང་ལྗོངས་ཏང་ཨུད་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝང་ཅུན་ཀྲེང་ཚོགས་འདུར་ཕེབས་པ་དང་འབྲེལ། གསུང་བཤད་ཀྱང་གནང་བ་རེད། ཁོང་གིས་ནན་བཤད་གནང་དོན། བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བློ་བརྟན་འགྱུར་མེད་ངང་ལག་བསྟར་མཐའ་གཅིག་ཏུ་བྱེད་པ། བརྗོད་དོན་གཙོ་བོའི་སློབ་གསོ་ཁག་དང་པོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་བཅས་བྱས་ཏེ། ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་དང་དངོས་སྒྲུབ་ཀྱི་ལས་ཀའི་སྤྱོད་ཚུལ་ལ་བརྟེན་ནས་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་སྐུལ་འདེད་གཏོང་བ་དང་། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བསམ་བློར་བཅིངས་འགྲོལ་དང་འདུ་ཤེས་ལེགས་སུ་གཏོང་བར་ལྕག་སྐུལ་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས།
ཀྲུང་དབྱང་གི་མཛུབ་ཁྲིད་ཚོགས་ཆུང་བཅུ་གཉིས་པའི་ཙུའུ་ཀྲང་ལན་དབྱི་མིན་གྱིས་གསུང་བཤད་གནང་བ་དང་ཀྲུང་དབྱང་གི་མཛུབ་ཁྲིད་ཚོགས་ཆུང་བཅུ་གཉིས་པའི་ཙུའུ་ཀྲང་གཞོན་པ་ཁྲེན་ཆིང་ཚང་ཚོགས་འདུར་ཞུགས་པ་རེད། ཁྲེན་ཡུང་ཆིས་ཚོགས་འདུ་གཙོ་སྐྱོང་གནང་བ། ཝང་ཝུའེ་ཏུང་དང་། ལའེ་ཅའོ། རེན་ཝེ། ཕུར་བུ་དོན་གྲུབ། ཤའོ་ཡིའུ་ཚའེ་བཅས་ཚོགས་འདུར་ཞུགས་པ་རེད།
ཝང་ཅུན་ཀྲེང་གིས་བསྟན་དོན། བརྗོད་དོན་གཙོ་བོའི་སློབ་གསོ་ཁག་དང་པོ་སྤེལ་ཚུན། ཀྲུང་དབྱང་གི་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་དང་ཀྲུང་དབྱང་གི་མཛུབ་ཁྲིད་ཚོགས་ཆུང་བཅུ་གཉིས་པའི་མཛུབ་ཁྲིད་ཞིབ་ཚགས་འོག རང་སྐྱོང་ལྗོངས་ཏང་ཨུད་དང་སློབ་སྦྱོང་ལ་ཞུགས་མཁན་ཚན་པ་ཁག་གིས“དགོངས་པ་སློབ་སྦྱོང་དང་། ཏང་གཤིས་བརྟན་གཏོང་། ལག་ལེན་ལ་མཐོང་ཆེན། བྱས་རྗེས་གསར་འཇོག”བཅས་ཀྱི་སྤྱིའི་བླང་བྱ་ཁོང་དུ་བརྟན་པོ་ཆུད་པར་བྱས་ནས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་དང་སྤྱོད་ཚུལ་ནན་པོ་མཐའ་འཁྱོངས་ཀྱིས་རིགས་གཞུང་སློབ་སྦྱོང་དང་། བརྟག་དཔྱད་ཞིབ་འཇུག འཕེལ་རྒྱས་ལ་སྐུལ་འདེད། འཚོལ་བཤེར་དག་ཐེར། སྒྲིག་སྲོལ་ལམ་ལུགས་འཛུགས་པ་བཅས་ཀྱི་གཙོ་གནད་བྱ་ཐབས་ལ་སྡེབ་གཅིག་ལ་སྐུལ་འདེད་བཏང་བས། སློབ་སྦྱོང་ལ་བརྟེན་ནས་སེམས་པ་སྐྱེད་པ་དང་། སློབ་སྦྱོང་ལ་བརྟེན་ནས་བློ་རིག་རྒྱས་པ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་སྲོང་བ། སློབ་སྦྱོང་ལ་བརྟེན་ནས་ལས་ཀར་སྐུལ་འདེད་བཅས་ཀྱི་སྔོན་དཔག་གི་དམིགས་ཚད་ལ་སླེབས་པ་དང་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་དེ་བས་ལྷག་བསམ་རྣམ་དག་བྱེད་རྒྱུ་མཐའ་འཁྱོངས་དང་ཆབ་སྲིད་འཛུགས་སྐྱོང་ཆུ་ཚད་གསར་པར་སླེབས་པ་དང་། བློ་སྒྲིལ་སེམས་སྐྱེད་བྱ་རྒྱུ་མཐའ་འཁྱོངས་དང་རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་ཡར་རྒྱས་གསར་པ་བྱུང་བ། དམིགས་ཚད་སྟོན་ཕྱོགས་སུ་འཛིན་རྒྱུ་མཐའ་འཁྱོངས་དང་བརྟག་དཔྱད་ཞིབ་འཇུག་ལ་གྲུབ་འབྲས་གསར་པ་ཐོབ་པ། དངོས་སྒྲུབ་འགན་འཁུར་བྱེད་རྒྱུ་མཐའ་འཁྱོངས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཚད་བརྒལ་གསར་པ་བྱུང་བ། སློབ་སྦྱོང་བྱེད་ཀྱིན་དག་ཐེར་བྱེད་རྒྱུ་མཐའ་འཁྱོངས་དང་འཚོལ་བཤེར་དག་ཐེར་ལ་ཕན་འབྲས་གསར་པ་ཐོན་པ། དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་མཐའ་འཁྱོངས་དང་མང་ཚོགས་བློ་ཡིད་ཚིམ་ཚད་མཐོ་རུ་ཕྱིན་པ། སྤྱོད་ཚུལ་ལེགས་སུ་གཏོང་རྒྱུ་མཐའ་འཁྱོངས་དང་ཆབ་སྲིད་ཁོར་ཡུག་ལ་རྣམ་པ་གསར་པ་མངོན་པ་བཅས་བྱུང་ནས། བོད་ཀྱི་བྱ་གཞག་ཁག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་རྒྱུ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་སྐོར་ལ་གནང་བའི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དོན་ཐོག་ཏུ་འཁྱོལ་བ་དང་། ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་ཟབ་ཏུ་གཏོང་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་གཞི་རིམ་དུ་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་དང་འབྲེལ་བ་དམ་ཟབ་ཡོད་པས། དོན་སྙིང་ཟབ་ལ་འགན་འཁྲི་ལྕི་པོ་ཡོད། བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པར་ཞུགས་མཁན་ཚན་པས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། ཚད་གཞི་དེ་བས་མཐོ་བ་དང་། བླང་བྱ་དེ་བས་ནན་པ། བྱ་ཐབས་དེ་བས་ཏན་ཏིག་བཅས་ཀྱི་ཐོག་ནས། བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པར་ཇུས་འགོད་ཞིབ་ཚགས་བྱས་ཏེ་ཡག་པོ་སྤེལ་བ་དང་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པར་སྤུས་ཚད་མཐོན་པོ་དང་ཕན་འབྲས་ཡག་པོ་ཐོན་པར་དམ་འཛིན་ཏན་ཏིག་བྱེད་དགོས།
དམིགས་ཚད་བླང་བྱ་ཁོང་དུ་བརྟན་པོ་ཆུད་པ་བྱེད་པར“དགོངས་པ་སློབ་སྦྱོང་དང་། ཏང་གཤིས་བརྟན་གཏོང་། ལག་ལེན་ལ་མཐོང་ཆེན། བྱས་རྗེས་གསར་འཇོག”བཅས་ཀྱི་སྤྱིའི་བླང་བྱར་དམ་པོར་དམིགས་ཏེ་བརྗོད་དོན་གཙོ་བོ་མི་སྒྱུར་བ་དང་། ཚད་གཞི་མི་གཅོག་པ། ཤུགས་ཚད་མི་འཕྲི་བ་བཅས་མཐའ་འཁྱོངས་ཀྱིས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་ལ་སྟངས་འཛིན་ནན་པོ་བྱེད་པ་དང་། དམིགས་ཚད་ཀྱི་སྟོན་ཕྱོགས་ཁོང་དུ་ནན་པོ་ཆུད་པ། འགོ་ཁྲིད་ནས་སློབ་གསོ་སྤེལ་རྒྱུ་མཐའ་འཁྱོངས་བྱེད་པ། ཏང་གཤིས་ཀྱི་སློབ་གསོ་དང་ཆབ་སྲིད་ཀྱི་སློབ་གསོ་ཟུང་འབྲེལ་དམ་ཟབ་བྱེད་པ། ལས་བྱེད་པར་སློབ་གསོ་ཐེབས་པ་དང་མང་ཚོགས་ལ་ཕན་པ་དངོས་ཐོབ་པའི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ། མངོན་གསལ་དོད་པའི་ཞན་ཆ་དང་ཉམས་ཞན་ལྷུ་ཚིགས་ལ་དམ་འཛིན་ནན་པོ་བྱེད་པ། གནད་དོན་ལ་གཞིགས་ནས་འགག་སྒྲོལ་བྱེད་པ། དཀའ་གནད་ལ་གཞིགས་ནས་གནད་དོན་སེལ་བ་བཅས་བྱས་ཏེ། མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ལ་བརྟེན་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་ཕན་འབྲས་ལ་ཞིབ་དཔྱད་བྱེད་དགོས། གཙོ་གནད་ལས་འགན་མངོན་གསལ་དོད་པོ་ཡོང་བར་བྱེད་དགོས། ཟབ་སྦྱོང་མཐིལ་རྟོགས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ནས་མ་རྩོམ་ལྟ་བ་དང་། མ་ཡིག་སྦྱོང་བ། མ་དོན་རྟོགས་པ་བཅས་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་དང་དེའི་ནང་ཁྱབ་པའི་ལངས་ཕྱོགས་དང་། ལྟ་བ། བྱ་ཐབས་བཅས་ལ་སྟངས་འཛིན་ཡག་པོ་བྱས་ཏེ་དངོས་འབྲེལ་སྦྱོང་བ་དང་། དངོས་འབྲེལ་ཤེས་པ། དངོས་འབྲེལ་ཡིད་ཆེས། དངོས་འབྲེལ་སྤྱོད་པ་བཅས་ཐུབ་པར་བྱེད་དགོས། བདེན་འཚོལ་དོན་གཉེར་མཐའ་འཁྱོངས་ཀྱིས་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ལ་དམིགས་པ་དང་། བརྟག་དཔྱད་ཞིབ་འཇུག་སྒྲིག་འཛུགས་བྱས་ནས་སྤེལ་བ། ལུས་ཚུགས་པ་དང་། གཞི་རིམ་དུ་བསྐྱོད་པ། འཐབ་ས་དང་པོར་ཟབ་ཞུགས་བཅས་བྱས་ཏེ་སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་བསམ་འདུན་གསལ་རྟོགས་ཀྱིས་དངོས་ཡོད་ཀྱི་གནད་དོན་ཐག་གཅོད་བྱས་ནས་བརྟག་དཔྱད་ཞིབ་འཇུག་བྱས་འབྲས་དེ་ལས་ཀ་ལེགས་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་དངོས་ལ་སྒྱུར་དགོས། ཤེས་སྦྱོར་གཅིག་མཐུན་མཐའ་འཁྱོངས་ཀྱིས་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་བ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ། མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་དུ་བརྩིས་ནས་དམ་འཛིན་བྱེད་པ། བརྩེ་སེམས་ཟབ་མོར་བརྟེན་ནས་མང་ཚོགས་ཀྱི་ཆེད་དུ་བྱ་བ་དངོས་སྒྲུབ་པ་དང་བྱ་བ་བཟང་པོ་སྒྲུབ་པ་བཅས་བྱེད་དགོས། གོང་འོག་མཉམ་འགུལ་མཐའ་འཁྱོངས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་དང་པོར་ཞུགས་མཁན་ཚན་པ་ཁག་གིས་རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་རྟག་ཏུ་དམ་འཛིན་བྱས་ནས་ལྷོད་གཡེང་མི་གཏོང་བ་དང་། གནད་དོན་