དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>རེན་ཝེ།
  • རེན་ཝེ་ཡིས་རང་སྐྱོང་ལྗོངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-16

    ཚེས་13ཉིན་གྱི་ཕྱི་དྲོར་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝེ་ཡིས་རང་སྐྱོང་ལྗོངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི《〈འགྲིམ་འགྲུལ་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་གྱི་རྩ་གནད〉ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》གྱི་སྒྲིག་ཁོངས་གནས་ཚུལ་གསན་པ་དང་། རང་ལྗོངས་ཀྱི་འགྲིམ་འགྲུལ་ཁྱབ་ཁོངས་ཀྱི་འབྲེལ་ཡོད་དོན་ཚན་ལ་ཞིབ་འཇུག་གནང་བ། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་གནང་བ་རེད།

    རེན་ཝེ་ཡིས། རིམ་ཁག་སྡེ་ཚན་ཁག་ལ་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་། རང་འགུལ་ངང་ནུས་པ་འདོན་པ། མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ། འགྲིམ་འགྲུལ་སྐྱེལ་འདྲེན་བྱ་གཞག་གི་ཕུགས་ཀྱི་དམིགས་ཚད་དང་འཐབ་ཇུས་སྤྱི་ཡོངས་ལ་དམིགས་པ། འགྲིམ་འགྲུལ་སྐྱེལ་འདྲེན་ཞབས་ཞུའི་ཐོན་ལས་འཕེལ་རྒྱས་དང་། མང་ཚོགས་འབབ་འཕར་ཕྱུག་འགྱུར། མཐའ་སྟོབས་མཐའ་བརྟན་བཅས་ལ་དམ་པོར་དམིགས་པ། རང་འགུལ་ངང་རིམ་པ་མང་བ་དང་སྣ་མང་ཅན་གྱི་འགྲིམ་འགྲུལ་དགོས་མཁོ་དང་འཚམ་པར་བྱེད་པ། འགྲོ་སྐྱོད་དེ་བས་སྟབས་བདེ་བ་དང་། དངོས་ཟོག་སྐྱེལ་འདྲེན་དེ་བས་ནུས་ཆེ། འཁོར་སྐྱོད་དེ་བས་བདེ་འཇགས། ལྟ་འདོམས་དེ་བས་གནད་ལ་འཁེལ་བ་བཅས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་དྲ་མིག་སྐྲུན་པ། འགྲིམ་འགྲུལ་དང་སྦྲག་སྲིད་ཟོག་འགྲེམས་དང་། འགྲིམ་འགྲུལ་དང་ཡུལ་སྐོར་འཕེལ་རྒྱས་སོགས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ། ནུས་ཆེ་ཤར་བགྲོད་ཀྱི་དེང་རབས་འཁོར་རྒྱུག་མ་ལག་དང་ཟོག་འགྲེམས་མཁོ་སྤྲོད་མ་ལག་ཕྱོགས་ཡོངས་ནས་གཏོད་པ་བཅས་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགྲིམ་འགྲུལ་གྱི་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།