དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཝུའེ་ཏུང་།
  • ཝང་ཝུའེ་ཏུང་གིས་རང་སྐྱོང་ལྗོངས་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-14

    ཉེ་ཆར། བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་དུས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཟླ་8ཚེས་31ཉིན་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཝང་ཝུའེ་ཏུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ནང་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུར་ཁ་ཕྱོགས་གསལ་སྟོན་དང་གཞི་འཛིན་ས་མཁོ་འདོན་བྱས་ཡོད། ལྗོངས་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ལས་བྱེད་པར་སློབ་གསོ་གསོ་སྦྱོང་བྱེད་པའི་བརྗོད་དོན་གཙོ་བོ་དང་གཙོ་རྐང་དུ་བརྩི་བ་དང་། རྒྱུན་སྲིང་ལྷོད་མེད་ངང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ཏེ་བློ་སྒྲིལ་སེམས་སྐྱེད་དང་། རྩ་སྲ་རྨང་བརྟན། “ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས”བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ་བྱང་ཚད་མཐོ་བའི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པའི་དཔུང་ཁག་ཅིག་ནུས་ཤུགས་ཡོད་རྒུས་འཛུགས་སྐྱོང་བྱེད་དགོས།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། “གང་མཁོ་དེ་སྦྱོང་དང་། གང་དགོས་དེ་གསབ”མཐའ་འཁྱོངས་ཀྱིས་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས། འཛིན་གྲྭ་དང་སློབ་ཚན་ཚན་རིག་དང་མཐུན་པའི་ངང་ཇུས་འགོད་དང་། སློབ་གཉེར་བྱེད་སྟངས་དང་། གསོ་སྦྱོང་གི་ནང་དོན། བྱེད་སྟངས་དང་བྱ་ཐབས་སོགས་རྒྱུན་མཐུད་འཚོལ་ཞིབ་གཏིང་ཟབ་བྱས་ཏེ་སློབ་གསོ་གསོ་སྦྱོང་གི་བརྒྱུད་རིམ་རང་བཞིན་དང་། དམིགས་སའི་རང་བཞིན། ནུས་ལྡན་རང་བཞིན་བཅས་མཐོ་རུ་གཏོང་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་རང་ངོས་ཀྱི་ཞན་ཆ་འཚོལ་ཞིབ་གཏིང་ཟབ་དང་། མ་ཡིག་ཀློག་པ་དང་མ་དོན་རྟོགས་པ་མཐའ་འཁྱོངས། རྒྱུན་མཐུད་སློབ་སྦྱོང་དང་རྗེས་སྙེག་སློབ་སྦྱོང་། རང་ངོས་སློབ་སྦྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་རང་འགན་གཙང་སྒྲུབ་ཀྱི་འཇོན་ཐང་ཆེ་རུ་གཏོང་དགོས། ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། ལག་ལེན་ཁྲོད་ཀྱི་ཉམས་མྱོང་དང་བྱེད་ཐབས་བཟང་པོར་ཕྱོགས་སྡོམ་དང་ཞུན་བརྡར་གཏོང་བ་དང་། རྒྱུན་རྣམ་དང་ཕུགས་ཕན་ལ་སྐུལ་འདེད་བཏང་སྟེ་གསོ་སྦྱོང་དེ་བས་དོན་དངོས་དང་འཚམ་པ་དང་རྩ་འཛུགས་ཀྱི་དགོས་མཁོ་དང་། ལས་གནས་ཀྱི་དགོས་མཁོ། ལས་བྱེད་པའི་དགོས་མཁོ་བཅས་དེ་བས་ལེགས་པོ་སྐོང་དགོས། གསོ་སྦྱོང་གི་སྒྲིག་ཁྲིམས་ནན་དུ་བཏང་ནས། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་མར་ཁེ་སི་རིང་ལུགས་ཀྱི་སློབ་སྲོལ་དར་སྤེལ་ཤུགས་ཆེན་གཏོང་བ་དང་། ཕྱི་ཚུལ་རིང་ལུགས་གཏན་འགོག གསོ་སྦྱོང་གི་གཏན་འབེབས་ཁག་ལ་བརྩི་སྲུང་ནན་པོ་ཞུ་བ་བཅས་བྱས་ཏེ་གསོ་སྦྱོང་གི་སྤུས་ཚད་ཟམ་མི་ཆད་པར་ཡག་ཏུ་དང་ཕན་འབྲས་ཆེ་རུ་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།