དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • གནམ་ལྕགས་འབར་བ་——བོད་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཀྱི་གླེང་སྟེཌ་སྐབས་དང་པོ་གཟབ་རྒྱས་ངང་འགོ་ཚུཌ་པ།

    ཡན་ཅིན་ཧའེ་དང་། ཧོང་རུན་ཆིའུ། ཀྲོའུ་ཆི་བཅས་ཀྱིས་ཤིས་ཚིག་གསུངས་པ་དང་། ལྷན་དུ་འགོ་ཚུགས་ཆུ་ཤེལ་སྤོ་ལོ་སྐོར་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-12

    ཚེས་10ཉིན་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་། སྐྱེ་ཁམས་ཁོར་ཡུག་པུའུ། ཚན་རྩལ་པུའུ་དང་ཀྲུང་གོ་ཚན་རིག་ཁང་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པའི་གནམ་ལྕགས་འབར་བ་—བོད་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཀྱི་གླེང་སྟེགས་སྐབས་དང་པོ་ཉིང་ཁྲིར་གཟབ་རྒྱས་ངང་འགོ་ཚུགས་པ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་དང་། སྐྱེ་ཁམས་ཁོར་ཡུག་པུའི་པུའུ་ཀྲང་ཧོང་རུན་ཆིའུ། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཀྲང་གཞོན་པ་ཀྲོའུ་ཆི་བཅས་ཀྱིས་ཤིས་ཚིག་གསུངས་པ་དང་ཆབས་ཅིག་ལྷན་དུ་འགོ་ཚུགས་ཀྱི་ཆུ་ཤེལ་སྤོ་ལོ་སྐོར་འགོ་ཚུགས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཤའོ་ཡིའུ་ཚའེ་ཡིས་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོ་གཙོ་སྐྱོང་གནང་བ་རེད། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་འཇམ་དཔལ་དང་། ཝེ་ཤིའུ་ཁྲང་། ཚེ་རིང་ཕུན་ཚོགས། མོང་ཞའོ་ལིན། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་ཡའོ་ཐན་ཏུང་དང་། ཏིང་ལིན། ཧོང་ཅན་ཕིང་། ཕེའོ་ཧྲེ་ལུང་། ཀྲུའུ་ཐུང་། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་ཝང་ཅིན་ནན་དང་། རྡོ་རྗེ། ཞུས་ཞང་ཏེ། དབྱིན་ཡུས་ལུང་། ཧྥེང་ཆི་བཅས་ཚོགས་འདུར་ཞུགས་པ་རེད།

    སྐབས་འདིའི་གླེང་སྟེགས་ཀྱིས“ཚན་ཞིབ་ལ་བརྟེན་ནས་ས་མཐོའི་ཁོར་ཡུག་འགྱུར་ལྡོག་གི་རྐྱེན་རྩ་གསལ་རྟོགས་བྱེད། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་མཉམ་དུ་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་། དེའི་དམིགས་ཡུལ་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་དང་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་ནས་དུས་རབས་གསར་པའི་བོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་གྲུབ་འབྲས་མཉམ་སྤྱོད་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལ་མཉམ་དུ་གྲོས་བསྡུར། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་མཉམ་དུ་སྐྲུན་པ་བཅས་བྱེད་རྒྱུ་དེ་རེད།

    ཡན་ཅིན་ཧའེ་ཡིས་ཤིས་ཚིག་གསུང་སྐབས། བོད་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱེད་པ་ནི་འགན་འཁྲི་དང་ལེགས་ཆ་ཡིན་ལ་མི་མངོན་པའི་སྟོབས་ཤུགས་དང་འབྱུང་འགྱུར་གྱི་རེ་བ་ཡང་ཡིན། མཐོ་ས་འདི་ལས་གནམ་འོག་ཡིད་ལ་འཆང་བ་དང་ཕན་འབྲས་བསྐལ་བརྒྱར་ཐོན་པའི“གནས་བབ་མཐོ་པོ”དང་། རི་སྔོན་ཆུ་དྭངས་དང་གངས་རི་འཁྱགས་ཀླུང་གི“མཛེས་ལྗོངས་ཡག་པོ” ལྗང་མདོག་འཕེལ་རྒྱས་དང་སྐྱེ་ཁམས་དམངས་ཕན་གྱི“རིན་ཐང་ཆེན་པོ” རང་བྱུང་ལ་བརྩི་འཇོག་དང་ཚེ་སྲོག་ལ་གུས་བཀུར་གྱི“གོ་རྟོགས་མཐོ་པོ”བཅས་མངོན་ཡོད། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པའི་ཁྲིད་སྟོན་འོག བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས“སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ”མཐའ་འཁྱོངས་དང་། སྐྱེ་ཁམས་སྲུང་སྐྱོང་ལམ་ལུགས་ནན་ཤོས་མཐའ་འཁྱོངས། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་སྤྱི་འདོམས་སྐུལ་འདེད། “ས་གཞི་སྔོ་ལྗང་ཅན”དང“མང་ཚོགས་ཀྱི་འབབ་འཕར”ལ་སྤྱི་འདོམས་སྐུལ་འདེད། སྐྱེ་ཁམས་རིག་གནས་སྔོག་འདོན་དང་རྒྱུན་འཛིན་ཤུགས་ཆེན། སྐྱེ་ཁམས་ཤེས་དཔལ་འཛུགས་གཏོད་གཏིང་ཟབ་བཅས་བྱས་པས་བོད་ནི་སྔར་བཞིན་འཛམ་གླིང་ཐོག་གི་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་ལེགས་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་རེད། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱེད་པ་ནི་ཐུན་མོང་གི་འགན་འཁྲི་དང་གཟི་བརྗིད་ལྡན་པའི་ལས་འགན་ཞིག་ཡིན་པས། ཚང་མས་ད་ཐེངས་ཀྱི་གླེང་སྟེགས་གོ་སྐབས་སུ་བཟུང་སྟེ་བློ་གྲོས་ཀྱི་ཐབས་འདོན་པ་དང་། ཇུས་འགོད་ཡག་པོ་བྱེད་པ། བྱ་ཐབས་དངོས་འདོན་པ་བཅས་བྱས་ནས་དུས་བབ་གསར་པར་དམིགས་པ་དང་། བསམ་ཕྱོགས་གསར་པ་འཚོལ་ཞིབ་བྱེད་པ། ཐབས་ལམ་གསར་པ་མཉམ་དུ་འཚོལ་བ་བཅས་བྱས་ཏེ། གླེང་སྟེགས་འདི་ཉིད་རྒྱལ་ཡོངས་ཙམ་མ་ཟད་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་ཤེས་དཔལ་གྱི་གླེང་སྟེགས་གྲགས་ཅན་དང་སྐྱེ་ཁམས་ཇུས་འདོན་ཚོགས་པའི་རྩེར་སོན་ལས་སྟེགས་ཤིག་ཏུ་བཏོད་ནས། གནམ་ལྕགས་འབར་བ་དང་འདྲ་བར་རི་ཚོགས་ཁྲོད་འགྱིང་ངེར་གནས་ཐུབ་པར་བྱེད་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།

