དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • 2023ལོའི་རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་ཏང་གི་ཚགས་པར་གྱི་བཞུགས་མོལ་སྤེལ་རེས་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-14

    ཟླ་9ཚེས་12ཉིན་2023ལོའི་རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་ཏང་གི་ཚགས་པར་གྱི་བཞུགས་མོལ་སྤེལ་རེས་ཚོགས་འདུ་ཧྲན་ཏུང་ཅི་ནན་དུ་འཚོགས་ཤིང་། རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་ཏང་གི་སྨྱན་སྦྱོར་གྱི་འགན་འཁུར་བ་དང་། གསར་འགྱུར་རིག་གཞུང་དུས་དེབ་ཀྱི་འགན་འཁུར་བ་དང་གསར་འགོད་པ། རྩོམ་སྒྲིག་པ་བཅས་ཀྱི་འཐུས་མི་90ལྷག་ཙམ་དེ་གར་འཛོམས་ནས། “སྨྱན་སྦྱོར་མཉམ་འདྲེས་ཀྱི་ལོ་བཅུ། སྒྱུར་བཅོས་ལམ་བུར་སླར་ཡང་སྐྱོད”ཅེས་པའི་བརྗོད་དོན་གཙོ་བོར་དམིགས་ནས། སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་། སྨྱན་སྦྱོར་མཉམ་འདྲེས་བྱས་ནས་ལོ་བཅུའི་རིང་ཐོབ་པའི་གྲུབ་འབྲས་ཕྱོགས་སྡོམ་གཏིང་ཟབ་བྱས་པ་མ་ཟད། སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་གཏོང་བའི་ལམ་བུ་གསར་པ་དང་ཁ་ཕྱོགས་གསར་པ་དང་ཀུན་འདུས་སྨྱན་སྦྱོར་བརྒྱུད་བསྒྲགས་དང་རིག་ནུས་ཅན་གཞན་སྒྱུར་སོགས་བརྗོད་དོན་གཙོ་བོར་དམིགས་ནས་སྤེལ་རེས་གཏིང་ཟབ་བྱས་པ་རེད།

    རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་ཏང་གི་ཚགས་པར་གྱི་བཞུགས་མོལ་སྤེལ་རེས་ཚོགས་འདུ་ནི་ཀྲུང་དབྱང་དྲིལ་བསྒྲགས་པུའུ་སྨྱན་སྦྱོར་ལྟ་འདོམས་ཅུས་ཀྱི་མཛུབ་ཁྲིད་འོག ཀྲུང་གོ་གསར་འགྱུར་དཔེ་སྐྲུན་སྨྱན་སྦྱོར་ཚོགས་པ་དང་མང་ཚོགས་ཚགས་པར་ཚོགས་པས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་ཞིག་ཡིན་པས། དེ་ནི་རྒྱལ་ཡོངས་ཀྱི་སྨྱན་སྦྱོར་ལས་རིགས་མཐུན་སྦྱོར་སྤེལ་རེས་བྱེད་པའི་རྩེར་སོན་ལས་སྟེགས་ཤིག་རེད། ད་ཐེངས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག ཞིང་ཆེན་རིམ་པའི་ཏང་གི་ཚགས་པར་གྱི་ཧྲེ་ཀྲང་དང་སྤྱི་ཁྱབ་རྩོམ་སྒྲིག་པའི“སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་། གསར་བརྗེའི་ས་བོན་རྒྱུན་འཛིན་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་བཅར་འདྲིའི་བྱེད་སྒོ་མཉམ་དུ་སྤེལ་བ་རེད། ཕྱིས་འབྱུང་ཉིན་ཁ་ཤས་ནང་ཚོགས་ཞུགས་སྨྱན་སྦྱོར་འཐུས་མིས་ཅི་ནན་དང་། ཅི་ཉིང་། ལིན་དབྱི། ཆིང་ཏའོ་སོགས་སུ་བརྟག་ཞིབ་དང་བཅར་འདྲི་བསྐྱོད་དེ། “སེམས་རྩ་འཁོལ་བའི་ཧྲན་ཏུང་དང་། སྤུས་ཀ་ལེགས་པའི་ཧྲན་ཏུང”གི་སྤྲོ་སེམས་དང་ཡིད་དབང་འཕྲོག་ཤུགས་ཚོར་ཐུབ་པ་བྱས་ཏེ། ཟུར་ཚད་མི་འདྲ་བ་ནས་ཧྲན་ཏུང་གིས་རིག་གནས་ཀྱི“གཉིས་གཏོད”ལས་དོན་ལ་སྐུལ་འདེད་དང་གསར་བརྗེའི་ས་བོན་རྒྱུན་འཛིན་བྱས་པའི་འཕེལ་རིམ་མངོན་པར་བྱས་ཏེ། ཀུན་འདུས་སྨྱན་སྦྱོར་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཧྲན་ཏུང་གི་ལག་ལེན་གྱི་གསོན་ཉམས་དོད་པའི་གཏམ་རྒྱུད་བརྗོད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།