དག་ཐེར་ལ་དམ་པོར་དམིགས་ནས་ལྷོད་གཡེང་མི་གཏོང་བ། བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་ཀྱི་འབྲེལ་ཡོད་ལས་དོན་འབྲེལ་མཐུད་ནུས་ལྡན་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། གོང་འོག་འབྲེལ་མཐུད་དང་མཐུན་སྦྱོར་ཤུགས་འདོན་གྱིས་མངོན་གསལ་དོད་པའི་གནད་དོན་ལ་དག་ཐེར་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། འགན་འཁྲི་དོན་འཁྱོལ་ནན་པོ་དང་སྤྱི་འདོམས་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པར་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་ཆགས་པར་བྱེད་དགོས། འགོ་ཁྲིད་ཀྱི་འགན་འཁྲི་ནན་དུ་བཏང་ནས་རིམ་ཁག་ཏང་ཨུད་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ཏེ་ཞིབ་འཇུག་ལ་ཤུགས་སྣོན་དང་། དེང་བརྒལ་གྱི་བསམ་གཞིག ཚན་རིག་དང་མཐུན་པའི་འཆར་འགོད་བཅས་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྒྲིག་འཛུགས་དང་མཛུབ་ཁྲིད་ཡག་པོ་བྱེད་དགོས། ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་སྐོར་སྐྱོད་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོ་ཡག་པོ་སྤྱད་དེ་ལྟ་སྐུལ་ནན་པོ་དང་མཛུབ་ཁྲིད་ཏན་ཏིག་དང་མཛུབ་ཁྲིད་ལ་བརྟེན་ནས་ལྟ་སྐུལ་ལ་སྐུལ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་བྱེད་ཐབས་དང་བྱ་ཐབས་ལ་སྣང་ཆེན་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས། རིགས་དབྱེ་ཇུས་བསྟར་དང་། ཡུལ་བབ་དང་བསྟུན་པ། གནད་སྨིན་མཛུབ་ཁྲིད་བཅས་མཐའ་འཁྱོངས་ཀྱིས་ཕྱོགས་ཡོངས་ལ་ཁྱབ་པ་དང་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱེད་དགོས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་དང་། དམ་ཞིང་ནན་པའི་སྤྱོད་ཚུལ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས། མཐའ་དག་དོན་དངོས་ནས་འགོ་འཛུགས་རྒྱུ་མཐའ་འཁྱོངས་བཅས་བྱས་ནས་གནད་དོན་ཐག་གཅོད་དང་ལས་དོན་སྒྱུར་བཅོས་ལ་འབད་བརྩོན་བྱས་ཏེ་ལག་བསྟར་བྱེད་ནུས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་བྱས་རྗེས་གསར་པ་མངོན་པར་བྱེད་དགོས། དྲིལ་བསྒྲགས་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཡང་དག་པའི་སྟོན་ཕྱོགས་ཁོང་དུ་ཆུད་པ། བརྗོད་དོན་གཙོ་བོ་དར་སྤེལ་གཏོང་བ། དྲང་ནུས་གཅིག་ཏུ་སྒྲིལ་བ་བཅས་བྱས་ནས་སྤྱི་ཚོགས་ཀྱི་རྣམ་པ་དང་གླེང་ཕྱོགས་ཀྱི་རྣམ་པ་བཟང་པོ་གཏོད་དགོས།
