དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • བོད་དམག་ཁུལ་ཁང་ཏང་ཨུད་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་ལྷ་སར་འཚོགས་པ།

    ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-09-13

    ཉེ་ཆར། བོད་དམག་ཁུལ་ཁང་ཏང་ཨུད་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་ལྷ་སར་འཚོགས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་བོད་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། འདི་ནི་ཚོགས་ར་ཡིན་པ།

    ● ཝང་ཅུན་ཀྲེང་གིས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེའི་དགོངས་པ་བློ་བརྟན་འགྱུར་མེད་ངང་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ།

    ཉེ་ཆར། བོད་དམག་ཁུལ་ཁང་ཏང་ཨུད་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་བོད་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེའི་དགོངས་པ་བློ་བརྟན་འགྱུར་མེད་ངང་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་མཐུན་སྒྲིལ་འབད་འབུངས་དང་གསར་འབྱེད་ཡར་བརྩོན་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས་ཀྲུང་གོ་གུང་ཁྲན་ཏང་བོད་དམག་ཁུལ་ཁང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་རྒྱལ་ཁའི་ངང་འཚོགས་པར་རྟེན་འབྲེལ་ཞུས་ཤིང་། ཁོང་གིས་ད་ཐེངས་ཀྱི་ཚོགས་ཆེན་ཐོག་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེའི་དགོངས་པ་ལག་བསྟར་དོན་འཁྱོལ་བྱེད་པ་དང་དམག་ཁུལ་ཁང་གི་དཔུང་སྡེའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་རྩོམ་པའི་འབད་འཐབ་དམིགས་ཚད་ཁ་གསལ་བཏོན་པ་དང་། དམག་ཁུལ་ཁང་ཏང་ཨུད་དང་དམག་ཁུལ་ཁང་སྒྲིག་ཨུད་ཀྱི་འགོ་ཁྲིད་ཚན་ཁག་སྐབས་གསར་པ་བདམས་ཐོན་བྱུང་བ། འབྱུང་འགྱུར་འཕེལ་རྒྱས་ལ་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་བྱས་པས་མཐུན་སྒྲིལ་དང་དམངས་གཙོའི་ཚོགས་ཆེན་ཞིག་དང་། ལྕག་སྐུལ་དང་རྒྱལ་ཁའི་ཚོགས་ཆེན་ཞིག གལ་འགངས་ཤིན་ཏུ་ཆེ་བའི་ཚོགས་འདུ་ཞིག་བཅས་རེད་ཅེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས་གསུངས་དོན། བོད་དམག་ཁུལ་ཁང་གི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན་གྱི་ལོ་ལྔའི་ནང་། དམག་ཁུལ་ཁང་ཏང་ཨུད་ཀྱིས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེའི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པ་དང་རྒྱབ་སྐྱོར་བྱས་ཏེ་དམག་སྲིད་དང་དམག་དམངས་ཀྱི་མཐུན་སྒྲིལ་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་དང་། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས་ཏང་དང་མི་དམངས་ཀྱིས་དཀྲིས་པའི་ལས་འགན་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱས་ཡོད།

    དུས་རབས་གསར་པའི་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་གི་ཇུས་གཞི་ལག་བསྟར་མཐའ་གཅིག་ཏུ་བྱས་ནས་ཏང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱེད་དགོས། དམག་ཁུལ་ཁང་གི་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་གོ་བ་ལེན་པ་དང་དེའི་ནང་གི་ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བར་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་སྟངས་འཛིན་བྱས་ཏེ་བསམ་བློར་དྲག་ཆས་སྤྲོས་པ་དང་ལག་ལེན་ལ་མཛུབ་ཁྲིད་བྱས་ནས་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། གཞི་རིམ་གྱི་དཔོན་དམག་ལ་ཕྱོགས་པའི་དྲིལ་བསྒྲགས་དང་སྒྲོག་སྦྱང་ལ་དམ་འཛིན་ཡག་པོ་བྱས་ནས་གཞི་རིམ་གྱི་དཔོན་དམག་གིས་གོ་ཐུབ་པའི་སྐད་ཆ་དང་ལྟ་འདོད་ལ་ཉན་སྤྲོ་བའི་བྱེད་ཐབས་སྤྱད་དེ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་གཞི་རིམ་དུ་དྲིལ་བསྒྲགས་དང་རྒྱ་ཆེའི་དཔོན་དམག་ཁྲོད་དྲིལ་བསྒྲགས་བྱེད་དགོས། གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་དང་ཆབ་སྲིད་ཀྱི་བླ་སྲོག་ཟབ་ཏུ་བཏང་ནས“ལམ་གཉིས”ཀྱི་སྙིང་སྟོབས་དང་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་སྟེ་དཔོན་དམག་ཚོའི་སྣེ་ཁྲིད་དེ་ཐོག་མའི་བསམ་འདུན་བློ་ལ་བརྟན་པོར་འཆང་ནས་རྒྱལ་ཁ་ལེན་ཕོད་པ་དང་རང་སྲོག་བློས་གཏོང་རྒྱུར་མི་སྐྲག་པའི་གཞུང་དྲང་གི་བློ་སྟོབས་ལ་ཞུན་བརྡར་བྱས་ནས་འབད་འཐབ་ལྷོད་མེད་དང་འབད་འབུངས་ཡར་བརྩོན་གྱི་ངར་ལྕགས་ལྟ་བུའི་བློ་སྟོབས་གཏོད་དགོས།

    དུས་རབས་གསར་པའི་དམག་དོན་གྱི་འཐབ་ཇུས་བྱེད་ཕྱོགས་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་འགན་འཁྲི་དང་ལས་འགན་ནུས་ལྡན་ངང་བསྒྲུབ་དགོས། རྩ་གནད་བཞིན་སྦྱོང་བརྡར་དང་སྦྱོང་བརྡར་ནན་པོ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་དཔོན་དམག་ལ་བློ་ཁོག་ཆེན་པོས་སྦྱོང་བརྡར་དང་། ཚན་རིག་དང་མཐུན་པའི་སྦྱོང་བརྡར། བདེ་འཇགས་ལྡན་པའི་སྦྱོང་བརྡར་བཅས་ལ་ཁྲིད་སྟོན་བྱས་ཏེ་སྦྱོང་བརྡར་གྱི་སྤུས་ཚད་མཐོ་རུ་ཏན་ཏིག་གཏོང་དགོས། དམག་དཔུང་འདུས་སྡོད་དང་མི་དམངས་བདེ་འཁོད་མཉམ་འཛིན་དང་། མཐའ་བརྟན་མཐའ་དར་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་བྱས་ཏེ་མཐའ་མཚམས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས“རིག་ལྡན་མཐའ་སྲུང”འཛུགས་སྐྱོང་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས། རྒྱལ་སྲུང་ལ་སྐུལ་སློང་དང་རྗེས་གྲབས་ཀྱི་སྟོབས་ཤུགས་སྐྲུན་ཤུགས་ཆེ་རུ་གཏོང་བ་དང་ཡུལ་དམག་ལ་སྦྱོང་བརྡར་དང་ནང་སྦྱོང་ལ་དམ་འཛིན་ཏན་ཏིག་བྱས་ཏེ་རྗེས་གྲབས་ཀྱི་སྟོབས་ཤུགས་འཛུགས་སྐྱོང་གི་རྨང་གཞི་བརྟན་དུ་གཏོང་དགོས།

    དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་མཐའ་གཅིག་ཏུ་བྱས་ནས་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་དགོས། ཆུ་ཚད་མཐོ་བའི་དུས་བདེའི་བོད་ལྗོངས་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་བརྟན་ལྷིང་སྲུང་སྐྱོང་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་སྲིད་བཀུར་དམངས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་སྤྱི་ཚོགས་བརྟན་ལྷིང་དང་མི་རིགས་མཐུན་སྒྲིལ་གྱི་རྣམ་པ་བཟང་པོ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། དམག་སྲིད་དང་དམག་དམངས་ཀྱི་མཐུན་སྒྲིལ་སྔར་བས་སྲ་བརྟན་དང་འཕེལ་རྒྱས་བཏང་སྟེ་ས་གནས་ཀྱི་དགོས་མཁོ་དང་མང་ཚོགས་ཀྱི་རེ་སྒུག་དང་དམག་དཔུང་གི་ནུས་པ་ཟུང་འབྲེལ་མཐའ་འཁྱོངས་བྱས་ནས་ཞི་མཐུན་གྱི་སྡེ་ཁུལ་མཉམ་དུ་སྐྲུན་པ་དང་། མཉམ་དུ་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་རོགས་རམ། ཤེས་དཔལ་གྱི་སྲོལ་གསར་མཉམ་དུ་གཏོད་པ། སྐྱེ་ཁམས་ཀྱི་ས་གཙང་མཉམ་དུ་གཏོད་པ་སོགས་ཀྱི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་ནས་མི་དམངས་ཕ་མ་ལྟ་བུར་བརྩི་བ་དང་བཅའ་སྡོད་བྱ་ཡུལ་ཕ་ཡུལ་ལ་བརྩི་དགོས།

    ཁྲིམས་བཞིན་དམག་དཔུང་སྐྱོང་བའི་འཐབ་ཇུས་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་ཕྱོགས་ཡོངས་ནས་ཉམས་སད་ཐེག་ཐུབ་པའི་དམག་དཔུང་འཛུགས་སྐྱོང་བྱེད་དགོས། ཁྲིམས་བཞིན་དམག་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་ཁྲིམས་སྐྱོང་གི་བསམ་བློ་དང་ཁྲིམས་སྐྱོང་གི་བྱེད་ཐབས་སྤྱད་དེ་ལས་དོན་སྤེལ་བ་དང་། དམག་དཔུང་ལ་དོ་དམ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་ཁྲིམས་སྲོལ་གྱི་ལམ་ལུགས་ལག་བསྟར་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་ཁྲིམས་སྐྱོང་གི་བགྲོད་ལམ་ཐོག་དམག་དོན་བཅོས་སྐྱོང་གི་ལས་དོན་ཁག་ལ་སྐུལ་འདེད་སྔར་བས་ཡག་པོ་གཏོང་བའི་འགན་ལེན་ཏན་ཏིག་བྱེད་དགོས། དམག་དཔུང་ནན་སྐྱོང་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེ་བཞིན་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུར་སྙིང་རུས་ལྷོད་མེད་ཀྱིས་དམ་འཛིན་ཡག་པོ་བྱེད་དགོས།

    ཝང་ཅུན་ཀྲེང་གིས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ་དང་། བརྩེ་སེམས་ཟབ་མོའི་སྒོ་ནས་དཔོན་དམག་གི་ཁེ་ཕན་དང་འབྲེལ་བ་ཡོད་པའི་བྱ་བ་དངོས་ཡག་པོ་སྒྲུབ་པ། དམག་ཞབས་ཐིམ་པའི་དམག་མིར་ཞབས་ཞུ་དང་དོ་དམ་གྱི་ལས་དོན་ཡག་པོ་སྒྲུབ་པ། གཉིས་བཀུར་གྱི་ལས་དོན་དང་རྒྱལ་སྲུང་གི་སློབ་གསོ་རྒྱུན་ཆད་མེད་པར་སྤུས་ཚད་མཐོ་རུ་གཏོང་བ་དང་ཕན་འབྲས་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས་དུས་རབས་གསར་པའི་མི་དམངས་དམག་འཁྲུག་ལ་རྒྱལ་ཁ་ལེན་པའི་བརྗིད་ཆེའི་སྟོབས་ཤུགས་རྒྱ་ཁྱབ་ངང་གཅིག་ཏུ་སྒྲིལ་དགོས་ཞེས་ནན་བཤད་གནང་བ་རེད།

    བོད་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་ཆབ་སྲིད་ཨུ་ཡོན་དབྱི་ཧུང་ཤིང་དང་བོད་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་སི་ལིང་ཡོན་ཝང་ཁའེ་ཡིས་གསུང་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།