རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་ལྷུན་གྲུབ་རྫོང་གི་དམངས་འཚོའི་བྱ་བ་དངོས་དང་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་བརྟག་ཞིབ་གནང་བ།
ཚེས་14ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་མེ་ཡིས་རུ་སྣེ་ཁྲིད་དེ་ལྷུན་གྲུབ་རྫོང་དུ་དམངས་སྲིད་དང་། འཕྲོད་བསྟེན། སྨན་བཅོས་འགན་བཅོལ་བཅས་ཀྱི་དམངས་འཚོའི་སྲིད་ཇུས་ཁག་དོན་འཁྱོལ་དང་དེ་བཞིན་གཙོ་གནད་རྣམ་གྲངས་ཀྱི་འཛུགས་སྐྲུན་ལ་བརྟག་ཞིབ་གནང་བ་མ་ཟད། བཞུགས་མོལ་ཚོགས་འདུ་འཚོགས་ནས་ལྷ་ས་གྲོང་ཁྱེར་དང་དེ་བཞིན་རང་སྐྱོང་ལྗོངས་ཀྱི་དམངས་སྲིད་དང་། འཕྲོད་བསྟེན། སྨན་བཅོས་འགན་བཅོལ་བཅས་ཁྱབ་ཁོངས་ཀྱི་དམངས་འཚོའི་བྱ་བ་དངོས་དང་དེ་བཞིན་གཙོ་གནད་རྣམ་གྲངས་ལ་སྐུལ་འདེད་གཏོང་ཚུལ་གྱི་སྙན་སེང་གསན་ནས་འབྲེལ་ཡོད་ལས་དོན་ལ་བཀོད་སྒྲིག་ཀྱང་གནང་བ་རེད།
བརྟག་ཞིབ་ཚོགས་ཆུང་གིས། གཞི་རྩའི་དམངས་འཚོའི་ཐ་སྐྱོང་འགན་ལེན་གྱི་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ཏེ། གཞི་རྩའི་སྤྱི་ཚོགས་ཞབས་ཞུ་ལེགས་སུ་ནུས་ལྡན་བཏང་ནས་མི་དམངས་མང་ཚོགས་ཀྱི་དམངས་འཚོའི་དགོས་མཁོ་དེ་བས་ལེགས་པའི་ངང་སྐོང་དགོས་པའི་་ནན་བཤད་གནང་བ་རེད།