ལན་དབྱི་མིན་གྱིས་གསུང་བཤད་གནང་སྐབས་བསྟན་དོན། ཏང་ཡོངས་སུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་དོན་ནི་ཏང་ཀྲུང་དབྱང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་ཏང་ཡོངས་ཀྱི་བློ་མཐུན་ཚོས་ཏང་གི་ལྟེ་བའི་ལས་འགན་སྒྲུབ་ཕྱིར་མཐུན་སྒྲིལ་འབད་འཐབ་བྱ་རྒྱུར་སྐུལ་སློང་བྱེད་པའི་བཀོད་སྒྲིག་གལ་ཆེན་ཞིག་རེད། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། ཀྲུང་དབྱང་གི་བརྗོད་དོན་གཙོ་བོའི་སློབ་གསོའི་སྤྱིའི་བླང་བྱར་དམ་པོར་དམིགས་པ། རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། བརྟག་དཔྱད་ཞིབ་འཇུག འཕེལ་རྒྱས་ལ་སྐུལ་འདེད། འཚོལ་བཤེར་དག་ཐེར། སྒྲིག་སྲོལ་ལམ་ལུགས་འཛུགས་པ་བཅས་ཀྱི་བྱ་ཐབས་ཁག་ལ་སྡེབ་གཅིག་ལ་སྐུལ་འདེད་གཏོང་བ། “དོན་ཆེན་བཞི”ཡག་པོ་སྒྲུབ་པ་དང“འཛུགས་གཏོད་བཞིར”སྐུལ་འདེད་གཏོང་བར་དམིགས་པ། བརྗོད་དོན་གཙོ་བོའི་སློབ་གསོ་ཡག་པོ་སྤེལ་བ་དང་ལྟེ་བའི་ལས་དོན་ལ་སྐུལ་འདེད་གཏོང་བ་གཉིས་ཟུང་འབྲེལ་དམ་ཟབ་བྱས་པས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཡར་རྒྱས་གསར་པ་བྱུང་བ་དང་མི་དམངས་ཀྱི་འཚོ་བའི་སྤུས་ཚད་ཡག་ཏུ་ཕྱིན་ནས་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་དང་པོར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་ཡག་པོ་སྤེལ་དགོས་ན། དམིགས་ཚད་དང་བླང་བྱ་ཁོང་དུ་ཡང་དག་ཆུད་པར་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ཏེ“དགོངས་པ་སློབ་སྦྱོང་དང་། ཏང་གཤིས་བརྟན་གཏོང་། ལག་ལེན་ལ་མཐོང་ཆེན། བྱས་རྗེས་གསར་འཇོག”བཅས་ཀྱི་སྤྱིའི་བླང་བྱ་ལྟར། བརྗོད་དོན་གཙོ་བོའི་སློབ་གསོ་ཁག་དང་པོའི་ཉམས་མྱོང་བཟང་པོ་དཔྱད་གཞིར་གང་ལེགས་འཛིན་པ་དང་བེད་སྤྱོད་བྱས་ཏེ། སློབ་སྦྱོང་བྱེད་ཀྱིན་ལྟ་བསྡུར་དང་། འཚོལ་བཤེར། དག་ཐེར་བཅས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སློབ་སྦྱོང་ལ་བརྟེན་ནས་སེམས་པ་སྐྱེད་པ་དང་། སློབ་སྦྱོང་ལ་བརྟེན་ནས་བློ་རིག་རྒྱས་པ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་སྲོང་བ། སློབ་སྦྱོང་ལ་བརྟེན་ནས་ལས་ཀར་སྐུལ་འདེད་བཅས་ལ་ཕན་འབྲས་དངོས་ཐོབ་པར་བྱེད་དགོས། རིགས་དབྱེ་མཛུབ་ཁྲིད་ལ་སྔར་བས་སྣང་ཆེན་བྱས་ནས་རིམ་པ་མི་འདྲ་བ་དང་། ཁྱབ་ཁོངས་མི་འདྲ་བ། ཁ་གཏད་མི་འདྲ་བ་བཅས་ཀྱི་དོན་དངོས་ལ་དམིགས་ཏེ་གནད་སྨིན་དང་ཚན་རིག་དང་མཐུན་པའི་ངང་བཀོད་སྒྲིག་བྱེད་པ་དང་། རྩ་འཛུགས་ཀྱི་མཛུབ་ཁྲིད་བྱེད་སྟངས་ལེགས་བཅོས་བྱེད་པ། བརྗོད་དོན་གཙོ་བོའི་སློབ་གསོའི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་ཏན་ཏིག་གཏོང་བ་བཅས་བྱེད་དགོས། གནད་དོན་དངོས་ཐག་གཅོད་ནན་ཏན་བྱས་ཏེ་ཏང་ཡོན་དང་ལས་བྱེད་པ་སྒྲིག་འཛུགས་ཀྱིས་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། བརྟག་དཔྱད་ཞིབ་འཇུག