    ཧོང་རུན་ཆིའུ་ཡིས་ཤིས་ཚིག་གསུང་སྐབས། བོད་ནི་མཚོ་བོད་ས་མཐོའི་གྲུབ་ཆ་གཙོ་བོ་དང་། རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན་ཞིག་རེད། “ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ་སྐྱེ་ཁམས་ཁོར་ཡུག་པུས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཁ་གཏད་བོད་སྐྱོར་གྱི་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་བོད་ཀྱིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་རྒྱུར་རྒྱབ་སྐྱོར་བྱས་པར་གྲུབ་འབྲས་བཟང་པོ་ཐོབ་ཡོད། གོམ་སྟབས་རྗེས་མར་ང་ཚོས་མཚོ་བོད་ས་མཐོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱེད་རྒྱུ“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པའི་བྱ་སྤྱོད་དངོས་ལ་བརྩིས་ནས་མུ་མཐུད་སྲིད་ཇུས་དང་། མ་དངུལ། ཤེས་ལྡན་པ། ལག་རྩལ་སོགས་ཀྱི་བོད་སྐྱོར་བྱ་ཐབས་སྤྱོད་ཤུགས་ཆེ་རུ་བཏང་སྟེ་འཐབ་ཇུས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཀྱི་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་རྒྱུ་དང་། བརྒྱུད་རིམ་ལྡན་པའི་བསམ་གཞིག་མཐའ་འཁྱོངས་ཀྱིས་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ཟམ་མི་ཆད་པར་སྲ་བརྟན་དང་མཐོ་རུ་གཏོང་རྒྱུ། མཐའ་ཚད་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་ཏན་ཏིག་བྱེད་རྒྱུ། རྩོད་སྒྲུབ་ཀྱི་བསམ་གཞིག་མཐའ་འཁྱོངས་ཀྱིས་སྤུས་ཚད་མཐོ་བའི་སྐྱེ་ཁམས་ཁོར་ཡུག་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པ་དང་། བོད་ཀྱིས་ས་མཐོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་འཛུགས་སྐྲུན་ཡག་པོ་བྱས་ནས། ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།

    ཀྲོའུ་ཆིས་ཤིས་ཚིག་གསུང་སྐབས། མཚོ་བོད་ས་མཐོའི་ཚན་རིག་རྟོག་ཞིབ་བྱེད་ཐེངས་གཉིས་པ་ནི་དུས་རབས་འབྱེད་པའི་བརྒྱུད་རིམ་ལྡན་པའི་ཚན་རིག་འདུ་འགོད་ཅིག་རེད། ཀྲུང་གོ་ཚན་རིག་ཁང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་སྔར་རྒྱུན་བཞིན་ཀྲུང་གོ་ཚན་རིག་ཁང་གི་རིག་ཚན་མང་བའི་མ་ལག་ཅན་དང་སྒྲིག་ཚུད་ཅན་གྱི་ལེགས་ཆ་བཏོན་ཏེ། ཚན་རིག་རྟོག་ཞིབ་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མིའི་ཚན་པ་ཁག་དང་མཉམ་དུ་མཚོ་བོད་ས་མཐོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་རྒྱལ་ཁབ་ཀྱི་དགོས་མཁོ་གལ་ཆེན་ལ་དམིགས་ནས་རྒྱལ་སྤྱིའི་མཉམ་འབྲེལ་ཚན་རིག་རྟོག་ཞིབ་ལ་སྐུལ་འདེད་གཏོང་བ་དང་། མཚོ་བོད་ས་མཐོའི་ཚན་རིག་ཤེས་བྱ་ཁྱབ་གདལ་གཏོང་ཤུགས་ཆེ་རུ་གཏོང་བ། མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག་ལས་དོན་རྒྱུན་མཐུད་ཡག་པོ་སྒྲུབ་པ། མི་དམངས་དང་འཛམ་གླིང་ལ་འགན་འཁུར་བ་བཅས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་གྱི་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།