འཚོལ་བཤེར་དག་ཐེར་བཅས་དང་དམིགས་ཡུལ་གྱི་འདུ་ཤེས་ལ་ཤུགས་སྣོན་རྒྱག་པ་དང་། མང་ཚོགས་ཀྱི་དགོས་མཁོར་བརྡ་ལན་སློག་པ། གནད་དོན་ཐག་གཅོད་ལ་སྐུལ་འདེད་གཏོང་བ་བཅས་ཟུང་འབྲེལ་བྱས་ཏེ། ཏན་ཏན་ཏིག་ཏིག་གིས་བསམ་ཕྱོགས་ཀྱི་བྱ་ཐབས་དང་སྲིད་ཇུས་ཀྱི་བྱེད་ཐབས་ཞིབ་འཇུག་བྱས་ནས་འདོན་དགོས། སྤྱི་འདོམས་འབྲེལ་མཐུད་ལ་དམ་འཛིན་ཏན་ཏིག་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པར་ཞུགས་མཁན་ཚན་པ་དང་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་དང་པོའི་འབྲེལ་ཡོད་ལས་དོན་དབར་འབྲེལ་མཐུད་ནུས་ལྡན་བྱས་ཏེ“གནད་དོན་གཞི་རིམ་དུ་ཐོན་ཡང་རྐྱེན་རྩ་གོང་རིམ་ན་ཡོད་པའི”དཀའ་གནད་གོང་འོག་གིས་མཉམ་དུ་ཐག་གཅོད་བྱེད་དགོས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་བཀག་འགོག་མཐའ་གཅིག་ཏུ་བྱེད་པ་དང་། མཐའ་དག་དོན་དངོས་ནས་འགོ་འཛུགས་རྒྱུ་མཐའ་འཁྱོངས་བྱེད་པ། བརྗོད་དོན་གཙོ་བོའི་སློབ་གསོའི་དགོངས་གཞི་ཁོང་དུ་བརྟན་པོར་ཆུད་པ། ཕན་འབྲས་དངོས་ཐོན་པར་འབད་བརྩོན་མང་ཙམ་བྱེད་པ་དང་རྣམ་པ་ཙམ་མི་བྱེད་པ། ཕྱི་ཚུལ་རིང་ལུགས་མི་བྱེད་པ་དང་རང་དགར་གསར་སྒྱུར་མི་བྱེད་པ་བཅས་བྱས་ཏེ། སྤྱོད་ཚུལ་ནན་པོར་བརྟེན་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་ཆབ་སྲིད་རང་བཞིན་དང་སྒམ་ནན་རང་བཞིན་ལ་འགན་ལེན་ཏན་ཏིག་བྱེད་དགོས། བརྒྱུད་རིམ་ལྡན་པའི་ལྟ་བ་མཐའ་འཁྱོངས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོ་ཡག་པོ་སྤེལ་བ་དང་འདི་ལོའི་ལས་དོན་དང་ལས་འགན་ཁག་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱ་རྒྱུ་ཟུང་འབྲེལ་དམ་ཟབ་བྱས་ཏེ། ཕྱོགས་གཉིས་ཀར་དམ་འཛིན་དང་ཕྱོགས་གཉིས་ཀར་སྐུལ་འདེད་བཏང་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་དངོས་ལ་བརྟེན་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་ཕན་འབྲས་ལ་ཞིབ་དཔྱད་བྱེད་དགོས།
ཚོགས་འདུ་དེ་བརྙན་ལམ་ཚོགས་འདུའི་རྣམ་པའི་ཐོག་ནས་འཚོགས་ཤིང་། ཀྲུང་དབྱང་གི་མཛུབ་ཁྲིད་ཚོགས་ཆུང་བཅུ་གཉིས་པའི་ཁོངས་མི་དང་། རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་རིམ་པའི་འགོ་ཁྲིད་བློ་མཐུན། བརྗོད་དོན་གཙོ་བོའི་སློབ་གསོ་ཁག་དང་པོར་ཞུགས་མཁན་ཚན་པའི་འགན་འཁུར་བློ་མཐུན་གཙོ་བོ་སོགས་ཚོགས་ར་གཙོ་བོའི་ཚོགས་འདུར་ཞུགས་ཡོད་པ་རེད།